དགུན་དུས་བོད་ལྗོངས་སུ་གནས་སྐོར་དུ་ཡོང་མཁན་རིམ་བཞིན་ཇེ་མང་དུ་གྱུར། གྲོང་ཚོར་དགུན་ཁའི་གུང་གསེང་གི་གསབ་སྦྱོང་འཛིན་གྲྭ་གཉེར་བ། མཚོ་སྔོན་གྱིས་ཆུ་བོ་དང་མཚོའི“གང་བྱུང་བཞིའི” གནད་དོན་756དག་ཐེར་བྱས་པ། བདེན་འཚོལ་དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལོ་རྒྱུས་དངོས་གཙོ་རིང་ལུགས་རྒྱུན་འཁྱོངས་ཀྱིས་དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་འཕེལ་རྒྱས་ཀྱི་མཐོ་ཚད་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་ཞེས་པ་སྤེལ་བ། བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པ་གཟབ་རྒྱས་ངང་འགོ་ཚུགས་པ། མང་ཚོགས་ཀྱི“མགྲིན་ཚབ་པ”ཡག་པོ་ཞིག་བྱེད་ཀྱི་ཡིན། “པེ་ཅིང་དུ་འཛོམས་པ”ཞེས་པའི་སྐབས་དང་པོའི་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་དང་འཛམ་གླིང་ཐང་གའི་སྒྱུ་རྩལ་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་སྤེལ་བ། 2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > བོད་ལྗོངས་གསར་འགྱུར།

བོད་ལྗོངས་ཀྱིས་རིམས་ནད་འགོག་ཐབས་བརྒྱད་བཏོན་འདུག

སྤེལ་དུས 2020-02-28 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ། ལྕགས་བྱམས་ཀྱིས་བསྒྱུར།

          ལོ་གསར་རྗེས་ཀྱི་ཐོན་སྐྱེད་སླར་གསོ་དང་ལས་འགོ་བསྐྱར་འཛུགས་བྱེད་པ། ལས་སྒྲུབ་ཚོང་གཉེར་བྱེད་མཁན་སོགས་ཕྱིར་བོད་དུ་ལོག་པའི་མི་སྣ་མང་བའི་དོན་དངོས་ལ་དམིགས་ཏེ། བོད་ལྗོངས་ཀྱི་འཕྲོད་བསྟེན་བདེ་ཐང་ཁོངས་གཏོགས་ཀྱིས་ལྗོངས་ཡོངས་ཀྱི་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་དུས་བབ་ལ་ཞིབ་འཇུག་དང་བརྡར་ཤ་གཏིང་ཟབ་བྱས་ནས། རིམ་ཁག་སྡེ་ཚན་ཁག་དང་མཉམ་ལས་བྱས་ཐོག་གནད་སྨིན་སྔོན་འགོག་ཚོད་འཛིན་གྱི(གཅིག་རེ་བརྒྱད)ཀྱི་བྱ་ཐབས་སྤྱད་དེ། ཚད་གཞི་མཐོ་ཤོས་ཀྱི་སྒོ་ནས་ཕྱི་ནས་རིམས་ནད་འགོ་བའི་ཉེན་ཁ་ཇེ་ཆུང་དུ་བཏང་བ་རེད།
          ལོ་གསར་རྗེས་ཀྱི་ཐོན་སྐྱེད་སླར་གསོ་དང་ལས་འགོ་བསྐྱར་འཛུགས་བྱེད་པ། ལས་སྒྲུབ་ཚོང་གཉེར་བྱེད་མཁན་སོགས་ཕྱིར་བོད་དུ་ལོག་པའི་མི་སྣ་མང་བའི་དོན་དངོས་ལ་དམིགས་ཏེ། བོད་ལྗོངས་ཀྱི་འཕྲོད་བསྟེན་བདེ་ཐང་ཁོངས་གཏོགས་ཀྱིས་ལྗོངས་ཡོངས་ཀྱི་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་དུས་བབ་རང་སྐྱོང་ལྗོངས་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གྱི་འབྲེལ་ཡོད་འགན་འཁུར་བས་གནད་སྨིན་སྔོན་འགོག་ཚོད་འཛིན་གྱི(གཅིག་རེ་བརྒྱད)ཀྱི་བྱ་ཐབས་ངོ་སྤྲོད་བྱས་དོན།  གསལ་བཤད་ཡི་གེ་གཅིག་སྟེ། ཞིབ་བཤེར་ས་ཚིགས་ཁག་ཏུ་ཕྱི་ནས་ཡོང་བའི་མི་སྣར་ཆ་འཕྲིན་ཐོ་འགོད་དང་། བྱེས་སྡོད་གནས་ཚུལ་སོགས་ཐོ་འགོད་ཞིབ་ཕྲ་བྱས་ཏེ། ཁྱིམ་དང་མགྲོན་ཁང་དུ་ལོགས་སུ་དགར་པའི་གསལ་བཤད་ཡི་གེ་བཞག་ནས་རིགས་དབྱེ་ལོགས་བཀར་བྱ་རྒྱུ། དྲིལ་བསྒྲགས་ཡི་གེ་གཅིག་སྟེ། ཏོག་གསར་གློ་ཚད་རིམས་ནད་སྔོན་འགོག་ཚོད་འཛིན་སྐོར་གྱི་དྲིལ་བསྒྲགས་ཡི་གེ་བཟོས་ཏེ། སྔོན་ལ་ལོགས་བཀར་མི་སྣའི་སྡོད་གནས་སུ་བསྐྱལ་ནས་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་ཤེས་བྱ་ཁྱབ་གདལ་གཏང་རྒྱུ། ཁེར་སྡོད་ཁང་པ་གཅིག་སྟེ། ལོགས་བཀར་མི་སྣའི་ཁང་པར་དུག་སེལ་ནན་པོ་བྱས་ནས་མི་གཅིག་ལ་ཁང་པ་གཅིག་ཡོད་པར་བྱས་ཏེ། ལོགས་བཀར་མི་སྣར་སྨན་སྤྱོད་ཁ་རས་སྤྲད་ཐོག་མི་གཞན་ལ་འབྲེལ་གཏུག་བྱེད་པ་བཀག་འགོག་བྱ་རྒྱུ། ཚ་བ་འཇལ་ཆས་ཀྱི་རེའུ་མིག་གཅིག་སྟེ། ཚ་བ་རྒྱས་མིན་གྱི་ཉིན་རེའི་སྙན་ཞུའི་ལམ་ལུགས་ལག་བསྟར་བྱས་ཏེ་དུས་ཐོག་ཏུ་འཕྲོད་བསྟེན་བདེ་ཐང་སྡེ་ཚན་ལ་སྙན་སེང་ཞུ་རྒྱུ། སྨན་བཅོས་ཞབས་ཞུའི་ཁ་པར་གཅིག་སྟེ།རིམས་ནད་སྔོན་འགོག་ཚོད་འཛིན་གྱི་ཆེད་སྤྱོད་ཞབས་ཞུའི་ཁ་པར་ཡོངས་བསྒྲགས་བྱས་ནས་ལོགས་བཀར་མི་སྣས་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་འབྲེལ་ཡོད་གནད་དོན་བློ་འདྲི་བྱས་ཆོག འཚོ་བའི་མཁོ་ཆས་རེའུ་མིག་གཅིག་སྟེ། ལོགས་བཀར་མི་སྣའི་སྒོ་རྩར་ཟ་མ་སྐྱེལ་བ་དང་ཚབ་ཉོ་སོགས་ཀྱི་འཚོ་བའི་ཞབས་ཞུ་བསྒྲུབ་རྒྱུ།ཆེད་སྤྱོད་གད་སྙིགས་བླུགས་སྣོད་གཅིག་སྟེ། ལོགས་བཀར་མི་སྣས་སྤྱད་པའི་ཁ་རས་དང་གཙང་ཤོག་སོགས་འཚོ་བའི་གད་སྙིགས་ཆེད་སྤྱོད་གད་སྙིགས་བླུགས་སྣོད་ནང་བླུགས་ཏེ། དམིགས་བཙུགས་ས་གནས་སུ་བཞག་ནས་ཆེད་དོན་སྒྲིག་གཞིས་ཚད་ལྡན་ཐག་གཅོད་བྱ་རྒྱུ། ལོགས་བཀར་མཚམས་འཇོག་པའི་དཔང་ཡིག་གཅིག་སྟེ། ལོགས་སུ་བཀར་པའི་དུས་ཚོད་ལོངས་རྗེས་ལོགས་བཀར་མི་སྣའི་གཟུགས་གཞིའི་བདེ་ཐང་གི་གནས་ཚུལ་ལ་ཚོད་དཔག་བྱས་ནས། ལོགས་བཀར་མཚམས་འཇོག་པའི་དཔང་ཡིག་བྲིས་རྗེས་གཞི་ནས་ལོགས་བཀར་མཚམས་བཞག་ཆོག་པར་བྱ་རྒྱུ།