ཀྲུང་གུང་ཀྲུང་དབྱང་གཞུང་དོན་ཐིང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས། 《གྲོང་གསེབ་བཅོས་སྐྱོང་ལ་ཤུགས་སྣོན་དང་ལེགས་སུ་གཏོང་རྒྱུའི་སྐོར་གྱི་མཛུབ་ཁྲིད་བསམ་འཆར》བཀྲམ་པ། ཞི་ཅིན་ཕིང་གིས་ཅིན་ཀྲེང་ཨེན་དང་གྲོས་མོལ་གནང་བ། ཞི་ཅིན་ཕིང་ཅིན་ཀྲེང་ཨེན་གྱིས་བཤམས་པའི་དགའ་བསུ་ཞུ་བའི་གསོལ་སྟོན་ལ་ཕེབས་པ། ལི་ཁེ་ཆང་གིས་ཨོ་སི་ཁྲུ་རི་ཡའི་ཙུང་ལི་ཁུའུ་ཨར་ཚི་དང་གྲོས་མོལ་མཛད། པདྨ་ཚེ་བརྟན་དང་ཁོའི《ལག་དམར》ཅེས་པའི་གློག་བརྙན་དེ་རྒྱལ་ཡོངས་ནས་དངོས་སུ་བསྟན། འཛམ་གླིང་ཐོག་གི་ས་བབ་མཐོ་ཤོས་ཀྱི་ཕུག་ལམ་རིང་ཤོས་སུ་རླངས་འཁོར་ཤར་གཏོང་ཐུབ་པ། སྐབས་གཉིས་པའི་རྒྱུད་གཅིག་ལམ་གཅིག་གི་རྒྱལ་སྤྱིའི་མཉམ་ལས་མཐོ་རིམ་གླེང་སྟེགས་ཀྱི་སྒྲོག་སྒོར་དབུ་ཚོགས་འཚོགས་པ་དང་། ཞི་ཅིན་ཕིང་གིས་གཙོ་སྐྱོང་གནང་བ་མ་ཟད་ཤིས་ཚིག་གནང་བ། ཞི་ཅིན་ཕིང་གིས་དབྱི་ཊ་ལིའི་ཙུང་ལི་ཁུང་ཐེ་དང་མཇལ་འཛོམས་གནང་བ། “རྒྱུད་གཅིག་ལམ་གཅིག”གི་སྐོར་གླེང་སྐབས་བོད་ལྗོངས་མི་དམངས་ཀྱིས་ཅི་ཟེར་རམ། བོད་ལྗོངས་ཀྱི་དགེ་འདུན་པ་བཅུ་གཉིས་ལ་བོད་བརྒྱུད་ནང་བསྟན་དགེ་ལུགས་པའི་ཆེས་མཐོའི་མཚན་གནས་དགེ་བཤེས་ལྷ་རམས་པ་ཐོབ།
ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > བོད་ལྗོངས་གསར་འགྱུར།

བོད་ལྗོངས་ཀྱི་ས་ཆ་མང་པོར་བཙའ་གཟེར་འཇགས་པའི་གཤགས་བཅོས་ལག་བསྟར་བྱས་ནས་སྦྲུམ་མ་དང་ཕྲུ་གུའི་བདེ་ཐང་ལ་རམ་སྐྱོར་བྱས།

སྤེལ་དུས 2019-11-08 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ། པདྨ་རྒྱལ་གྱིས་བསྒྱུར།
          ཀྲུང་གོའི་བོད་ལྗོངས་དྲ་བའི་འཕྲིན། ཉེ་ཆར། “ཚོགས་སྒྲིག་རྣམ་པའི”བོད་སྐྱོར་སྨན་པའི་ཧུར་བརྩོན་སྒོས་སྐུལ་འདེད་བྱས་ཏེ།  བོད་རང་སྐྱོང་ལྗོངས་ཆབ་མདོ་གྲོང་ཁྱེར་མི་དམངས་སྨན་ཁང་གིས་བཙའ་གཟེར་འཇགས་པའི་གཤགས་བཅོས་ཐེངས་དང་པོ་ལག་བསྟར་བྱས་པས།  རང་སྨན་ཁང་གི་རྣམ་གྲངས་འདིའི་ལག་རྩལ་ཐད་ཀྱི་སྟོང་ཆ་བསྐངས་ཤིང་།  སྦྲུམ་མ་དང་ཕྲུ་གུ་དམར་འབྱར་གྱི་བདེ་ཐང་ལ་ཕན་པ་ཆེན་པོ་ཐོབ་ཡོད།

འདི་ནི་ཀྲུང་ཧྲན་སློབ་ཆེན་སུན་དབྱི་ཤན་དྲན་གསོ་སྨན་ཁང་གི་བོད་སྐྱོར་སྨན་བཅོས་རུ་ཁག་གིས་བོད་རང་སྐྱོང་ལྗོངས་གཞིས་རྩེ་གྲོང་ཁྱེར་འབྲོང་པ་རྫོང་མི་དམངས་སྨན་ཁང་དུ་ན་གཟེར་མེད་བུ་བཙའ་བདེ་ལེགས་ངང་སྤེལ་བའི་རྣམ་པ།
          “བཙའ་གཟེར་འཇགས་པ”ཞེས་པ་ནི་སྤྱིར་བཏང་དུ་ན་གཟེར་མེད་པར་ཕྲུ་གུ་སྐྱེ་བ་ལ་ཟེར་ཞིང་།  དེ་ནི་སྨན་བཅོས་ལག་རྩལ་སོགས་ཀྱི་ཐབས་ལམ་བརྒྱུད་ནས་།  ཕྲུ་གུ་སྐྱེ་སྐབས་ཨ་མ་རྣམས་ཀྱི་ན་ཟུག་ཆུང་དུ་གཏོང་བ་དང་།  ཕྲུ་གུ་སྐྱེ་སྐབས་ཀྱི་དངངས་སྐྲག་དང་ཕྲུ་གུ་སྐྱེས་རྗེས་ཀྱི་ངལ་དུབ་ཆུང་དུ་གཏོང་ཆེད་ཡིན། མིག་སྔར། རྒྱལ་སྤྱིའི་གསོ་རིག་ཁྱབས་ཁོངས་སུ་རྒྱ་ཁྱབ་ཏུ་བེད་སྤྱོད་གཏོང་བའི་ཐབས་ལམ་ནི། སྨན་པས་སྦྲུམ་མའི་སྒལ་ཚིགས་ཕྱི་རིམ་གྱི་སྲ་སྐྱིའི་ནང་ལ་སྦྲིད་སྨན་བརྒྱབ་སྟེ། སྦྲུམ་མའི་ཚང་ཁོག་གི་ཤ་གནད་ལྷོད་དུ་བཅུག་ནས། ཕྲུ་གུ་བཙའ་དུས་ཀྱི་ན་ཟུག་ཇེ་ཆུང་དུ་གཏོང་བཞིན་ཡོད་ལ།དེ་ལྟར་བྱས་ན། སྦྲུམ་མའི་ན་ཟུག་ཇེ་ཆུང་དུ་འགྲོ་བར་མ་ཟད།རྣམ་རིག་གསལ་བོ་ཡིན་ལ་འགུལ་བསྐྱོད་ཀྱང་རྒྱུན་ལྡན་ཡིན་པས།ཕྲུ་གུ་བདེ་བླག་ངང་བཙའ་ཐུབ་པ་རེད།
          རྒྱུས་ལོན་བྱུང་བའི་གནས་ཚུལ་ལྟར་ན། ཐེངས་འདིར་ཆབ་མདོ་གྲོང་ཁྱེར་མི་དམངས་སྨན་ཁང་གིས་ལག་བསྟར་བྱས་པའི་བཙའ་གཟེར་འཇགས་པའི་གཤགས་བཅོས་ནི་བོད་སྐྱོར་ཆེད་མཁས་པར་བརྟེན་ཞིང་། མོ་ནད་བུ་བཙའི་ཚན་ཁག་གི་སྨན་བཅོས་མི་སྣ་ཚོས་ཤུགས་བཏོན་པ་ཡིན། སྦྲུམ་མར་སྦྲིད་སྨན་བརྒྱབ་རྗེས། སྨན་བཅོས་མི་སྣས་སྦྲུམ་མའི་བརྒྱུད་རིམ་ཧྲིལ་པོར་ལྟ་ཞིབ་ཚད་ལེན་བྱས་པ་དང་།ཕྲུ་གུ་བཙའ་བའི་བརྒྱུད་རིམ་ཁྲོད། སྦྲུམ་མའི་འགུལ་སྐྱོད་དང་རྣམ་འགྱུར་རྒྱུན་ལྡན་ཡིན་པར་མ་ཟད། རང་ཚུགས་ཀྱིས་བཟའ་བཏུང་ལ་རོལ་ཐུབ་ཅིང་། མཐར་ཆུ་ཚོད9བརྒྱུད་རྗེས་ཕྲུ་གུ་བདེ་བླག་ངང་བཙས་པ་རེད།
          གསར་འགོད་པས་རྒྱུས་ལོན་པ་ལྟར་ན། དེ་ནི་བོད་རང་སྐྱོང་ལྗོངས་ཀྱི་བཙའ་གཟེར་འཇགས་པའི་གཤགས་བཅོས་ཐེངས་དང་པོ་དེ་མིན་ཏེ། ལྷོ་ཁ་གྲོང་ཁྱེར་ཆུ་གསུམ་རྫོང་དང་།ལྷ་ས་གྲོང་ཁྱེར་ལྷུན་གྲུབ་རྫོང་། གཞིས་རྩེ་གྲོང་ཁྱེར་འབྲོང་པ་རྫོང་། ནག་ཆུ་གྲོང་ཁྱེར་འབྲི་རུ་རྫོང་སོགས་སུ་2018ལོ་དང་། 2019ལོར་སྔ་རྗེས་སུ་ལག་རྩལ་དེ་ལག་བསྟར་བྱས་ཟིན་པ་རེད།
          འདི་ལོའི་ཟླ་7པའི་ཚེས་16ཉིན། བོད་རང་སྐྱོང་ལྗོངས་གཞིས་རྩེ་གྲོང་ཁྱེར་འབྲོང་པ་རྫོང་མི་དམངས་སྨན་ཁང་གིས་བཙའ་གཟེར་འཇགས་པའི་གཤགས་བཅོས་བདེ་ལེགས་ངང་ལག་བསྟར་བྱས་ཤིང་། འདིའང་རྒྱལ་ནང་གི་མཐོ་ངོས་ལས་མཐོ་ཚད་སྨི4700ཡན་གྱི་བཙའ་གཟེར་འཇགས་པའི་གཤགས་བཅོས་བརྒྱུད་ནས་བཙས་པའི་ཕྲུ་གུ་ཐོག་མ་དེ་ཡིན་པ་རེད།
          འདིའི་ཐད་ལ། ཐེངས་འདིའི་སྦྲིད་སྨན་གཤགས་བཅོས་བྱེད་མཁན་གྱི་སྨན་པ་དང་། ཀྲུང་ཧྲན་སློབ་ཆེན་སུན་དབྱི་ཤན་དྲན་གསོ་སྨན་ཁང་གི་བོད་སྐྱོར་སྨན་བཅོས་རུ་ཁག་གི་རུ་མི་ལིའུ་ཕུའུ་ཉིང་གིས་བཅར་འདྲི་དང་ལེན་བྱེད་སྐབས་ཁོང་གིས“ས་བབས་མཐོ་བའི་རྐྱེན་གྱིས་དབྱང་རླུང་གི་འདུས་ཚད་ཉུང་བས། སྦྲུམ་མའི་དབྱང་རླུང་གི་གསོག་ཚད་ཉུང་བ་དང་། སྨན་བསྟེན་གཟེར་འཇགས་ཀྱིས་ཚད་ངེས་ཅན་ཞིག་གི་སྟེང་ནས་སྦྲུམ་མའི་འབྱིན་རྔུབ་དང་ཁྲག་རྒྱུན་མ་ལག་ལ་ཤུགས་རྐྱེན་ཐེབས་པས། འདི་ནི་སྦྲིད་སྨན་སྨན་པ་དང་གཤགས་བཅོས་སྨན་པ་ཚང་མར་མཚོན་ནས་བཤད་ན། དཀའ་ཁག་ཆེན་པོ་ཞིག་རེད”ཅེས་གསུངས་བྱུང་། 
          ངོ་སྤྲོད་བྱས་པ་ལྟར་ན། བཙའ་གཟེར་འཇགས་པའི་ལག་རྩལ་བཀོལ་སྤྱོད་བྱེད་པ་དེས་སྦྲུམ་མའི་ན་ཟུག་ཆུང་དུ་གཏོང་བ་དང་ཕྲུ་གུ་སྐྱེ་བའི་དུས་ཡུན་ཇེ་ཐུང་དུ་གཏོང་ཐུབ་པ་རེད། སྨན་བཅོས་ཐད་ནས་བོད་ལ་རོགས་སྐྱོར་བྱེད་ཚད་ཇེ་ཟབ་ཏུ་སོང་བ་དང་བསྟུན་ནས། བོད་རང་སྐྱོང་ལྗོངས་སུ་བཙའ་གཟེར་འཇགས་པའི་ལག་རྩལ་སྤྱོད་མཁན་གྱི་སྨན་བཅོས་ལས་ཁུངས་ཇེ་མང་དུ་འགྲོ་ངེས་ཡིན་ལ། འདིས་སྦྲུམ་མ་ཕྲུ་གུ་སྐྱེ་བར་འཇིགས་སྣང་སྐྱེས་པ་དང་ན་ཟུག་ཇེ་ཆུང་དུ་གཏོང་བས། གོམ་གང་མདུན་སྤོས་ཀྱིས་སྦྲུམ་མ་དང་ཕྲུ་གུའི་བདེ་ཐང་གི་ཆུ་ཚད་ཇེ་མཐོར་གཏོང་ཐུབ་ངེས་ཡིན། 
རྩོམ་སྒྲིག་པ། རིག་གྲོལ།