ད་ལོར་དགུང་གྲངས65ལ་སླེབས་པའི་འཕྲིན་ལས་ནི་ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་པ་སྣམ་ཞོལ་སྡེ་ཁུལ་གྱི་མང་ཚོགས་ཕལ་བ་ཞིག་ཡིན་ཏེ། 2017ལོར“སྣང་ཆེན་བཞི་དང་དགའ་ཞེན་བཞིའི”སྒྲོག་འགྲེལ་པའི་འགན་འཁུར་བ་ནས་བཟུང་ཁོང་གིས་བབ་ཆགས་པའི་སྐད་ཆ་དང་ལྟ་འདོད་ལ་ཉན་སྤྲོ་བའི་བྱེད་སྟངས་ལ་བརྟེན་ནས“སྣང་ཆེན་བཞི་དང་དགའ་ཞེན་བཞི”མང་ཚོགས་ཀྱི་སེམས་ཁོངས་སུ་རྩ་བ་ཚུགས་ཤིང་རྩེ་མོ་རྒྱས་པར་བྱས།
སློབ་སྦྱོང་རྒྱུན་འཁྱོངས་བྱས་ཏེ་སྒྲོག་འགྲེལ་ཐད་རིགས་པའི་གཞུང་ལུགས་ཀྱི་རྨང་གཞི་ཡག་པོ་འདིང་བ།
ཟླ3པའི་ཚེས30ཉིན། གསར་འགོད་པ་ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་པ་སྣམ་ཞོལ་སྡེ་ཁུལ་གྲོང་ལྷན་དུ་བསྐྱོད་ནས་སྡེ་ཁུལ་གྱི་ལས་དོན་མི་སྣ་དང་སྒྲོག་འགྲེལ་ནང་དོན་གྲོས་བསྡུར་བྱེད་བཞིན་པའི་འཕྲིན་ལས་མཐོང་བྱུང་།
དགུང་གྲངས65ལ་སླེབས་པའི་འཕྲིན་ལས་ཀྱིས་སྐད་ཆ་བཤད་སྐབས་གོ་རིམ་ལྡན་པ་དང་རིམ་པ་གསལ་པོ་ཡོད་པ་དང་། ཁོང་གིས་གསལ་བཤད་བྱས་པ་བརྒྱུད་འཕྲིན་ལས་ནི1979ལོར་ཀྲུང་གོ་གུང་ཁྲན་ཏང་ནང་ཞུགས་པ་དང་ལོ་ངོ41རིང་ཁོང་གིས་ཐོག་མཐའ་བར་གསུམ་དུ་སྤྱོད་ལམ་དངོས་ཀྱི་སྟེང་ནས་གུང་ཁྲན་ཏང་གི་ཏང་ཡོན་ཞིག་གི་འགན་འཁྲི་དང་འོས་འགན་ལག་ལེན་བསྟར་བཞིན་ཡོད་པ་གསར་འགོད་པས་ཤེས་བྱུང་། 2017ལོར། རིགས་པའི་གཞུང་ལུགས་ཀྱི་རྨང་གཞི་བརྟན་པོ་དང་འགྲེལ་བརྗོད་ཀྱི་ནུས་པ་བཟང་པོ་ལྡན་པའི་དབང་གིས་པ་སྣམ་ཞོལ་སྡེ་ཁུལ་གྱི“སྣང་ཆེན་བཞི་དང་དགའ་ཞེན་བཞིའི”སྒྲོག་ཁྲིད་པ་ཞིག་ཏུ་གྱུར་པ་རེད།
སྒྲོག་འགྲེལ་པའི་ལས་དོན་ཡག་པོ་སྒྲུབ་ཆེད་འཕྲིན་ལས་ཀྱིས་ཏང་གི་རིགས་པའི་གཞུང་ལུགས་གསར་པ་དང་ཤེས་བྱ་གསར་པ། སྲིད་ཇུས་གསར་པ་བཅས་སློབ་སྦྱོང་ནན་ཏན་བྱས་པ་མ་ཟད། རྒྱུན་ལྡན་འཚོ་བའི་ཁྲོད་ཁོང་གིས་ཀྱང་དུས་དང་རྣམ་པ་ཀུན་ཏུ་སློབ་སྦྱོང་དང་གསོག་འཇོག་ལ་དོ་སྣང་བྱས་ཏེ་རང་ཉིད་ཀྱི་རིགས་པའི་གཞུང་ལུགས་ཀྱི་རྨང་གཞི་རྒྱུན་ཆད་མེད་པར་མཐོ་རུ་བཏང་ཡོད་དེ། “ངས་ཉིན་ལྟར་གསར་འགྱུར་མཉམ་སྒྲོག་དང《བོད་ལྗོངས་ཉིན་རེའི་ཚགས་པར》ལ་བལྟ་རྒྱུ་རྒྱུན་འཁྱོངས་བྱས་ནས་སྐབས་དོན་ཆབ་སྲིད་ཀྱི་གནས་ཚུལ་དང་དེ་བཞིན་ཏང་དང་རྒྱལ་ཁབ་ཀྱི་ལམ་ཕྱོགས་དང་བྱེད་ཕྱོགས། སྲིད་ཇུས་བཅས་ལ་དུས་ཐོག་ཏུ་གོ་བ་ལེན་པ་དང་ཁོང་དུ་ཆུད་པ་བྱས་རྗེས་རང་ཉིད་ཀྱི་མཐོང་ཐོས་དང་ཟུང་འབྲེལ་གྱིས་མང་ཚོགས་རྣམས་ལ་བཤད་ཀྱི་ཡོད”ཅེས་འཕྲིན་ལས་ཀྱིས་དེ་སྐད་བཤད།
གསར་རྙིང་བསྡུར་པས་སྒྲོག་འགྲེལ་སྔར་བས་དངོས་བབ་དང་ཐག་ཉེ་པོ་བྱུང་པ།
1980ལོར་དམག་དཔུང་ནས་ཕྱིར་འཐེན་བྱས་མ་ཐག་པའི་འཕྲིན་ལས་ཕ་ཡུལ་ནག་ཆུ་གྲོང་ཁྱེར་དུ་ལོག་ནས་ཚོང་ཆུང་ཆུང་གཉེར་པ་དང་། འཚོ་བ་དེ་འདྲ1991ལོར་ཁོ་རང་ལྷ་སར་སླེབས་རག་བར་དུ་རྒྱུན་བསྐྱང་པ་རེད། ལོ་ངོ་བཅུ་གཅིག་རིང་གི་འཚོ་བའི་བརྒྱུད་རིམ་ནང་ཁོང་ཉིད་མི་སྣ་དང་དོན་དག་མང་པོར་འཕྲད་པ་མ་ཟད། འཚོ་བའི་ཐད་ལྟ་སྟངས་དེ་བས་གཏིང་ཟབ་པའི་གོ་བ་ལོན་ཡོད་པས་ན་སྒྲོག་འགྲེལ་གྱི་ནང་དོན་ཡང་དངོས་བབ་དང་ཐག་ཉེ་པོ་བྱུང་པ་རེད།
“སྒྲོག་འགྲེལ་པ་ཞིག་ཡིན་པའི་ངོས་ནས་སྒྲོག་འགྲེལ་བྱ་ཡུལ་གྱི་རིག་གནས་ཀྱི་རིམ་པ་མི་འདྲ་བ་དང་དང་ལེན་བྱེད་ནུས་ལའང་ཁྱད་པར་ཡོད་པ་རེད། དེར་བརྟེན་སྒྲོག་འགྲེལ་བྱེད་རིང་ངས་སྔོན་ལ་མང་ཚོགས་གང་ལ་དགའ་པོ་ཡོད་པ་དང་གང་ཞིག་ཉན་འདོད་པའི་ཐད་རྒྱུས་ལོན་བྱས་པ་ཡིན་ལ། དེ་ནས་སྒྲོག་འགྲེལ་གྱི་རྩ་གནད་དང་མཉམ་འདྲེས་བྱས་ཏེ་སྒྲོག་འགྲེལ་གྱི་ཕན་འབྲས་དེ་བས་ལེགས་པ་ཐོན་པར་བྱས་པ་ཡིན”ཞེས་འཕྲིན་ལས་ཀྱིས“སྒྲོག་འགྲེལ་གྱི་ནང་དོན་ཁ་ཤས་ཐད་ང་རང་ལའང་རང་ཉིད་ཀྱི་ཉམས་མྱོང་མང་པོ་ཡོད་དེ། དེ་བས་ངས་རྟག་ཏུ་གསར་རྙིང་བསྡུར་བའི་བྱ་ཐབས་སྤྱད་དེ་ཚང་མའི་དེ་སྔའི་འཚོ་བ་གང་འདྲ་ཞིག་ཡིན་པ་དང་ད་ལྟའི་འཚོ་བ་ཡང་གང་འདྲ་ཞིག་ཡིན་པ། མང་ཚོགས་ལ་རིགས་པའི་གཞུང་ལུགས་ཀྱི་ཤེས་བྱ་དེ་དག་དེ་བས་ལེགས་པའི་སྒོ་ནས་ཤེས་རྟོགས་ཐུབ་རྒྱུར་རོགས་རམ་བྱེད་ཀྱི་ཡོད”ཟེར།
འཕྲིན་ལས་ཀྱིས་སྒྲོག་འགྲེལ་བྱེད་སྐབས་དོན་དངོས་དང་ཟུང་འབྲེལ་བྱ་རྒྱུར་དོ་སྣང་ཆེན་པོ་བྱེད་ཀྱི་ཡོད་དེ། སྲིད་ཇུས་སྣ་ཚོགས་ཡོད་ལ་མང་ཚོགས་ཀྱི་འཁྲིས་སུ་བྱུང་པའི་དོན་དངོས་ཀྱང་ཡོད་ཅིང་། རིགས་པའི་གཞུང་ལུགས་ཀྱི་ཤེས་བྱར་མཐོང་ཆེན་བྱེད་ཀྱི་ཡོད་ལ་མང་ཚོགས་ཀྱིས་ཉན་འདོད་པའི“སྤྱིར་བཏང་གི་ཁ་བརྡ”ཡང་བཤད་ཀྱི་ཡོད་པ་བཅས་ལས་འཕྲིན་ལས་ཀྱི་སྒྲོག་འགྲེལ་ལ་མང་ཚོགས་ཀྱི་གདེང་འཇོག་ཡག་པོ་ཐོབ་ཡོད་པ་རེད།
ཐོག་མའི་བསམ་འདུན་མི་བརྗེད་པ་ནི་སྒྲོག་འགྲེལ་གྱི་ནུས་པ་འདོན་སྤེལ་བྱ་ཆེད་རེད།
ལོ་ན་རྒས་པའི་རྐྱེན་གྱིས་འཕྲིན་ལས་ཀྱི་གཟུགས་གཞི་ནི་སྔོན་ཆད་བཞིན་སྲ་མཁྲེགས་མིན་ལ་མིག་ཤེད་ཇེ་ཞན་དུ་སོང་ཡོད་པ་དང་། སློབ་སྦྱོང་ཡང་སྔོན་ཆད་ལས་དཀའ་ལས་ཆེན་པོ་ཆགས་འདུག གསར་འགོད་པས་སླད་ཕྱིན་ད་དུང“སྣང་ཆེན་བཞི་དང་དགའ་ཞེན་བཞིའི”སྒྲོག་འགྲེལ་པ་བྱ་རྒྱུ་རྒྱུན་འཁྱོངས་བྱེད་མིན་འདྲི་སྐབས། ཁོང་གིས“གུང་ཁྲན་ཏང་ཡོན་ཞིག་ཡིན་པའི་ངོས་ནས་མང་ཚོགས་ཀྱི་དགོས་མཁོ་དང་སྡེ་ཁུལ་གྱི་དགོས་མཁོ་ཡོད་ཚེ་ངས་ངེས་པར་དུ་རྒྱུན་འཁྱོངས་བྱས་ཏེ‘སྣང་ཆེན་བཞི་དང་དགའ་ཞེན་བཞི’དྲིལ་བསྒྲགས་བྱས་ནས་མང་ཚོགས་དེ་བས་མང་པོས་ང་ཚོའི་ཏང་གི་སྲིད་ཇུས་བཟང་པོ་ཤེས་རྟོགས་ཐུབ་པ་བྱེད་དགོས་ཟེར།
འཕྲིན་ལས་ཀྱི་དགོངས་ཕྱོགས་ཐད་པ་སྣམ་ཞོལ་སྡེ་ཁུལ་གྲོང་ལྷན་གྱི་ལས་དོན་མི་སྣས་སླད་ཕྱིན་བགྲེས་པོ་ཁོང་གི་འདོད་བློར་བརྩི་འཇོག་བྱེད་པ་དང་སྒྲོག་འགྲེལ་དུས་ཚོད་ལུགས་མཐུན་བཀོད་སྒྲིག་བྱས་ནས་ཁོང་ལ་སྒྲོག་འགྲེལ་ལས་དོན་མུ་མཐུད་སྤེལ་དུ་བཅུག་སྟེ་ལས་གནས་དེའི་ཐོག་འོད་ཟེར་འཕྲོ་ཐུབ་པ་བྱ་རྒྱུ་ཡིན་ཞེས་བཤད་པ་རེད།
“སྣང་ཆེན་བཞི་དང་དགའ་ཞེན་བཞིའི”སྒྲོག་འགྲེལ་པ་ཞིག་ཏུ་གྱུར་ནས་ལོ་ངོ3སོང་རིང་འཕྲིན་ལས་ཀྱིས“དངོས་བབ་དང་ཐག་ཉེ་བའི”སྒྲོག་འགྲེལ་བྱེད་པའི་ནང་དོན་དང་སྟབས་བསྟུན་གྱི་སྒྲོག་འགྲེལ་བྱེད་སྟངས་བརྒྱུད“ཏང་གི་བཀའ་དྲིན་ལ་སྣང་ཆེན་དང་ལྟེ་བར་དགའ་ཞེན་བྱེད་པ། མཐུན་སྒྲིལ་ལ་སྣང་ཆེན་དང་མེས་རྒྱལ་ལ་དགའ་ཞེན། ནུས་ཤུགས་འབུལ་རྒྱུར་སྣང་ཆེན་དང་ཁྱིམ་གཞིས་ལ་དགའ་ཞེན། ཡ་རབས་ལ་སྣང་ཆེན་དང་འཚོ་བར་དགའ་ཞེན་བཅས་བྱེད་པ”མང་ཚོགས་ཀྱི་སེམས་ནང་རྩ་བ་ཚུགས་པ་དང་རྩེ་མོ་རྒྱས་བར་བྱས་ཡོད་པ་རེད།