དགུན་དུས་བོད་ལྗོངས་སུ་གནས་སྐོར་དུ་ཡོང་མཁན་རིམ་བཞིན་ཇེ་མང་དུ་གྱུར། གྲོང་ཚོར་དགུན་ཁའི་གུང་གསེང་གི་གསབ་སྦྱོང་འཛིན་གྲྭ་གཉེར་བ། མཚོ་སྔོན་གྱིས་ཆུ་བོ་དང་མཚོའི“གང་བྱུང་བཞིའི” གནད་དོན་756དག་ཐེར་བྱས་པ། བདེན་འཚོལ་དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལོ་རྒྱུས་དངོས་གཙོ་རིང་ལུགས་རྒྱུན་འཁྱོངས་ཀྱིས་དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་འཕེལ་རྒྱས་ཀྱི་མཐོ་ཚད་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་ཞེས་པ་སྤེལ་བ། བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པ་གཟབ་རྒྱས་ངང་འགོ་ཚུགས་པ། མང་ཚོགས་ཀྱི“མགྲིན་ཚབ་པ”ཡག་པོ་ཞིག་བྱེད་ཀྱི་ཡིན། “པེ་ཅིང་དུ་འཛོམས་པ”ཞེས་པའི་སྐབས་དང་པོའི་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་དང་འཛམ་གླིང་ཐང་གའི་སྒྱུ་རྩལ་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་སྤེལ་བ། 2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > བོད་ལྗོངས་གསར་འགྱུར།

བོད་ལྗོངས་ཀྱི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཀྱིས《སྲོལ་ཡིག》ལ་གྲོས་བསྡུར་འཁྲུག་པོ་བྱས་པ།

སྤེལ་དུས 2020-01-23 ཡོང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ། རྩོམ་པ་པོ།
            “ལོ་ངོ་60ལྷག་ཙམ་རིང་ང་ཚོའི་གྲོང་ཚོའི་མི་སེར་ཚོ་རི་སྟེང་ནས་རི་གཤམ་དུ་སྤོས་ཏེ་དབུལ་ཕོངས་དང་ལྟོ་གོས་ཀྱི་གནད་དོན་ཐག་གཅོད་ཐུབ་པ་ནས་འབྱོར་ཕྱུག་བར་གྱི་གནམ་ས་བླ་འོག་ཏུ་འགྱུར་བ་ལྟ་བུའི་འགྱུར་ལྡོག་བརྒྱུད་ཡོད། གལ་ཏེ་མི་རིགས་མཐུན་སྒྲིལ་ཆེ་མོ་མེད་ཚེ་བརྟན་ལྷིང་གི་སྤྱི་ཚོགས་ཁོར་ཡུག་མེད་པ་མ་ཟད་ང་ཚོའི་ད་ཆའི་བདེ་སྐྱིད་ལྡན་པའི་འཚོ་བའང་ཡོང་མི་སྲིད། ངས《སྲོལ་ཡིག》ལ་བརྩི་བཀུར་དང་རྒྱབ་སྐྱོར་མཐའ་གཅིག་ཏུ་བྱ་རྒྱུ་ཡིན”ཞེས་ཉེ་ཆར《བོད་རང་སྐྱོང་ལྗོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་བཟང་ཁུལ་འཛུགས་གཏོད་བྱེད་རྒྱུའི་སྲོལ་ཡིག》(གཤམ་དུ《སྲོལ་ཡིག》ཅེས་བསྡུ་རྒྱུ)ལ་མོས་ཤོག་ཆ་ཚང་ཐོབ་ནས་གྲོས་འཆམ་བྱུང་བའི་གཏམ་བཟང་སྨན་གླིང་རྫོང་གནས་ཡུལ་ལྷོ་པ་མི་རིགས་ཤང་དུ་བསྒྲགས་སྐབས་གནས་ཡུལ་ཤང་ཁྱུང་གླིང་གྲོང་ཚོའི་ལོ་71ལ་སླེབས་པའི་ཏང་ཡོན་རྒན་གྲས་ཡར་རྒྱས་ཀྱིས་བཤད་པ་རེད།
            《སྲོལ་ཡིག》ནི་རང་སྐྱོང་ལྗོངས་ཀྱི་རིམ་ངོས་ནས་བཏོན་པའི་མི་རིགས་ལས་དོན་སྐོར་གྱི་བཅའ་ཁྲིམས་དང་ཁྲིམས་སྲོལ་དང་པོ་དེ་ཡིན་ཞིང་། 《སྲོལ་ཡིག》བཏོན་པ་དེ་ནི་མཐའ་སྐྱོང་བོད་བརྟན་དང་མི་རིགས་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་དང“མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་བརྒྱབ་ནས་མཛེས་སྡུག་ལྡན་པའི་བོད་ལྗོངས་འཛུགས་སྐྲུན་བྱེད་དགོས་པའི”མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་རང་ལྗོངས་སུ་གསོན་ཉམས་དོད་པའི་སྒོ་ནས་ལག་ལེན་བསྟར་བ་ཞིག་ཡིན་པས་མི་རིགས་ལས་དོན་ཁྲིམས་སྐྱོང་ཅན་གྱི་སྲོལ་ལམ་ནང་བཅུག་སྟེ་བོད་དུ་ཏང་གིས་སྲིད་སྐྱོང་བའི་མང་ཚོགས་ཀྱི་རྨང་གཞི་སྔར་བས་བརྟན་དུ་གཏོང་བ་དང་མེས་རྒྱལ་གཅིག་གྱུར་དང་། མི་རིགས་མཐུན་སྒྲིལ། སྤྱི་ཚོགས་བརྟན་ལྷིང་། རྒྱལ་ཁབ་བདེ་འཇགས་བཅས་སྲུང་སྐྱོང་བྱེད་པའི་ཐད་མི་སེམས་གཅིག་སྒྲིལ་དང་། སྟོབས་ཤུགས་གཅིག་སྡུད། རྨང་གཞི་བརྟན་གཏོང་བཅས་ཡོང་བར་བཅའ་ཁྲིམས་ཀྱི་གཞི་འཛིན་ས་གལ་ཆེན་ཚད་གཞི་མཐོ་ཤོས་ཀྱི་སྒོ་ནས་མཁོ་འདོན་བྱས་ཡོད།
            ལྷོ་ཁ་གྲོང་ཁྱེར་འཕྱོངས་རྒྱས་རྫོང་རྒྱལ་སྨན་ཤང་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་ཤང་ཀྲང་ཀྲོའུ་ཕིང་ལྷོ་ཁར་འཚར་ལོངས་བྱུང་ཞིང་། ཁོང་ནི“བོད་ཕྲུག་མི་རབས་གཉིས་པ”འཁྲུལ་མེད་ཅིག་ཡིན་ལ“མཐུན་སྒྲིལ་གྱི་ཁྱིམ་ཚང”ཞིག་ཀྱང་ཡིན་ཞིང་། ཁོང་གི་བཟའ་ཟླ་མིག་དམར་ཚེ་རིང་ནི་ལྷོ་ཁ་བ་རེད། ཁྱོ་ཤུག་གཉིས་ཀྱི་འཚོ་བའི་གོམས་གཤིས་དང་རིག་གནས་ཀྱི་རྒྱབ་ལྗོངས་ལ་ཧེ་བག་ཡོད་མོད། འོན་ཀྱང་གཉེན་སྒྲིག་བྱས་རྗེས་ཀྲོའུ་ཕིང་གིས་བོད་སྐད་སྦྱངས་པ་དང་མིག་དམར་ཚེ་རིང་གིས་རྒྱ་སྐད་སྦྱངས་ཏེ་ཁྱོ་ཤུག་གཉིས་ཕན་ཚུན་བསྟུན་མཁས་ཀྱིས་འཚོ་བ་སྐྱིད་པོ་ཞིག་སྐྱེལ་བཞིན་ཡོད།
            ཕྱོགས་ཡོངས་ནས་འབྱོར་འབྲིང་སྐྲུན་པའི་ལམ་དུ་མི་རིགས་གཅིག་ཀྱང་མི་ལུས་པ་བྱེད་དགོས། 2016ལོར་ཀྲོའུ་ཕིང་དམག་ཁོངས་ནས་ཕྱིར་ལོག་རྗེས་གཞུང་ལས་པའི་ཡིག་རྒྱུགས་འཕྲོད་དེ་རྒྱལ་སྨན་ཤང་དུ་ལས་ཀར་ཞུགས། དེ་གའི་མང་ཚོགས་ལ་བདེ་སྐྱིད་ལྡན་པའི་འབྱོར་འབྲིང་འཚོ་བ་སྐྱེལ་དུ་འཇུག་ཆེད་ཀྲོའུ་ཕིང་གིས་རྒྱལ་སྨན་ཤང་གི་ཐོན་ལས་འཕེལ་རྒྱས་ཀྱི་དཀའ་གནད་ལ་དམིགས་ཏེ་བརྟག་ཞིབ་བྱས་རྗེས“བོད”རྟགས་ཅན་གྱི་ཐོན་ཟོག་གི་ལེགས་ཆ་འདོན་སྤེལ་བྱས་ནས་བོད་བྱ་གསོ་སྤེལ་ལས་རིགས་འཕེལ་རྒྱས་ཤུགས་ཆེན་གཏོང་བའི་སེམས་ཐག་བཅད། ཡུལ་མིས་ལག་རྩལ་མ་ཤེས་སྟབས་ཁོང་གིས་ཡུལ་དེའི་མང་ཚོགས་ནང་སར་གསོ་སྤེལ་ལག་རྩལ་སྦྱོང་བར་བཏང་བ་དང་ཞིང་ཕྱུགས་ཐོན་ཟོག་ལས་སྣོན་ལག་རྩལ་ནང་འདྲེན་བྱས་ཏེ་མང་ཚོགས་ཐོན་ལས་ཀྱི་བཟོ་པར་གྱུར་ཡོད། ད་ཆ་ཀྲོའུ་ཕིང་གི་སྣེ་ཁྲིད་འོག་རྒྱལ་སྨན་ཤང་གིས་རིམ་རྩིས་བརྒྱབ་ན་ཐོན་ལས་མ་དངུལ་སྒོར་ཁྲི་400ལྷག་ཙམ་བཏང་བས་ཁོང་ལ་མང་ཚོགས་ཀྱི་ཡིད་ཆེས་ཆེན་པོ་ཐོབ་པ་དང་ཁོང་གིས་ཡུལ་དེའི་མང་ཚོགས་ཀྱི་ཐོན་ཁུངས་ཀྱི་ལེགས་ཆ་དཔལ་འབྱོར་གྱི་ལེགས་ཆར་འགྱུར་རོགས་བྱས་པ་མ་ཟད། ད་དུང་བོད་རིགས་མང་ཚོགས་དང་བརྩེ་བའང་ཟབ་ཏུ་སོང་ཡོད།
            ཁྲེང་ཀོན་ཆུས་རྗེ་འབུམ་སྒང་ཁྲོམ་གཞུང་རྗེ་འབུམ་སྒང་སྡེ་ཁུལ་གྱི་བ་ཏི་བླ་བྲང་སྒོ་རའི་ནང་གི་མོའུ་ཏུང་ཏུང་ལོ་11སྐབས་ཕ་མ་དང་མཉམ་དུ་ཀན་སུའུ་ཞིང་ཆེན་ཀ་ཆུ་ཧུད་རིགས་རང་སྐྱོང་ཀྲོའུ་ནས་རྗེ་འབུམ་སྒང་སྡེ་ཁུལ་དུ་སླེབས་ཏེ་དེ་གར་ལོ་19བསྡད་པ་དང་། སློབ་གྲྭ་འགྲིམས་པ་ནས་གླ་པ་རྒྱུག་པ་དང་ཚོང་རྒྱག་པའི་བར་མོའུ་ཏུང་ཏུང་གིས་རྗེ་འབུམ་སྒང་སྡེ་ཁུལ་གྱི་འགྱུར་ལྡོག་བརྒྱུད་མྱོང་ཡོད།
            “གྲོང་མི་ཨུ་ལྷན་དུ་ཞའོ་མོའུ་ཐེངས་དང་པོ་མཐོང་སྐབས་གཟུགས་ཚད་སྨི་གཅིག་ལྷག་ཙམ་ལས་མེད་པའི་ཕྲུ་གུ་ཞིག་ཡིན་ཞིང་། ད་ཆ་གཟུགས་སྟོབས་ཆེ་བའི་ཕྲུ་གུའི་པ་ཕ་ཞིག་ཏུ་གྱུར་ཡོད། ཞའོ་མོའུ་ནི་ང་ཚོའི་མིག་མདུན་དུ་འཚར་ལོངས་བྱུང་བ་ཞིག་ཡིན་ལ་བོད་རིགས་དང་ཧུད་རིགས་ཁྱིམ་ཚང་གཅིག་ལྟར་བརྩེ་བ་ནི་ལོ་འདི་དག་རིང་ང་ཚོའི་འདི་གའི་མཚོན་ཚུལ་དངོས་ཤིག་རེད”ཅེས་རྗེ་འབུམ་སྒང་སྡེ་ཁུལ་གྲོང་མི་ཨུ་ལྷན་གྱི་ལས་དོན་མི་སྣ་སྤེན་པ་སྒྲོལ་མས་གད་མོ་དགོད་བཞིན་མོའུ་ཏུང་ཏུང་གི་དཔུང་པར་གཅག་ཙམ་བྱེད་བཞིན་བཤད།
            བ་ཏི་བླ་བྲང་གི་སྒོ་རར་གྲོང་མི་དུད་ཚང་22ཡོད་པ་ལས། བོད་རིགས་གྲོང་མི་དུད་ཚང་18དང་། རྒྱ་རིགས་གྲོང་མི་དུད་ཚང་2 ཧུད་རིགས་གྲོང་མི་དུད་ཚང་2བཅས་ཡོད། རྣམ་ཀུན་སུའི་ཕྲུ་གུ་སྐྱེལ་བསུ་བྱེད་དགོས་ཚེ་མཉམ་དུ་སྐྱེལ་བསུ་བྱེད་པ་དང་། གངས་ཆར་རླུང་འཚུབ་སྐབས་གྱོན་གོས་བསྡུ་རེས་བྱེད་པ། ལོ་གསར་དང་དུས་ཆེན་སྐབས་ཕན་ཚུན་རྟེན་འབྲེལ་ཞུ་རེས་བྱེད་པ་བཅས་ཚང་མས་ཁྱིམ་མཚེས་དབར་ཕན་ཚུན་རོགས་རེས་བྱེད་པ་མཐོང་ཐུབ་པ་དང་ཚང་མས་རང་ཉིད་ཀྱི་མིག་འབྲས་ལ་གཅེས་པ་བཞིན་མི་རིགས་ཁག་དབར་གྱི་མཐུན་སྒྲིལ་དང་འཆམ་མཐུན་ལ་གཅེས་སྤྲས་བྱེད་བཞིན་ཡོད།
            རང་སྐྱོང་ལྗོངས་ཏང་ཨུད་འཐབ་ཕྱོགས་གཅིག་གྱུར་པུའི་གཞུང་དོན་ཁང་གི་རིམ་པ་གཉིས་པའི་བརྟག་ཞིབ་པ་ལིའུ་ཀྲོའུ་ཕིང་གིས“སླད་ཕྱིན་ང་ཚོས་མི་རིགས་ཀྱི་ལས་དོན་དང་མཐའ་སྐྱོང་བོད་བརྟན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་སློབ་སྦྱོང་ལག་བསྟར་བྱེད་པ་དང《སྲོལ་ཡིག》སློབ་སྦྱོང་དང་ལག་བསྟར་ཟུང་འབྲེལ་ཡག་པོ་བྱ་རྒྱུ་དང་། རང་ལྗོངས་ཀྱི་དམིགས་བསལ་ལྗོངས་བབ་དང་ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཀྱི་དམིགས་བསལ་དགོས་མཁོ་དང་ཟུང་འབྲེལ་བྱས་ཏེ《སྲོལ་ཡིག》སློབ་སྦྱོང་དང་། དྲིལ་བསྒྲགས། ལག་བསྟར་བཅས་ལ་སྐུལ་འདེད་གཏོང་བ། 《སྲོལ་ཡིག》ལག་བསྟར་ལ་དམིགས་ནས་མི་རིགས་ཀྱི་ལེ་ལག་ཚང་བའི་སྲིད་ཇུས་ལ་བརྟག་ཞིབ་དང་ཟིན་བྲིས་རྒྱག་པའི་འབྲེལ་ཡོད་ལས་དོན་ལ་ཧུར་ཐག་ཞུགས་ཏེ་ཁག་དགུར་ཁྱབ་གདལ་གཏོང་བའི་བྱེད་སྒོ་ཕྱོགས་ཡོངས་ནས་སྤེལ་ཏེ་ཁ་འབྲལ་ཐབས་མེད་པ་གསུམ་གྱི་བསམ་བློ་སྔར་བས་བརྟན་པོ་བཙུགས་ཐོག་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་བྱ་གཞག་ལ་ཧུར་ཐག་ཞུགས་དགོས”ཞེས་བཤད་པ་རེད།
རྩོམ་སྒྲིག་པ། སངས་སྐྱབས།