དགུན་དུས་བོད་ལྗོངས་སུ་གནས་སྐོར་དུ་ཡོང་མཁན་རིམ་བཞིན་ཇེ་མང་དུ་གྱུར། གྲོང་ཚོར་དགུན་ཁའི་གུང་གསེང་གི་གསབ་སྦྱོང་འཛིན་གྲྭ་གཉེར་བ། མཚོ་སྔོན་གྱིས་ཆུ་བོ་དང་མཚོའི“གང་བྱུང་བཞིའི” གནད་དོན་756དག་ཐེར་བྱས་པ། བདེན་འཚོལ་དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལོ་རྒྱུས་དངོས་གཙོ་རིང་ལུགས་རྒྱུན་འཁྱོངས་ཀྱིས་དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་འཕེལ་རྒྱས་ཀྱི་མཐོ་ཚད་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་ཞེས་པ་སྤེལ་བ། བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པ་གཟབ་རྒྱས་ངང་འགོ་ཚུགས་པ། མང་ཚོགས་ཀྱི“མགྲིན་ཚབ་པ”ཡག་པོ་ཞིག་བྱེད་ཀྱི་ཡིན། “པེ་ཅིང་དུ་འཛོམས་པ”ཞེས་པའི་སྐབས་དང་པོའི་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་དང་འཛམ་གླིང་ཐང་གའི་སྒྱུ་རྩལ་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་སྤེལ་བ། 2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > བོད་ལྗོངས་གསར་འགྱུར།

བོད་ལྗོངས་ཀྱིས་མཐོ་སློབ་མཐར་ཕྱིན་སློབ་མར་རང་བརྟེན་ལས་གཏོད་ཀྱི་གཞི་རྩའི་འཚོ་བའི་ཁ་གསབ་རོགས་དངུལ་སྤྲད་པ།

སྤེལ་དུས 2020-04-01 ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ། རྩོམ་པ་པོ།

          བོད་རང་སྐྱོང་ལྗོངས་ཏང་ཨུའི་མཐོ་སློབ་མཐར་ཕྱིན་སློབ་མའི་ལས་ཞུགས་ལས་གཏོད་ལ་རྒྱབ་སྐྱོར་བྱ་རྒྱུའི་སྐོར་གྱི་ལས་དོན་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་བྱས་ཏེ་མཐོ་སློབ་མཐར་ཕྱིན་སློབ་མ་སོགས་གཞོན་ནུ་ཚོགས་ཀྱི་ལས་ཞུགས་ལས་གཏོད་ལ་སྐུལ་འདེད་གཏོང་བ་དང་། རྒྱ་ཆེའི་མཐར་ཕྱིན་སློབ་མའི་ལས་འཚོལ་ལས་གཏོད་ཀྱི་ཁུར་པོ་ཡང་དུ་གཏོང་བ། རང་བརྟེན་ལས་ཞུགས་ལས་གཏོད་ཀྱི་གོ་སྐབས་མང་དུ་གཏོང་བ་བཅས་བྱ་ཆེད། བོད་རང་སྐྱོང་ལྗོངས་ངལ་རྩོལ་ལས་ཞུགས་ཞབས་ཞུ་ཅུའུ་ཡིས《བོད་རང་སྐྱོང་ལྗོངས་ཀྱི་མཐོ་སློབ་མཐར་ཕྱིན་སློབ་མའི་ལས་གཏོད་མ་དངུལ་གྱི་རྒྱབ་སྐྱོར་ཐོབ་པ་དང་། ལས་ཡུལ་གྱི་བོགས་དངུལ་དང་ཆུ་རིན་གློག་རིན་གྱི་ཁ་གསབ་རོགས་དངུལ། སྤྱི་ཚོགས་འགན་བཅོལ་གྱི་ཁ་གསབ་རོགས་དངུལ། གཞི་རྩའི་འཚོ་བའི་ཁ་གསབ་རོགས་དངུལ་བཅས་སྤྲོད་པའི་ལག་བསྟར་ཞིབ་སྲོལ》(གཤམ་དུ《ལག་བསྟར་ཞིབ་སྲོལ》ཞེས་བསྡུ་རྒྱུ)(བོད་རང་སྐྱོང་ལྗོངས་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་གིས་བཀྲམས་པའི་[2017]ཡིག་ཨང142པ)བླང་བྱ་གཞིར་བཟུང་སྟེ། བོད་རང་སྐྱོང་ལྗོངས་ཀྱིས་སློབ་གྲྭ་ནས་ཁ་བྲལ་ཏེ་ལས་ཞུགས་ཐུབ་མེད་པའི་མཐོ་སློབ་མཐར་ཕྱིན་སློབ་མར་རང་བརྟེན་ལས་གཏོད་ཀྱི་གཞི་རྩའི་འཚོ་བའི་ཁ་གསབ་རོགས་དངུལ་སྤྲོད་པའི་ལས་དོན་ནན་ཏན་ངང་སྤེལ་བ་རེད།
          ཡིག་ཆའི་བླང་བྱ་ལྟར། བོད་རང་སྐྱོང་ལྗོངས་ཀྱི་མཐོ་སློབ་མཐར་ཕྱིན་སློབ་མ་རང་སྐྱོང་ལྗོངས་རིམ་པའི་ལས་གཏོད་གསོ་སྐྱོང་རྟེན་གཞི་དང་། ཀུན་གཏོད་བར་སྟོང་ངམ་ཡང་ན་ལས་གཏོད་པའི་བར་སྟོང་དུ་སོང་ནས་གསོ་སྐྱོང་སྤེལ་བའི་རིགས་ལ་མི་རེར་ལོ་ལྟར་གཞི་རྩའི་འཚོ་བའི་ཁ་གསབ་རོགས་དངུལ་སྒོར་ཁྲི2ཐོབ་པ་དང་ཁ་གསབ་དུས་ཚོད་རིང་ཤོས་ལོ2ཡིན་པ་རེད།
          བོད་རང་སྐྱོང་ལྗོངས་ངལ་རྩོལ་ལས་ཞུགས་ཞབས་ཞུ་ཅུའུ་ཡི་འབྲེལ་ཡོད་འགན་འཁུར་བས་ངོ་སྤྲོད་བྱས་པར་གཞིགས་ན། ཉེ་ཆར་ཐེངས་འདིའི་གཞི་རྩའི་འཚོ་བའི་ཁ་གསབ་རོགས་དངུལ་སྤྲོད་པའི་ལས་དོན་ཚང་མ་ལེགས་འགྲུབ་བྱུང་ཡོད་ཅིང་། བསྡོམས་པས་ལྷ་སའི་ཚན་རྩལ་ཀུན་གཏོད་བར་སྟོང་དང་། ཆབ་མདོའི་ཁམས་པའི་མུ་ཏིག་ཀུན་གཏོད་བར་སྟོང། བོད་ལྗོངས་སློབ་ཆེན་གྱི་ཕུགས་འདུན་དངོས་གྲུབ་སློབ་ཆེན་སློབ་མའི་ལས་གཏོད་གསོ་སྐྱོང་རྟེན་གཞི། སྣེ་གསུམ་པའི་ཀུན་གཏོད་བར་སྟོང་བཅས་རང་སྐྱོང་ལྗོངས་རིམ་པའི་གཉིས་གཏོད་གཞི་རྟེན4ཡི་མཐོ་སློབ་མཐར་ཕྱིན་སློབ་མ174ལ་ཕན་པ་ཐོབ་པ་དང་མཐོ་སློབ་མཐར་ཕྱིན་སློབ་མ་དེ་དག་གིས་རིག་གནས་རོལ་རྩེད་གློག་བརྙན་དང་། སྨན་རྫས་ཐོན་རྫས། དྲ་རྒྱའི་ཆ་འཕྲིན། རིག་གནས་སློབ་གསོ། འཛུགས་སྐྲུན་རྒྱུ་ཆའི་རྒྱན་སྤྲས་ཇུས་འགོད། རྒྱུན་སྤྱོད་དངོས་ཟོག་སྣ་ཚོགས་བཅས་ཀྱི་ལས་དོན་སྒྲུབ་བཞིན་ཡོད་ལ། དངུལ་འབོར་སྒོར་ཁྲི180ལྷག་ཙམ་དང་འབྲེལ་བ་ཡོད།
          རྒྱུས་ལོན་བྱུང་བར་གཞིགས་ན། འདི་ནི《ལག་བསྟར་ཞིབ་སྲོལ》གྱི་ཡིག་ཆ་ཁྱབ་བསྒྲགས་བྱས་ཚུན་བོད་ལྗོངས་ཀྱིས་མཐོ་སློབ་མཐར་ཕྱིན་སློབ་མར་རང་བརྟེན་ལས་གཏོད་ཀྱི་གཞི་རྩའི་འཚོ་བའི་ཁ་གསབ་རོགས་དངུལ་ཐེངས་དང་པོར་སྤྲད་པ་རེད། །

རྩོམ་སྒྲིག་པ། བདེ་སྒྲོལ།