དགུན་དུས་བོད་ལྗོངས་སུ་གནས་སྐོར་དུ་ཡོང་མཁན་རིམ་བཞིན་ཇེ་མང་དུ་གྱུར། གྲོང་ཚོར་དགུན་ཁའི་གུང་གསེང་གི་གསབ་སྦྱོང་འཛིན་གྲྭ་གཉེར་བ། མཚོ་སྔོན་གྱིས་ཆུ་བོ་དང་མཚོའི“གང་བྱུང་བཞིའི” གནད་དོན་756དག་ཐེར་བྱས་པ། བདེན་འཚོལ་དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལོ་རྒྱུས་དངོས་གཙོ་རིང་ལུགས་རྒྱུན་འཁྱོངས་ཀྱིས་དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་འཕེལ་རྒྱས་ཀྱི་མཐོ་ཚད་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་ཞེས་པ་སྤེལ་བ། བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པ་གཟབ་རྒྱས་ངང་འགོ་ཚུགས་པ། མང་ཚོགས་ཀྱི“མགྲིན་ཚབ་པ”ཡག་པོ་ཞིག་བྱེད་ཀྱི་ཡིན། “པེ་ཅིང་དུ་འཛོམས་པ”ཞེས་པའི་སྐབས་དང་པོའི་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་དང་འཛམ་གླིང་ཐང་གའི་སྒྱུ་རྩལ་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་སྤེལ་བ། 2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > བོད་ལྗོངས་གསར་འགྱུར།

དགུང་ལོ་77ལ་སླེབས་པའི་བགྲེས་སོང་ཁོང་གིས་འདི་ལྟར་གསུང་གི་འདུག

སྤེལ་དུས 2020-03-26 ཡོང་ཁུངས། བོད་ལྗོངས་ཉིན་ཚགས། རྩོམ་པ་པོ།


          “ཡོན་ཏན་ནི་རིན་ཐང་བྲལ་བ་ཞིག་རེད། དེར་གོང་རྒྱག་རྒྱུ་ཡོད་པ་མ་རེད། སྤྱི་ཚོགས་རྙིང་པར་ཆ་བཞག་ན། རིག་གནས་སྦྱོང་དགོས་བསམ་ན་ཡང་། མངའ་བདག་ཆེན་པོ་གསུམ་ལྟ་བུ་རྒྱུ་ཡོད་པས་མ་གཏོགས། རྒྱུ་མེད་པ་སློབ་གྲྭར་འགྲོ་ཐབས་བྲལ་བ་ཞིག་རེད”ཅེས་བདུན་གཅིག་ཞིང་རའི་ཁུལ་ཆུང་གསུམ་པར་བཞུགས་བཞིན་ཡོད་པའི་བགྲེས་སོང་བསྟན་འཛིན་གྱིས་སྤྱི་ཚོགས་རྙིང་པའི་སློབ་གསོའི་སྐོར་གླེང་སྐབས་འདི་ལྟར་གསུངས།
          ད་ལོ་དགུང་ལོ་77ལ་ཕེབས་པའི་བགྲེས་སོང་བསྟན་འཛིན་ནི། 1959ལོའི་ཟླ་3པར་ལས་ཀར་ཞུགས་ཤིང་། སྤྱི་ཚོགས་རྙིང་པའི་ནང་ལོ་16ཙམ་འཚོ་བ་སྐྱེལ་མྱོང་འདུག 1971ལོར་ཁོང་གིས་ཏང་ནང་ཞུགས་པ་དང་། སྔ་རྗེས་སུ་བདུན་གཅིག་ཞིང་རའི་ཕྱུགས་ལས་རུ་ཁག་གི་རུ་དཔོན་དང་། སྔོ་ཚལ་ཐད་ཚོང་ཁང་གི་ཅིང་ལི། བདེ་སྲུང་ཁང་གི་ཁོའོ་ཀྲང་སོགས་ལས་གནས་མང་པོའི་ཐོག་ཏུ་ཕྱག་ལས་གནང་ནས། 2004ལོར་རྒན་ཡོལ་ཞུས་འདུག

          དེ་ཡང་བསྟན་འཛིན་ནི་ཞིང་བྲན་གྱི་ཕྲུ་གུ་ཡིན་པའི་དབང་གིས་སྤྱི་ཚོགས་རྙིང་པར་ཁོང་ལ་སློབ་གྲྭར་བསྐྱོད་ནས་ཤེས་བྱ་ཡོན་ཏན་སྦྱོང་བའི་སྐལ་བཟང་མ་ཐོབ། དེས་ན། ལས་ཀར་ཞུགས་རྗེས། མ་གཞི་ཞར་དང་ཞོར་ལ་བརྩོན་པ་བརྒྱ་དང་འབད་པ་སྟོང་གིས་རང་སྦྱོང་གི་ལམ་དུ་ཞུགས་མོད། འོན་ཀྱང་། རྨང་གཞི་ཆེས་ཞན་པའི་དབང་གིས་མཐའ་མ་བོད་ཡིག་ཚགས་པར་ཀློག་ཤེས་ཙམ་ཞིག་དང་རྒྱ་ཡིག་ཕན་ཚུན་གོ་བརྡ་སྤྲོད་ཐུབ་ཙམ་ཞིག་གི་ཚད་ལས་མ་སླེབས།
          ཕ་མར་ཡོན་ཏན་མེད་ན་ཡང་། རང་གི་ཕྲུ་གུ་རང་ཉིད་ནང་བཞིན་ཤེས་རྨོངས་ཀྱི་དྲ་བར་ཚུད་ན་ག་ལ་འགྲིག དེས་ན། ཏང་གི་སྲིད་ཇུས་བཟང་པོའི་བཀའ་དྲིན་འོག ཁོང་དང་བཟའ་ཟླ་འཛོམས་སྐྱིད་ཀྱིས་དཀའ་ངལ་དུ་མ་ཁྱད་དུ་བསད་ནས་རང་ཉིད་ཀྱི་ཕྲུ་གུ་གཉིས་སློབ་ཆེན་དུ་བཏང་ལ། ད་དུང་དབུལ་ཕོངས་ཀྱི་གནས་སུ་གྱར་པའི་ཨ་ཕ་མེད་པའི་ཕྲུ་གུ་གཉིས་ཏེ། ཟླ་8ལ་མ་གཏོགས་སླེབས་མེད་པའི་བུ་མོ་པ་སངས་སྒྲོལ་མ་དང་ལོ་2ལ་སོན་མ་ཐག་པའི་བུ་མོ་རྒྱགས་ལོད་གསོས་པ་མ་ཟད། ཁོང་གཉིས་ཀྱང་སློབ་གྲྭ་ཆེན་མོར་བཏང་འདུག

          “ཕྲུ་གུ་ཞིག་ལ་མདུན་ལམ་རག་པ་ཡིན་ན། སྤྱི་ཚོགས་ཀྱི་ཁུར་པོ་ཡང་དུ་འགྲོ་གི་རེད། བྱས་ཙང་། ང་དང་བཟའ་ཟླ་འཛོམས་སྐྱིད་ཀྱིས་ཨམ་བཙིགས་བསྡམས་ནས་ཕྲུ་གུ་གཉིས་གསོས་པ་ཡིན། ཨ་ཅང་ཅང་། ང་རང་ནི་གུང་ཁྲན་ཏན་ཡོན་ཞིག་ཡིན་པས། མི་གཞན་ལ་སྡུག་པོ་མཐོང་བ་མཐོང་དུས་ནུས་ཤུགས་ཡོད་རྒུས་རོགས་པ་བྱེད་ལོས་དགོས”ཅེས་ཕྲུ་གུ་གཉིས་གསོ་བའི་ཐོག་མའི་སྐུལ་སློང་བརྗོད་སྐབས་བསྟན་འཛིན་གྱིས་འདི་ལྟར་གསུང་གི་འདུག་པས། ཁོང་གི་བབ་ཆགས་པའི་བཀའ་མོལ་འདི་ལས་གསར་འགོད་པས་གུང་ཁྲན་ཏང་ཡོན་ཞིག་གི་ཐོག་མའི་བསམ་འདུན་དང་འགན་འཁྲི་ལེགས་པར་མཐོང་བྱུང་།
          མ་གཞི་བསྟན་འཛིན་དང་འཛོམས་སྐྱིད་གཉིས་རྒྱལ་ཁབ་ཀྱི་ལས་བྱེད་པ་ཡིན་ཡང་། ཕྲུ་གུ་བཞི་ཙམ་གསོ་དགོས་ལ་སློབ་གྲྭར་གཏོང་དགོས་དུས་དཀའ་ངལ་མི་ཉུང་བ་ཞིག་འཕྲད་འདུག “སྐབས་དེ་དུས་ང་ཚོའི་གླ་ཕོགས་དམའ་བས། འཚོ་བའི་ཆ་རྐྱེན་དེ་ཙམ་ལེགས་པོ་མེད། དེར་བརྟེན། ང་གཉིས་ཀྱིས་ཟ་མཁས་འཐུང་མཁས་བྱས་པའི་སྒང་ལ། ལས་ཞོར་དུ་ཕག་པ་དང་བ་ཕྱུགས་སོགས་གསོས་ནས། ཕྲུ་གུ་བཞི་པོ་སློབ་གྲྭར་གཏོང་ཐུབ་པ་བྱས་པ་ཡིན ”ཞེས་བསྟན་འཛིན་གྱིས་ཤོད་ཀྱི་འདུག

          གསོས་ཕྲུག་རྒྱགས་ལོད་དང་པ་སངས་སྒྲོལ་མ་ཚུད་པའི་ཕྲུ་གུ་བཞི་པོས་སློབ་གྲྭར་སྐྱོད་རིང་། ཕ་མ་གཉིས་ཀྱི་བསླབ་བྱ་སྙིང་གི་དབུས་སུ་བཞག་ཅིང་། སེམས་ཀྱི་གཏིང་དུ་ཉར་ནས། དུས་དང་རྣམ་པ་ཀུན་ཏུ་སློབ་སྦྱོང་དང་ཀུན་སྤྱོད་སོགས་ཕྱོགས་གང་སར་རང་གིས་རང་ལ་རེ་བ་མཐོན་པོ་བཏོན་སྟབས། ཚང་མ་སློབ་གཉེར་བྱེད་རིང་ནས་ཏང་ནང་ཞུགས་ཐུབ་འདུག་ལ། སྔ་རྗེས་སུ་ཀྲུང་གོ་མི་དམངས་སློབ་ཆེན་དང་ཧྭ་ཞི་གསོ་རིག་སློབ་ཆེན་སོགས་རྒྱལ་ནང་གི་སློབ་གྲྭ་གྲགས་ཅན་ནས་ཐོན་པ་མ་ཟད། ད་ཆ་རྒྱལ་ཁབ་ཀྱི་ལས་བྱེད་པར་གྱུར་ནས། ལས་གནས་མི་འདྲ་བའི་ཐོག་ཏུ་བོད་གསར་འཛུགས་སྐྲུན་ལ་རང་ཉིད་ཀྱི་ནུས་པ་བཏོན་དང་འདོན་བཞིན་མཆིས།
          ཕྲུ་གུ་ཚོ་ཤེས་ཡོན་ཅན་དུ་གྱུར་པ་མ་ཟད། རྒྱལ་ཁབ་ཀྱི་ལས་བྱེད་པ་ཆགས་པ་ནི་དེ་སྔོན་རྨི་ལམ་ནང་དུའང་འཁོར་མྱོང་མེད། དེ་ཚོ་ཚང་མ་གུང་ཁྲན་ཏང་གི་བཀའ་དྲིན་རང་ཡིན། བྱས་ཙང་། ཆུ་འཐུང་དུས་ཆུ་ཕུགས་དྲན་དགོས་པའི་དཔེ་ལྟར། ངས་ནམ་ཞག་རྒྱུན་དུ་ནས་རང་ཉིད་ཀྱི་ཕྲུ་གུ་དང་ཚ་བོ་ཚ་མོར་གུང་ཁྲན་ཏང་མེད་ན། བདེ་སྐྱིད་ལྡན་པའི་འཚོ་བ་འདི་འདྲ་ཡོང་གི་མ་རེད། དེར་བརྟེན། གུང་ཁྲན་ཏང་གི་བཀའ་དྲིན་ཡིད་ལ་བརྟན་པོ་ངེས་དགོས་རེད་ཅེས་དྲན་སྐུལ་གཏོང་གི་ཡོད་ལ། དེ་སྔོན་ལས་ཁུངས་ཀྱི་བུ་ཕྲུག་སློབ་གྲྭ་མ་གཏོར་གོང་ལོ་ལྟར་ཐེངས་གཉིས་གསུམ་སྒྲོག་འགྲེལ་དུ་བསྐྱོད་ནས། ཕྲུ་གུ་ཚོར་ལོ་རྒྱུས་བློ་ལ་བརྟན་པོར་ངེས་ནས། དེང་གི་འཚོ་བར་གཅེས་འཛིན་ལྡབ་བརྒྱ་བྱེད་དགོས་པའི་སློབ་གསོ་རྒྱག་གི་ཡོད་ཅེས་གསུང་གི་འདུག
རྩོམ་སྒྲིག་པ། རྡོ་རྗེ།