དགུན་དུས་བོད་ལྗོངས་སུ་གནས་སྐོར་དུ་ཡོང་མཁན་རིམ་བཞིན་ཇེ་མང་དུ་གྱུར། གྲོང་ཚོར་དགུན་ཁའི་གུང་གསེང་གི་གསབ་སྦྱོང་འཛིན་གྲྭ་གཉེར་བ། མཚོ་སྔོན་གྱིས་ཆུ་བོ་དང་མཚོའི“གང་བྱུང་བཞིའི” གནད་དོན་756དག་ཐེར་བྱས་པ། བདེན་འཚོལ་དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལོ་རྒྱུས་དངོས་གཙོ་རིང་ལུགས་རྒྱུན་འཁྱོངས་ཀྱིས་དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་འཕེལ་རྒྱས་ཀྱི་མཐོ་ཚད་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་ཞེས་པ་སྤེལ་བ། བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པ་གཟབ་རྒྱས་ངང་འགོ་ཚུགས་པ། མང་ཚོགས་ཀྱི“མགྲིན་ཚབ་པ”ཡག་པོ་ཞིག་བྱེད་ཀྱི་ཡིན། “པེ་ཅིང་དུ་འཛོམས་པ”ཞེས་པའི་སྐབས་དང་པོའི་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་དང་འཛམ་གླིང་ཐང་གའི་སྒྱུ་རྩལ་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་སྤེལ་བ། 2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > བོད་ལྗོངས་གསར་འགྱུར།

བོད་ལྗོངས་ཀྱི་ཚད་གཞི་མཐོ་བའི་ཞིང་ཁའི་འཛུགས་སྐྲུན་གཞི་ཁྱོན་ལོ་མཇུག་བར་དུ་མུའུ་ཁྲི215ལ་སླེབས་རྩིས་ཡོད།

སྤེལ་དུས 2020-04-02 ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ། རྩོམ་པ་པོ།

          ཉེ་སྔོན། གསར་འགོད་པས་བོད་རང་སྐྱོང་ལྗོངས་ཀྱི་ཞིང་ལས་ཞིང་སྡེ་ཐིན་ནས་རྒྱུས་ལོན་པ་ལྟར་ན། བོད་ལྗོངས་ཀྱི་ཚད་གཞི་མཐོ་བའི་ཞིང་ཁའི་འཛུགས་སྐྲུན་བྱ་བ་བདེ་བླག་ངང་སྤེལ་བཞིན་ཡོད་པ་མ་ཟད། དེར་གྲུབ་འབྲས་ཀྱང་མངོན་གསལ་ཐོབ་ཡོད་པ་རེད།
          བོད་ལྗོངས་ཞིང་ལས་ཞིང་སྡེ་ཐིན་གྱི་འབྲེལ་ཡོད་འགན་འཁུར་བས་བཤད་རྒྱུར། བོད་ལྗོངས་ཀྱི་ཚད་གཞི་མཐོ་བའི་ཞིང་ཁའི་འཛུགས་སྐྲུན་བྱེད་པ་དེ་འབྲུ་རིགས་ཐོན་སྐྱེད་བྱེད་ནུས་ཁུལ་དང་། “ཞིང་ཆུ་འདྲེན་ཁུལ་ཆེན་པོ” དེ་མིན་རྒྱལ་ཁབ་དང་རང་སྐྱོང་ལྗོངས་ཀྱི་ས་བོན་རྟེན་གཞི་འཛུགས་སྐྲུན་བྱེད་པར་སྔོན་ལ་རྒྱབ་སྐྱོར་བྱས་ཏེ། མུའུ་ཁྲི་ལྷག་གི་གཅིག་བསྡུས་ཡུག་འབྲེལ་གྱི་ཚད་གཞི་མཐོ་བའི་ཞིང་ཁའི་འཛུགས་སྐྲུན་གྱི་དཔེ་སྟོན་རྟེན་གཞི་ཧུར་ཐག་གིས་སྐྲུན་ནས། ས་བབ་མཐོ་བའི་གནས་སྤར་དང་དབུལ་ཕོངས་ཞྭ་མོ་ཕུད་པའི་རྫོང་གི“བཟའ་འབྲུའི་དམིགས་ཞིང་”འཛུགས་སྐྲུན་ལ་རྒྱབ་སྐྱོར་ཆེན་པོ་བྱ་རྒྱུ་ཡིན་ཟེར།
         མིག་སྔར། བོད་ལྗོངས་ཀྱི་ཚད་གཞི་མཐོ་བའི་ཞིང་ཁའི་འཛུགས་སྐྲུན་རྣམ་གྲངས་ཀྱིས་ཚན་རྩལ་འགན་གཙང་ལེན་གྱི་བྱ་ཐབས་སྤྱད་དེ་ཚན་རྩལ་ཁྱབ་གདལ་ལམ་སྲོལ་རྒྱུན་ཆད་མེད་པར་གསར་གཏོད་བྱ་རྒྱུར་སྐུལ་འདེད་བཏང་བ་དང་། གཙོ་བོ་བོད་ནས་ཨང2000པ་དང་། ཧི་མ་ལ་ཨང22པ། བོད་ནས་ཨང320པ། ཧི་མ་ལ་ཨང19པ། ཧྲན་ཏུང་ཨང7པ་སོགས་ཞིང་ལས་སྐྱེ་དངོས་ཀྱི་སོན་བཟང་ཁྱབ་གདལ་དུ་བཏང་བ་རེད། དེ་དང་ཆབས་ཅིག་རོང་འབྲོག་པར་ལག་རྩལ་གསོ་སྦྱོང་བྱེད་པའི་བྱ་བར་མུ་མཐུད་ཤུགས་བསྣན་ནས་ཞིང་ལས་ལག་རྩལ་མཁས་བ་སྐོར་ཞིག་གསོ་སྐྱོང་བྱས་ཡོད།
          ན་ནིང་། ལྗོངས་ཡོངས་ཀྱིས་ཚད་གཞི་མཐོ་བའི་ཞིང་ཁའི་འཛུགས་སྐྲུན་མུའུ་ཁྲི58དངོས་འབེབས་བྱས་ཤིང་། ད་ལོར་ཚད་གཞི་མཐོ་བའི་ཞིང་ཁའི་འཛུགས་སྐྲུན་ལས་འགན་མུའུ་ཁྲི65བཀོད་སྒྲིག་བྱས་ཡོད་དེ། མ་དངུལ་སྒོར་དུང་ཕྱུར17.5གཏོང་རྩིས་ཡོད་ལ། ད་ལོའི་ལོ་མཇུག་བར་དུ་བོད་ལྗོངས་ཀྱིས་ཚད་གཞི་མཐོ་བའི་ཞིང་ཁའི་འཛུགས་སྐྲུན་གཞི་ཁྱོན་མུའུ་ཁྲི215ལ་སླེབས་རྩིས་ཡོད་པ་རེད། །

རྩོམ་སྒྲིག་པ། བདེ་སྒྲོལ།