དགུན་དུས་བོད་ལྗོངས་སུ་གནས་སྐོར་དུ་ཡོང་མཁན་རིམ་བཞིན་ཇེ་མང་དུ་གྱུར། གྲོང་ཚོར་དགུན་ཁའི་གུང་གསེང་གི་གསབ་སྦྱོང་འཛིན་གྲྭ་གཉེར་བ། མཚོ་སྔོན་གྱིས་ཆུ་བོ་དང་མཚོའི“གང་བྱུང་བཞིའི” གནད་དོན་756དག་ཐེར་བྱས་པ། བདེན་འཚོལ་དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལོ་རྒྱུས་དངོས་གཙོ་རིང་ལུགས་རྒྱུན་འཁྱོངས་ཀྱིས་དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་འཕེལ་རྒྱས་ཀྱི་མཐོ་ཚད་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་ཞེས་པ་སྤེལ་བ། བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པ་གཟབ་རྒྱས་ངང་འགོ་ཚུགས་པ། མང་ཚོགས་ཀྱི“མགྲིན་ཚབ་པ”ཡག་པོ་ཞིག་བྱེད་ཀྱི་ཡིན། “པེ་ཅིང་དུ་འཛོམས་པ”ཞེས་པའི་སྐབས་དང་པོའི་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་དང་འཛམ་གླིང་ཐང་གའི་སྒྱུ་རྩལ་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་སྤེལ་བ། 2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > བོད་ལྗོངས་གསར་འགྱུར།

ལྷ་ས་གྲོང་ཁྱེར་གྱི་དམངས་སྲིད་སྡེ་ཁག་གིས་དཀའ་ངལ་ཡོད་པའི་མང་ཚོགས་ལ་འཚོ་བའི་འགན་སྲུང་འདོན་སྤྲོད་བྱས།

སྤེལ་དུས 2020-04-02 ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ། རྩོམ་པ་པོ།

          སྤྱི་ཚོགས་རོགས་སྐྱོབ་ཀྱི་མཐའ་སྐྱོང་འགན་སྲུང་ནུས་ཤུགས་འདོན་སྤེལ་གང་ལེགས་བྱས་ཏེ། དཀའ་ངལ་ཡོད་པའི་མང་ཚོགས་ཀྱི་གཞི་རྩའི་འཚོ་བར་འགན་སྲུང་བྱ་ཆེད། ཉེ་བའི་ཉིན་འགའི་རིང་ལ། ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་དམངས་སྲིད་ཅུའུ་ཡིས་རོགས་སྐྱོབ་མ་དངུལ་སོ་སོ་དངོས་འབེབས་བྱས་ཏེ། མ་མཐའི་འཚོ་བའི་འགན་སྲུང་མ་དངུལ་དང་། འཚོ་བར་དཀའ་ངལ་ཡོད་པའི་མི་སྣའི་གཞི་རྩའི་འཚོ་བའི་ཁ་གསབ་མ་དངུལ། རིན་གོང་གི་གནས་སྐབས་ཁ་གསབ། གནས་སྐབས་རོགས་སྐྱོབ་མ་དངུལ་སོགས་དུས་ཐོག་ཏུ་ཁ་ཚང་ངང་རྩིས་སྤྲོད་བྱེད་པར་ཁག་ཐེག་བྱས་པ་དང་། རོགས་སྐྱོབ་ཆ་རྐྱེན་དང་མཐུན་པའི་མི་སྣ་མ་མཐའི་འཚོ་བ་འགན་སྲུང་སོགས་ཀྱི་རོགས་སྐྱོབ་ཁྱབ་ཁོངས་ནང་དུས་ཐོག་ཏུ་བཅུག་པ་རེད།
          ལྷ་ས་གྲོང་ཁྱེར་དམངས་སྲིད་ཅུའུ་ཡི་ཏང་ཙུའུ་ཡི་ཁོངས་མིའམ་ཅུའུ་ཀྲང་གཞོན་པ་ལིའུ་ཕུའུ་ཕིང་གིས་གསར་འགོད་པར་བཤད་རྒྱུར། “དཀའ་ངལ་ཡོད་པའི་མང་ཚོགས་ཀྱི་གཞི་རྩའི་འཚོ་བར་འགན་སྲུང་བྱེད་པའི་སྐོར་གྱི་དམངས་སྲིད་པུའུ་ཡི་བྱེད་ཐབས་ཁག་ལྔ་ལྟར། ལྷ་ས་གྲོང་ཁྱེར་དམངས་སྲིད་ཅུའུ་ཡིས་སྤྱི་ཚོགས་ཀྱི་རོགས་སྐྱོབ་མ་དངུལ་དང་མ་མཐའི་འཚོ་བ་འགན་སྲུང་མ་དངུལ་གཞན་དག་དུས་ཐོག་ཏུ་ཁ་ཚང་ངང་དངོས་འབེབས་བྱས་ནས། འཚོ་བར་དཀའ་ངལ་ཡོད་པའི་ལྗོངས་ཕྱི་ནང་གི་མང་ཚོགས་ལ་དུས་ཐོག་ཏུ་གནས་སྐབས་ཀྱི་འཚོ་བའི་རོགས་སྐྱོབ་བྱས་ཏེ། མ་མཐའི་འཚོ་བ་འགན་སྲུང་གི་ཆ་རྐྱེན་དང་མཐུན་པའི་འགན་སྲུང་བྱ་ཡུལ་ཡོད་ཚད་འགན་སྲུང་བྱས་པ་ཡིན་ཟེར།
          རྒྱུས་ལོན་པ་ལྟར་ན། ལྷ་ས་གྲོང་ཁྱེར་གྱིས་གྲོང་ཁྱེར་དང་ཞིང་སྡེའི་མ་མཐའི་འཚོ་བ་འགན་སྲུང་ཁྱིམ་ཚང8070ཡི་མང་ཚོགས14654ལ་གྲོང་ཁྱེར་དང་ཞིང་སྡེའི་མ་མཐའི་འཚོ་བ་འགན་སྲུང་མ་དངུལ་སྒོར་ཁྲི2161.8རྩིས་སྤྲོད་བྱས། གཞན་ཡང་འཚོ་བའི་དཀའ་ངལ་ཡོད་པའི་གསོ་སྐྱོང་མི་སྣ1341ལ་གསོ་སྐྱོང་མ་དངུལ་སྒོར་ཁྲི370.36སྤྲད་པ་དང་། མི10ལ་གནས་སྐབས་ཀྱི་རོགས་སྐྱོབ་མ་དངུལ་སྒོར་ཁྲི5.25ཐག་གཅོད་བྱས་པ་རེད། །

རྩོམ་སྒྲིག་པ། བདེ་སྒྲོལ།