དགུན་དུས་བོད་ལྗོངས་སུ་གནས་སྐོར་དུ་ཡོང་མཁན་རིམ་བཞིན་ཇེ་མང་དུ་གྱུར། གྲོང་ཚོར་དགུན་ཁའི་གུང་གསེང་གི་གསབ་སྦྱོང་འཛིན་གྲྭ་གཉེར་བ། མཚོ་སྔོན་གྱིས་ཆུ་བོ་དང་མཚོའི“གང་བྱུང་བཞིའི” གནད་དོན་756དག་ཐེར་བྱས་པ། བདེན་འཚོལ་དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལོ་རྒྱུས་དངོས་གཙོ་རིང་ལུགས་རྒྱུན་འཁྱོངས་ཀྱིས་དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་འཕེལ་རྒྱས་ཀྱི་མཐོ་ཚད་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་ཞེས་པ་སྤེལ་བ། བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པ་གཟབ་རྒྱས་ངང་འགོ་ཚུགས་པ། མང་ཚོགས་ཀྱི“མགྲིན་ཚབ་པ”ཡག་པོ་ཞིག་བྱེད་ཀྱི་ཡིན། “པེ་ཅིང་དུ་འཛོམས་པ”ཞེས་པའི་སྐབས་དང་པོའི་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་དང་འཛམ་གླིང་ཐང་གའི་སྒྱུ་རྩལ་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་སྤེལ་བ། 2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > བོད་ལྗོངས་གསར་འགྱུར།

བོད་ཀྱི་གྲོང་གསེབ་ཀྱི་མི་འབོར་99%ལ་བདེ་འཇགས་འཐུང་ཆུ་ཁྱབ་གདལ་བྱུང་བ།

སྤེལ་དུས 2020-04-01 ཡོང་ཁུངས། ཤིན་ཧྭ་གསར་འགྱུར་ཁང་། རྩོམ་པ་པོ།
         གསར་འགོད་པར་བོད་རང་སྐྱོང་ལྗོངས་ཆུ་བེད་ཐིང་ནས་ཤེས་རྟོགས་བྱུང་བར། བོད་ཀྱིས་ལོ་གཅིག་སྔ་སྣུར་དུ་གྲོང་གསེབ་ཀྱི་འཐུང་ཆུའི་བདེ་འཇགས་སྲ་བརྟན་མཐོར་གཏོང་ལས་གྲྭའི“ལོ་ལྔ་ཚན་བཅུ་གསུམ་པའི”འཆར་འགོད་ལས་འགན་དམིགས་ཚད་ལས་བརྒལ་ནས་ལེགས་གྲུབ་ཟིན་པ་དང་། གྲོང་གསེབ་ཀྱི་མི་འབོར་99%ལ་བདེ་འཇགས་འཐུང་ཆུ་ཁྱབ་གདལ་བྱུང་ནས། ཞིང་འབྲོག་ཁུལ་གྱི་འཐུང་ཆུའི་བདེ་འཇགས་གནད་དོན་སྤྱིར་ན་ཐག་གཅོད་ཟིན་པ་རེད།
         ཞིང་འབྲོག་ཁུལ་གྱི་འཐུང་ཆུའི་བདེ་འཇགས་ལས་གྲྭ་ལག་ལེན་བསྟར་ཚུན་དུ་བོད་ཀྱིས་ཞིང་འབྲོག་ཁུལ་དུ་གྲོང་གསེབ་ཀྱི་ཆུ་མཁོ་སྤྲོད་སྒྲིག་བཀོད་བཙུགས་ནས། སྔོན་མའི་མི་ཕྱུགས་མཉམ་སྤྱོད་ཀྱི་གོམས་གཤིས་ལ་རིམ་བཞིན་འགྱུར་ལྡོག་ཕྱིན་པ་དང་། ཆུ་ལེན་པར་འགྲོ་བའི་ངལ་ནུས་འབོར་ཆེན་གྲོན་ཆུང་ཐུབ་པ་མ་ཟད་ནད་ཡམས་ཐོན་ཚད་ཀྱང་དམའ་རུ་ཕྱིན་པ་མ་ཟད། ཞིང་འབྲོག་ཁུལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལའང་སྐུལ་འདེད་ཐུབ་པ་རེད། དེ་དང་ཆབས་ཅིག “ལས་གྲྭ་གཅིག་བསྐྲུན་ནས་ཆུ་འགོ་གཅིག་ལ་སྲུང་སྐྱོང་བྱེད་པའི”ལས་ཀའི་བྱ་ཐབས་ལས་ཀྱང་ཞིང་ཁུལ་དང་འབྲོག་ཁུལ་དུ་བདེ་འཇགས་ལྡན་པའི་ཆུ་འཐུང་རྒྱུ་བྱུང་བ་རེད།
         2019ལོར་བོད་ཀྱིས་དབུལ་སྒྲོལ་འགག་སྒྲོལ་གྱི“སེམས་ཁྲལ་མེད་པ་གཉིས་དང་འགན་ལེན་གསུམ”ལ་དམིགས་ནས། གྲོང་གསེབ་ཀྱི་འཐུང་ཆུའི་བདེ་འཇགས་གནད་དོན་བསལ་རྒྱུ་མཐའ་ཚད་ལས་འགན་དང་གལ་ཆེའི་ནང་གི་འགངས་ཆེར་བརྩིས་ཏེ། འཐུང་ཆུའི་བདེ་འཇགས་ལས་གྲྭ་འཛུགས་སྐྲུན་མ་དངུལ་བསྡོམས་སྒོར་དུང་ཕྱུར་19.69དོན་འཁྱོལ་བྱས་ཤིང་། དེའི་ཁྲོད་དུ་ཀྲུང་དབྱང་གིས་མ་དངུལ་སྒོར་དུང་ཕྱུར་5.32བཏང་བ་དང་ས་གནས་ཀྱིས་རིགས་ཁག་གི་མ་དངུལ་སྒོར་དུང་ཕྱུར་14.37བསྡུ་སྒྲིལ་བྱས་པ་མ་ཟད། གྲོང་གསེབ་ཀྱི་ཆུ་མཁོ་སྤྲོད་སྒྲིག་བཀོད་ཀྱི་རྒྱུན་གཏན་གྱི་ཉམས་བཟོ་བདག་སྐྱོང་མ་དངུལ་སྒོར་ཁྲི་5169དོན་འཁྱོལ་བྱས་པ་དང་། ལས་གྲྭའི་ས་ཚིགས་2691ལ་ཉམས་བཟོ་བདག་སྐྱོང་བྱས་པ་ལས་མི་འབོར་ཁྲི་49ལ་ཕན་པ་ཐོབ་པ་རེད།
         བོད་རང་སྐྱོང་ལྗོངས་ཆུ་བེད་ཐིང་གི་ཐིང་ཀྲང་སུན་ཞན་ཀྲུང་གིས། བོད་ཀྱིས་འབྱུང་རྩ་ནས་འགོག་བཅོས་དང་ཆུ་སྤུས་ལེགས་སུ་གཏོང་བ་གལ་ཆེ་མཉམ་དུ་བརྩི་རྒྱུ་མཐའ་འཁྱོངས་དང་། གྲོང་གསེབ་ཀྱི་འཐུང་ཆུའི་ཆུ་འགོ་སྲུང་སྐྱོང་ལ་ཤུགས་སྣོན་རྒྱག་པ། ཆུ་སྤུས་ཞིབ་དཔྱད་ཚད་ལེན་མ་ལག་འཐུས་སྒོ་ཚང་དུ་གཏོང་བ་བཅས་བྱས་ཏེ་2020ལོའི་ལོ་མཇུག་གོང་དུ་གྲོང་གསེབ་ཀྱི་འཐུང་ཆུའི་བདེ་འཇགས་ཆུ་ཀ་ལ་80%ཡན་ཁྱབ་གདལ་གཏོང་བ་དང་། གཅིག་སྡུད་ཆུ་མཁོ་སྤྲོད་བྱེད་ཚད་92%ཡན་ཟིན་པ། ཆུ་མཁོ་སྤྲོད་བྱེད་ཚད་93%ཡན་ཟིན་པ་བཅས་འགན་ལེན་བྱ་རྒྱུ་ཡིན་ཞེས་བརྗོད་པ་རེད།
རྩོམ་སྒྲིག་པ། སངས་སྐྱབས།