དགུན་དུས་བོད་ལྗོངས་སུ་གནས་སྐོར་དུ་ཡོང་མཁན་རིམ་བཞིན་ཇེ་མང་དུ་གྱུར། གྲོང་ཚོར་དགུན་ཁའི་གུང་གསེང་གི་གསབ་སྦྱོང་འཛིན་གྲྭ་གཉེར་བ། མཚོ་སྔོན་གྱིས་ཆུ་བོ་དང་མཚོའི“གང་བྱུང་བཞིའི” གནད་དོན་756དག་ཐེར་བྱས་པ། བདེན་འཚོལ་དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལོ་རྒྱུས་དངོས་གཙོ་རིང་ལུགས་རྒྱུན་འཁྱོངས་ཀྱིས་དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་འཕེལ་རྒྱས་ཀྱི་མཐོ་ཚད་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་ཞེས་པ་སྤེལ་བ། བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པ་གཟབ་རྒྱས་ངང་འགོ་ཚུགས་པ། མང་ཚོགས་ཀྱི“མགྲིན་ཚབ་པ”ཡག་པོ་ཞིག་བྱེད་ཀྱི་ཡིན། “པེ་ཅིང་དུ་འཛོམས་པ”ཞེས་པའི་སྐབས་དང་པོའི་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་དང་འཛམ་གླིང་ཐང་གའི་སྒྱུ་རྩལ་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་སྤེལ་བ། 2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > བོད་ལྗོངས་གསར་འགྱུར།

ལྷ་ས་གྲོང་ཁྱེར་ཁྲོམ་ར་ལྟ་སྐུལ་དོ་དམ་ཅུས་ཀྱིས་གཙོ་གནད་ཁེ་ལས་ཀྱི་བཟའ་བཅའི་བདེ་འཇགས་ཀྱི་ལྟ་སྐུལ་མཛུབ་ཁྲིད་ལས་དོན་ལ་ཤུགས་སྣོན་བརྒྱབ།

སྤེལ་དུས 2020-04-02 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ། པད་མ་རྒྱལ་གྱིས་བསྒྱུར།
          ཀྲུང་གོའི་བོད་ལྗོངས་དྲ་བའི་འཕྲིན། བཟའ་བཅའི་སྡེབ་སྐྱེལ་ལས་ཁུངས་ནི་བཟའ་བཅའི་བདེ་འཇགས་ཀྱི་ཉེན་ཁ་ཆེ་བའི་ལས་རིགས་ཀྱི་གྲས་ཤིག་ཡིན་ཞིང་། དེར་ཁྱབ་འགྱེད་ཀྱི་ཁྱབ་ཁོངས་ཆེ་བ་དང་། ཤུགས་རྐྱེན་ཐེབས་པའི་མི་ཚོགས་ཆེ་བ། གནད་དོན་ཐོན་སླ་བ་དང་གནད་དོན་ཐོན་མང་བ་སོགས་ཀྱི་ཁྱད་ཆོས་ལྡན་ཡོད་པས། དེ་ནི་བཟའ་བཅའི་བདེ་འཇགས་ལ་ལྟ་སྐུལ་དོ་དམ་བྱེད་པའི་གཙོ་གནད་ཅིག་ཡིན། ལས་རིགས་ཁག་གིས་ཕྱོགས་ཡོངས་ནས་ལས་འགོ་ཚུགས་པ་དང་ཐོན་སྐྱེད་སླར་གསོ་བྱས་པ་དང་བསྟུན་ནས་ལས་རིགས་ཁག་གི་བཟའ་བཅའི་བདེ་འཇགས་ལ་འགན་ལེན་ཏན་ཏིག་བྱེད་པ་དང་། རིམས་ནད་སྔོན་འགོག་བྱེད་རིང་བཟའ་བཅའི་བདེ་འཇགས་ཀྱི་ལས་དོན་ཡག་པོ་བསྒྲུབ་ནས་ནུས་ལྡན་སྒོས་བཟའ་བཅའི་བདེ་འཇགས་ཀྱི་དོན་རྐྱེན་སྔོན་འགོག་དང་ཚོད་འཛིན་བྱེད་ཆེད། ཉེ་ཆར་ལྷ་ས་གྲོང་ཁྱེར་ཁྲོམ་ར་ལྟ་སྐུལ་དོ་དམ་ཅུས་ཀྱིས་ལྷ་ས་གྲོང་ཁྱེར་དག་གཙང་ཀུང་སིའི་མཁོ་སྤྲོད་འགན་ལེན་ལྟེ་གནས་སུ་བྱ་བར་ལྟ་སྐུལ་མཛུབ་ཁྲིད་དང་ཞིབ་བཤེར་བྱས་པ་རེད།

          ཐེངས་འདིའི་ལྟ་སྐུལ་མཛུབ་ཁྲིད་དང་ཞིབ་བཤེར་བྱེད་པའི་དམིགས་ཡུལ་ནི་མཁོ་སྤྲོད་འགན་ལེན་ལྟེ་གནས་ཀྱིས་བྱེད་པོའི་འགན་འཁྲི་དོན་འཁྱོལ་དང་། སྒྲིག་བརྩི་ཁྲིམས་སྲུང་གིས་ལས་གཉེར་བྱས་ཏེ་སྒྲིག་སྲོལ་ལམ་ལུགས་བཙུགས་ནས་འཐུས་ཚང་དུ་གཏོང་བ་དང་། བཟའ་བཅའི་མ་བཅོས་རྒྱུ་ཆ་ཉོ་འདྲེན་བྱ་བར་ཞིབ་བཤེར་དང་། ཤ་རིགས་ཐོན་རྫས་ཀྱི་ལག་ཁྱེར་དང་འཛིན་བྱང་ལེན་པ། ཞིང་ཕྱུགས་སྐྱོན་ཅན་ལ་ཞིབ་བཤེར་དང་ཞིབ་དཔྱད་ཚད་ལེན་བྱ་བར་ཤུགས་སྣན་བརྒྱབ་སྟེ། བཟའ་བཅའི་འབྱུང་ཁུངས་བདེ་འཇགས་དང་། སྐྱེལ་འདྲེན་ཁོར་ཡུག་གི་འཕྲོད་བསྟེན། ཐུམ་ཆུང་རྒྱག་པའི་གོ་རིམ་ནང་སྦགས་བཙོག་མེད་པ་དང་སྡེབ་སྐྱེལ་བྱེད་པའི་ཁ་ཕྱོགས་གསལ་བོ་ཡོང་བའི་འགན་ལེན་བྱས་པ་རེད། 
          ཁེ་ལས་ཀྱི་འགན་འཁུར་བས་མིག་སྔའི་ཁེ་ལས་ཀྱི་ལས་དོན་སྤེལ་ཚུལ་ངོ་སྤྲོད་བྱས་ཤིང་། མིག་སྔའི་དཀའ་ངལ་དངོས་ལ་དབྱེ་ཞིབ་བྱས་ཏེ་གོམ་སྟབས་རྗེས་མའི་ལས་ཀའི་ཁ་ཕྱོགས་ཁ་གསལ་བྱས་པ་རེད། ལྷ་ས་གྲོང་ཁྱེར་ཁྲོམ་ར་ལྟ་སྐུལ་དོ་དམ་ཅུས་ཀྱིས་དག་གཙང་ཀུང་སིས་མཁོ་སྤྲོད་འགན་ལེན་ལྟེ་གནས་ལ་སྒྲིག་སྲོལ་དང་ལམ་ལུགས་འཛུགས་དགོས་པ་དང་། དོ་དམ་ཚད་ལྡན་ཡོང་བ་བྱེད་པ་དང་ཆབས་ཅིག་ཁྲོམ་རའི་ལྟ་སྐུལ་དོ་དམ་སྡེ་ཚན་དང་འབྲེལ་གཏུག་བྱ་བར་ཤུགས་སྣོན་བརྒྱབ་ནས་ཐུན་མོང་ཐོག་དཀའ་ངལ་ལ་ཁ་གཏད་ནས་ཐག་གཅོད་བྱེད་དགོས་པའི་བླང་བྱ་བཏོན་པ་རེད། གཞན་ཡང་ཁེ་ལས་ཀྱི་བྱེད་པོའི་འགན་འཁྲི་དོན་འཁྱོལ་བྱས་ནས་བཟའ་བཅའི་མ་བཅོས་རྒྱུ་ཆ་ཉོ་འདྲེན་བྱ་བར་ཞིབ་བཤེར་དང་། ཤ་རིགས་ཐོན་རྫས་ཀྱི་ལག་ཁྱེར་དང་འཛིན་བྱང་ལེན་པ། ཞིང་ཕྱུགས་སྐྱོན་ཅན་ལ་ཞིབ་བཤེར་དང་ཞིབ་དཔྱད་ཚད་ལེན་བྱ་རྒྱུར་ཤུགས་སྣོན་རྒྱག་པ་དང་། བཟའ་བཅའི་མཛོད་ཁང་ལུགས་མཐུན་ངང་བགོས་ནས་རེ་བ་ལྟར་ཟས་རིགས་ཉར་འཇོག་བྱེད་དགོས་པའི་རེ་བ་བཏོན་པ་དང་། དེ་མིན་ཁེ་ལས་ཀྱིས་ཁ་དན་ཚིག་གནས་དང་ཚད་ལྡན་གཉེར་སྐྱོང་བྱས་ཏེ་ཁེ་ལས་ནང་ཁུལ་གྱི་ལམ་ལུགས་འཛུགས་སྐྱོང་འཐུས་ཚང་དུ་གཏོང་བ་དང་། ཟས་རིགས་མཁོ་སྤྲོད་ཀྱི་སྤུས་ཚད་ཀྱི་བདེ་འཇགས་འགན་ལེན་བྱས་ནས་སྤྱི་ཚོགས་ཡོངས་ཀྱིས་ཐུན་མོང་སྒོས་བཟའ་བཅའི་བདེ་འཇགས་བཅོས་སྐྱོང་བྱ་རྒྱུར་སྐུལ་འདེད་གཏོང་དགོས་པའི་བླང་བྱ་བཏོན་པ་རེད།

          ལྷ་ས་གྲོང་ཁྱེར་ཁྲོམ་ར་ལྟ་སྐུལ་དོ་དམ་ཅུས་ཀྱི་འབྲེལ་ཡོད་འགན་འཁུར་བས་ངོ་སྤྲོད་བྱས་པ་ལྟར་ན། ཐེངས་འདིའི་ལྟ་སྐུལ་མཛུབ་ཁྲིད་དང་ཞིབ་བཤེར་བྱ་བར་དྲན་སྐུལ་གོང་རེ་བ་སྔོན་ལ་བཏོན་ནས་ཁེ་ལས་ཀྱི་འགན་འཁྲི་དང་འོས་འགན་སྔར་བས་ཁ་གསལ་དང་། ཁེ་ལས་ཀྱི་བཟའ་བཅའི་བདེ་འཇགས་ཀྱི་འདུ་ཤེས་གཏིང་ཇེ་ཟབ་ཏུ་བཏང་ཡོད། རིམ་པ་རྗེས་མར་ལྷ་ས་གྲོང་ཁྱེར་ཁྲོམ་ར་ལྟ་སྐུལ་དོ་དམ་ཅུས་ཀྱིས་གྲོང་གསེབ་ཀྱི་ཞིང་ཕྱུགས་སྐྱོན་ཅན་ལ་མགྱོགས་མྱུར་གྱིས་ཞིབ་བཤེར་བྱེད་པའི་གསོ་སྦྱོང་བྱེད་ཤུགས་ཆེ་རུ་བཏང་ནས་ཁེ་ལས་སྐྱོན་བྲལ་ངང་འཕེལ་རྒྱས་སུ་འགྲོ་བར་ཞབས་འདེགས་ཞུ་རྒྱུ་ཡིན་པ་དང་། ལྟ་སྐུལ་དོ་དམ་གྱི་འགན་འཁྲི་དོན་འཁྱོལ་བྱེད་པར《བཟའ་བཅའི་བདེ་འཇགས་ཀྱི་བཅའ་ཁྲིམས》ཀྱི་གཏན་འབེབས་གཞིར་བཟུང་ནས་རྫོང་དང་ཆུས་ཁག་གི་བཟའ་བཅའི་ལྟ་སྐུལ་དོ་དམ་གྱི་མཛུབ་ཁྲིད་ལ་ཤུགས་སྣོན་རྒྱག་པ་དང་། གོང་འོག་མཉམ་འགུལ་བྱས་ཏེ་བཟའ་བཅའི་གཉེར་སྐྱོང་གི་ཁྲིམས་འགལ་གྱི་བྱེད་སྤྱོད་ལ་“ནན་ཤོས་བཞིའི”བླང་བྱ་གཞིར་བཟུང་ནས་ཆད་པ་ནན་པོ་གཅོད་རྒྱུ་ཡིན་ཞེས་བཤད།