དགུན་དུས་བོད་ལྗོངས་སུ་གནས་སྐོར་དུ་ཡོང་མཁན་རིམ་བཞིན་ཇེ་མང་དུ་གྱུར། གྲོང་ཚོར་དགུན་ཁའི་གུང་གསེང་གི་གསབ་སྦྱོང་འཛིན་གྲྭ་གཉེར་བ། མཚོ་སྔོན་གྱིས་ཆུ་བོ་དང་མཚོའི“གང་བྱུང་བཞིའི” གནད་དོན་756དག་ཐེར་བྱས་པ། བདེན་འཚོལ་དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལོ་རྒྱུས་དངོས་གཙོ་རིང་ལུགས་རྒྱུན་འཁྱོངས་ཀྱིས་དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་འཕེལ་རྒྱས་ཀྱི་མཐོ་ཚད་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་ཞེས་པ་སྤེལ་བ། བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པ་གཟབ་རྒྱས་ངང་འགོ་ཚུགས་པ། མང་ཚོགས་ཀྱི“མགྲིན་ཚབ་པ”ཡག་པོ་ཞིག་བྱེད་ཀྱི་ཡིན། “པེ་ཅིང་དུ་འཛོམས་པ”ཞེས་པའི་སྐབས་དང་པོའི་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་དང་འཛམ་གླིང་ཐང་གའི་སྒྱུ་རྩལ་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་སྤེལ་བ། 2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > བོད་ལྗོངས་གསར་འགྱུར།

ལོ་རྒྱུས་བློར་བཅངས། འབད་འབུངས་མདུན་སྐྱོད། མ་འོངས་གསར་གཏོད།

—— བོད་ལ་དམངས་གཙོའི་བཅོས་སྒྱུར་བྱས་ནས་ལོ་61འཁོར་བར་དྲན་གསོ་ཞུ་བའི་རིམ་སྤེལ་འཕྲིན་སྤེལ་གསུམ་པ།

སྤེལ་དུས 2020-04-01 ཡོང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ། རྩོམ་པ་པོ།
        དཔྱིད་ཟླ་གསུམ་པར་སིལ་སིལ་རླུང་བུ་ལྡང་བ་དང་བསྟུན་ནས་ཡིད་དུ་འོང་བའི་མཛེས་ལྗོངས་ཀྱིས་མི་རྣམས་ལ་དགའ་བ་སྟེར། གྲོང་མི་ཚོས་ཁྱིམ་ནས་ཐོན་ཏེ་མཁའ་རླུང་སོས་པ་རྔུབ་བཞིན་དུ་མཛེས་སྡུག་ལྡན་པའི་ཁ་བའི་མཛེས་ལྗོངས་ཉམས་སུ་མྱོང་བ་མ་ཟད། ད་ཆའི་ཞི་མཐུན་དུས་བདེའི་སྤྱི་ཚོགས་རིང་ལུགས་ཀྱི་བོད་ལྗོངས་གསར་པའི་དབྱར་མཚོ་རྒྱས་པ་ལྟར་གྱི་རྣམ་པ་བཟང་པོ་ཉམས་སུ་མྱོང་བཞིན་ཡོད།
        བོད་ལྗོངས་སློབ་ཆེན་རང་བྱུང་རིག་པ་སློབ་གླིང་ཚེ་སྲོག་ཚན་རིག་ཚན་ཁག་གི་དགེ་རྒན་ལྷག་རྡོར་ལ་དེའི་ཐད་མྱོང་ཚོར་ཟབ་མོ་ཡོད། ཁོང་གིས་གསར་འགོད་པར“རང་ཉིད་ཞིང་པའི་ཁྱིམ་ཚང་ཕལ་པ་ཞིག་ཏུ་སྐྱེས་ཤིང་། ཆུང་དུས་ནས་རྒན་རབས་ཚོས་མུན་ནག་གི་བཀས་བཀོད་རྒྱུད་འཛིན་ཞིང་བྲན་ལམ་ལུགས་དབང་སྒྱུར་འོག་གི་བོད་རྙིང་པར་མངའ་བདག་ཆེན་པོ་གསུམ་གྱི་གདུག་རྩུབ་ཆེ་བའི་བཤུ་གཞོག་དང་གཉའ་གནོན་མྱོང་བཞིན་རྟག་ཏུ་ལྟོས་གྲོད་པ་མི་རྒྱགས་པ་དང་གོས་ཀྱིས་ལུས་མི་དྲོས་པའི་སྐོར་གླེང་བ་ཐོས་མྱོང་ཡོད”ཅེས་བརྗོད་བྱུང་།
        སློབ་ཆུང་དུ་འགྲོ་བའི་ལོ་ཚོད་ལ་སླེབས་སྐབས་ཁྱིམ་དུ་གཅེན་གཅུང་མང་བ་དང་དཔལ་འབྱོར་གྱི་ཆ་རྐྱེན་ཡག་པོ་མེད་རྐྱེན་ལྷག་རྡོར་སློབ་གྲྭར་སྐྱོད་འདོད་མེད་པར་ཕ་མ་དང་མཉམ་དུ་ཞིང་ལས་བྱས་ནས་ཁྱིམ་ཚང་གི་དཔལ་འབྱོར་ཁུར་པོ་ཡང་དུ་གཏོང་འདོད་ཆེན་པོ་ཡོད། “པཱ་ལགས་ཀྱིས་ང་ལ་བོད་རྙིང་པར་སློབ་གྲྭར་འགྲོ་རྒྱུ་ཕར་བཞག མ་མཐའི་མི་ལུས་རང་དབང་ཡང་མེད་སྟབས་བོད་ལ་དམངས་གཙོའི་བཅོས་སྒྱུར་བྱས་ནས་ང་ཚོར་བྱུང་བའི་གོ་སྐབས་བཟང་པོ་དེར་རང་གིས་གཅེས་འཛིན་བྱེད་དགོས་ཞེས་གསུངས་མྱོང་ཡོད”ཅེས་ལྷག་རྡོར་གྱིས་བརྗོད།
        སྤྱི་ཚོགས་གསར་པར་སྐྱེས་པ་དང་དར་དམར་འོག་འཚར་ལོངས་བྱུང་ཡོད། ལྷག་རྡོར་འཚར་ལོངས་ཀྱི་དུས་ཚོད་ནང་སློབ་ཆུང་ནས་མཐོ་རིམ་སློབ་འབྲིང་བར་གྱི“འགན་ལེན་གསུམ”གྱི་སྲིད་ཇུས་སམ་ཡང་ན་སློབ་ཆེན་སྐབས་ཀྱི་སློབ་ཡོན་ཆག་ཡང་དང་རྩ་ཆག་གཏོང་བ་སོགས་རྒྱལ་ཁབ་ཀྱི་དམིགས་བསལ་གཟིགས་སྐྱོང་སྲིད་ཇུས་སྣ་ཚོགས་ལོངས་སུ་གང་ལེགས་སྤྱོད་རྒྱུ་བྱུང་ཡོད། “ངས་སློབ་སྦྱོང་གི་གོ་སྐབས་བཟང་པོ་དེར་གཅེས་སྤྲས་ངང་འབད་བརྩོན་ཆེན་པོས་སློབ་སྦྱོང་དང་དཀའ་སྤྱད་བརྩོན་ཞིབ་བྱས་པས་མཐར་བོད་ལྗོངས་སློབ་ཆེན་གྱི་དགེ་རྒན་ཞིག་ཏུ་གྱུར”
        ལོ་60ལྷག་ཙམ་རིང་དམངས་ཕྱུག་སྲིད་ཇུས་ཕྱོགས་ཡོངས་ནས་དོན་འཁྱོལ་བྱས་པ་དང་བསྟུན། བོད་ཀྱི་མི་རིགས་ཁག་གི་མང་ཚོགས་ཚོར་ལྷག་རྡོར་དང་འདྲ་བར་གཟིགས་སྐྱོང་ཆེ་ཤོས་ཀྱི་སྲིད་ཇུས་ལོངས་སྤྱོད་ཐུབ་ནས་མི་དམངས་ཀྱི་འཚོ་བའི་ཆུ་ཚད་མཐོ་རུ་ཆེན་པོ་ཕྱིན་པ་དང་མི་རིགས་ཁག་གི་མང་ཚོགས་ཀྱི་ཐོབ་ཚོར་དང་བདེ་སྐྱིད་ཚོར་སེམས་ཟམ་མི་ཆད་པར་ཆེ་རུ་སོང་ཡོད།
        གྲངས་གཞིར་གོ་སྐོན་བློ་འགུག་གི་ནུས་པ་ཆེ་ཤོས་ལྡན་ཡོད།
        —2019ལོར་རྫོང(ཆུས)དབུལ་པོ་19ཡི་དབུལ་ཞྭ་ཕུད་པ་དང་། ཡིག་ཚགས་དང་གཱ་བཟོས་པའི་མི་འབོར་དབུལ་པོ་ཁྲི་15དབུལ་སྒྲོལ་བྱུང་བ།  དབུལ་པོ་དབུལ་རྐྱང་རྩ་བའི་ཆར་བསལ་བ་བཅས་སྤྱི་ཡོངས་ཀྱི་འགག་སྒྲོལ་དམག་འཐབ་ལ་ཁྱོན་ཡོངས་ནས་རྒྱལ་ཁ་ཐོབ་ཉེར་ཡོད།
        —2019ལོར་ཚོད་རྩིས་བྱས་ན་གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཡུལ་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སོ་སོར་10%དང་13%འཕར་ནས་རྒྱལ་ཡོངས་ཀྱི་ཨང་དང་པོར་མུ་མཐུད་གནས་པ་དང་།  མཐོ་སློབ་ཀྱི་སློབ་ཐོན་སློབ་མ་98.1%ཐབས་ལམ་སྣ་ཚོགས་བརྒྱུད་དེ་གྲུབ་འབྲས་ཐོབ་པའི་ངང་ལས་ཞུགས་ཐུབ་པ། འཕྲོད་བསྟེན་བདེ་ཐང་བྱ་གཞག་སྔར་བས་འཕེལ་རྒྱས་བྱུང་ནས་མི་རེའི་ཆ་སྙོམས་ཀྱི་སྔོན་དཔག་ཚེ་ཚད་ལོ་70.6བར་རིང་དུ་ཕྱིན་ཡོད་པ་རེད།
        —2019ལོར་ཁྲིམས་བཞིན་བོད་སྐྱོང་ལག་བསྟར་གཏིང་ཟབ་བྱས་པ་དང་། གཞི་རིམ་གྱི་རྨང་གཞི་རྒྱུན་མཐུད་བརྟན་དུ་སོང་བ། མི་རིགས་མཐུན་སྒྲིལ་མི་སེམས་སུ་གཏིང་ཟབ་ཟུག་པ། ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་གཏིང་ཟབ་ཕྱོགས་སུ་སྤེལ་བ།  བདེ་འཇགས་ཆ་འཕྲིན་ཅན་ལ་སྐུལ་མ་ཧུར་ཐག་གཏོང་བ། སྤྱི་ཚོགས་བཅོས་སྐྱོང་གི་ཆུ་ཚད་རིམ་པས་གོང་མཐོར་སོང་བ། མང་ཚོགས་ཀྱི་བདེ་འཇགས་ཚོར་སེམས་དང་བློ་ཡིད་ཚིམས་ཚད་99.7%ཟིན་ནས་རྒྱལ་ཡོངས་ཀྱི་མདུན་གྲལ་དུ་མུ་མཐུད་གནས་ཡོད།
        ལོ་རྒྱུས་ནི་དགེ་རྒན་ཡག་ཤོས་རེད།
        1959ལོའི་ཟླ་3ཚེས་28ཉིན་ནི་ནམ་ཡང་བོད་ཀྱི་ལོ་རྒྱུས་དེབ་ཐེར་དུ་འཁོད་པའི་ཉིན་མོ་ཞིག་རེད། ཉིན་དེ་ནས་བཟུང་ཀྲུང་གོ་གུང་ཁྲན་ཏང་གིས་བོད་ཀྱི་མི་རིགས་ཁག་གི་མི་དམངས་ཀྱི་སྣེ་ཁྲིད་དེ་དམངས་གཙོའི་བཅོས་སྒྱུར་བརྒྱུད་བོད་ཀྱི་བཀས་བཀོད་རྒྱུད་འཛིན་ཞིང་བྲན་ལམ་ལུགས་ཀྱི་གཉའ་གནོན་དང་བཤུ་གཞོག་རྩ་མེད་བཏང་ནས་ཞིང་བྲན་དང་བྲན་གཡོག་ཁྲི་ཚོ་བརྒྱར་བཅིངས་འགྲོལ་བཏང་བ་དང་། ས་ཞིང་བཅོས་སྒྱུར་བྱས་པ་དང་བཀས་བཀོད་རྒྱུད་འཛིན་ཞིང་བྲན་བདག་པོར་ས་ཞིང་དབང་བའི་ལམ་ལུགས་རྩ་མེད་བཏང་བས་ཞིང་བྲན་དང་བྲན་གཡོག་རྣམས་ས་ཞིང་གི་བདག་པོར་གྱུར་པ། ཆོས་སྲིད་ཟུང་འབྲེལ་གྱི་ལམ་ལུགས་རྩ་མེད་བཏང་ནས་ཆོས་སྲིད་ལོགས་དབྱེ་དང་ཆོས་དད་རང་མོས་བྱུང་བ། མི་དམངས་དམངས་གཙོའི་སྲིད་དབང་བཙུགས་ཏེ་མི་དམངས་རྣམས་ལ་རང་ཁྱིམ་རང་བདག་གི་དབང་ཆ་ལོངས་སྤྱོད་ཐུབ་ཡོད།
        ལོ་60ལྷག་ཙམ་རིང་དཔལ་འབྱོར་རྒྱུན་མཐུད་སྐྱོན་བྲལ་ངང་གོང་འཕེལ་དང་སྤྱི་ཚོགས་ཀྱི་རྣམ་པ་ཉིན་གསར་ཟླ་འགྱུར་བྱུང་བ་དང་།
        ལོ་60ལྷག་ཙམ་རིང་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་བྱ་གཞག་སྲ་བརྟན་གོང་འཕེལ་དང་ཆོས་དད་རང་མོས་ལ་བརྩི་བཀུར་གང་ལེགས་ཐོབ་པ།
        ལོ་60ལྷག་ཙམ་རིང་སྤྱི་ཚོགས་དུས་བབ་ཞི་མཐུན་བརྟན་ལྷིང་རྒྱུན་འཁྱོངས་ཐུབ་ནས་མི་རིགས་ཁག་གི་མང་ཚོགས་རྣམས་བདེ་སྡོད་ལས་བརྩོན་དང་བདེ་སྐྱིད་འཆམ་མཐུན་བྱུང་བ།
        ལོ་60ལྷག་ཙམ་རིང་སྣོད་བཅུད་ཁོར་ཡུག་རྒྱུན་མཐུད་ལེགས་པོ་བྱུང་ནས་བོད་སྔར་བཞིན་འཛམ་གླིང་གི་ཁོར་ཡུག་སྤུས་ཚད་ཡག་ཤོས་ཀྱི་ས་ཁུལ་གྱི་གྲས་ཤིག་རེད།
        ལོ་རྒྱུས་བློ་ལ་བརྟན་པོར་བཅངས་བ་དང་། ད་ཆར་གཅེས་འཛིན་བྱེད། མ་འོངས་གསར་དུ་གཏོད། ད་ཆ་བོད་ཀྱི་མི་རིགས་ཁག་གི་བུ་ཕྲུག་ཚོས་སེམས་ཀྱི་གཏིང་ནས་ཏང་གི་བཀའ་དྲིན་ཚོར་བ་དང་། མེས་རྒྱལ་གྱི་བཀའ་དྲིན་ཚོར་བ། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་ཀྱི་ལེགས་ཆ་ཚོར་བཞིན་ཡོད་པ་མ་ཟད། བསམ་པའི་སྒུལ་ཤུགས་ཆེན་པོ་གཅིག་སྡུད་ཀྱིས་བོད་ཀྱི་འཕེལ་རྒྱས་ཡར་ཐོན་གྱི་ལེའུ་གསར་པ་ནུས་ཤུགས་ཡོད་རྒུས་རྩོམ་བཞིན་ཡོད། 
རྩོམ་སྒྲིག་པ། སངས་སྐྱབས།