དགུན་དུས་བོད་ལྗོངས་སུ་གནས་སྐོར་དུ་ཡོང་མཁན་རིམ་བཞིན་ཇེ་མང་དུ་གྱུར། གྲོང་ཚོར་དགུན་ཁའི་གུང་གསེང་གི་གསབ་སྦྱོང་འཛིན་གྲྭ་གཉེར་བ། མཚོ་སྔོན་གྱིས་ཆུ་བོ་དང་མཚོའི“གང་བྱུང་བཞིའི” གནད་དོན་756དག་ཐེར་བྱས་པ། བདེན་འཚོལ་དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལོ་རྒྱུས་དངོས་གཙོ་རིང་ལུགས་རྒྱུན་འཁྱོངས་ཀྱིས་དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་འཕེལ་རྒྱས་ཀྱི་མཐོ་ཚད་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་ཞེས་པ་སྤེལ་བ། བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པ་གཟབ་རྒྱས་ངང་འགོ་ཚུགས་པ། མང་ཚོགས་ཀྱི“མགྲིན་ཚབ་པ”ཡག་པོ་ཞིག་བྱེད་ཀྱི་ཡིན། “པེ་ཅིང་དུ་འཛོམས་པ”ཞེས་པའི་སྐབས་དང་པོའི་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་དང་འཛམ་གླིང་ཐང་གའི་སྒྱུ་རྩལ་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་སྤེལ་བ། 2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > བོད་ལྗོངས་གསར་འགྱུར།

བོད་ལྗོངས་ཁྲལ་དོན་གྱིས་རིམས་འགོག་དང་ཐོན་སྐྱེད་སླར་གསོ་བྱ་ཆེད་ཁྲལ་དོན་གྱི་ཐད་ནས་སྟོབས་ཤུགས་ཕུལ་བ།

སྤེལ་དུས 2020-04-03 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ། འབྲུག་རྒྱལ་མཁར་གྱིས་བསྒྱུར།
         ཀྲུང་གོའི་བོད་ལྗོངས་དྲ་བའི་འཕྲིན། ཏོག་གསར་གློ་ཚད་ཀྱི་རིམས་ནད་ཐོན་པ་ནས་བཟུང་། བོད་རང་སྐྱོང་ལྗོངས་ཀྱི་རིམ་ཁག་གི་ཁྲལ་དོན་ལས་ཁུངས་ཀྱིས་ཁྲལ་བསྡུའི་འགན་ནུས་འདོན་སྤེལ་གང་ལེགས་བྱས་པ་དང་། མུ་མཐུད་རིམས་ནད་སྔོན་འགོག་ཚོད་འཛིན་གྱིས་ལས་དོན་རྒྱུན་འཁྱོངས་བྱས་ལ། ཁེ་ལས་ཀྱིས་ལས་འགོ་བསྐྱར་འཛུགས་དང་ཐོན་སྐྱེད་སླར་གསོ་བྱེད་པར་སྐུལ་འདེད་བཏང་བ་དང་། བོད་ལྗོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱས་པ་རེད།
         ཤེས་རྟོགས་བྱུང་བར་གཞིགས་ན། རིམས་ནད་ཐོན་པ་ནས་བཟུང་། སྔ་རྗེས་སུ་རྒྱལ་ཁབ་དང་བོད་རང་སྐྱོང་ལྗོངས་ཀྱི་ངོས་ཐད་ནས་རིམས་ནད་སྔོན་འགོག་ཚོད་འཛིན་དང་ལས་འགོ་བསྐྱར་འཛུགས་དང་ཐོན་སྐྱེད་སླར་གསོ་ཡོང་བར་རྒྱབ་སྐྱོར་བྱེད་པའི་ཁྲལ་གྲོན་སྲིད་ཇུས་ཁག་བཞི་བཏོན་པ་རེད།
         སྲིད་ཇུས་ཁག་དང་པོས་གཙོ་བོ་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་ལས་དོན་ལ་དམིགས་པ་སྟེ། སྨན་བཅོས་སྲོག་སྐྱོབ་ལས་དོན་ལ་ཐད་ཀར་རྒྱབ་སྐྱོར་བྱ་རྒྱུར་དོ་སྣང་བྱས་པ་མ་ཟད། ད་དུང་འབྲེལ་ཡོད་འགན་ལེན་དངོས་ཟོག་ཐོན་སྐྱེད་དང་སྐྱེལ་འདྲེན་ལ་རྒྱབ་སྐྱོར་བྱ་རྒྱུར་དོ་སྣང་དང་།  ཕྱོགས་སོ་སོས་སྟོབས་ཤུགས་ཕུལ་བར་སྐུལ་སློང་བྱས་ནས་རིམས་ནད་སྔོན་འགོག་ཚོད་འཛིན་ལ་རོགས་རམ་དང་རྒྱབ་སྐྱོར་བྱ་རྒྱུར་དོ་སྣང་བྱས་པ་རེད།  སྲིད་ཇུས་ཁག་གཉིས་པས་གཙོ་བོ་ཁེ་ལས་ཀྱི་སྤྱི་ཚོགས་འགན་བཅོལ་གྲོན་དངུལ་གྱི་ཁུར་པོ་ཡང་དུ་གཏོང་རྒྱུར་དམིགས་པ་སྟེ། དུས་རིམ་རང་བཞིན་གྱི་སྒོ་ནས་ཁེ་ལས་ཀྱི་རྒན་གསོ་དང་། ལས་ཤོར། ལས་རྨས་འགན་བཅོལ་ཚན་པ་བཅས་ཀྱི་གྲོན་དངུལ་ཆག་ཡང་དང་རྩ་ཆག་གཏོང་བ་དང་། གཞི་རྩའི་སྨན་བཅོས་འགན་བཅོལ་གྲོན་དངུལ་ཉུང་དུ་གཏོང་བ། ཁེ་ལས་ཀྱི་ལས་མི་སྤྱོད་པའི་མ་གནས་དམའ་རུ་གཏོང་བ། ཁེ་ལས་ཀྱི་ལས་འགོ་བསྐྱར་འཛུགས་དང་ཐོན་སྐྱེད་སླར་གསོའི་ཡིད་ཆེས་ཆེ་རུ་གཏོང་བ་བཅས་བྱས་ཡོད།  སྲིད་ཇུས་ཁག་གསུམ་པས་གཙོ་བོ་ཁེ་ལས་ཆུང་གྲས་དང་དང་ཁེར་རྐྱང་བཟོ་ཚོང་སྟེ།  གཞི་ཁྱོན་ཆུང་བའི་ དཔྱ་ཁྲལ་འཇལ་མཁན་དང་ལས་ཁུངས་ལྟར་རྒན་གསོ་དང་ལས་ཤོར། ལས་རྨས་བཅས་ཀྱི་འགན་བཅོལ་དུ་ཞུགས་པའི་ཁེར་རྐྱང་བཟོ་ཚོང་བཅས་ལ་དམིགས་ནས། ཁེར་རྐྱང་བཟོ་ཚོང་པར་སྡེ་ལས་དང་བོགས་དངུལ་ཆག་ཡང་དང་རྩ་ཆག་གཏོང་མཁན་ལ་ཁྲལ་གྲོན་གཟིགས་སྐྱོང་བྱས་པ་དང་། དེའི་ཉེན་ཁའི་འགོག་ནུས་ཆེ་རུ་བཏང་ནས་གནས་སྐབས་ཀྱི་དཀའ་གནད་ལས་སྒྲོལ་རོགས་བྱས་པ་རེད།  སྲིད་ཇུས་ཁག་བཞི་པས་གཙོ་བོ་ཕྱི་ཕྱོགས་ཚོང་དོན་བརྟན་པོ་དང་ཕྱི་ཕྱོགས་མ་དངུལ་བརྟན་པོ་ཡོང་བར་དམིགས་ཏེ། རིམས་ནད་ཀྱིས་ཕྱི་ཕྱོགས་ཚོང་དོན་ལ་ཐེབས་པའི་ཤུགས་རྐྱེན་ཆུང་དུ་བཏང་བ་རེད།
         “སྲིད་ཇུས་ཁག་བཞི་པོ་འདིས་སྔོན་འགོག་སྲུང་སྐྱོབ་ལ་རྒྱབ་སྐྱོར་དང་། དངོས་ཟོག་མཁོ་སྤྲོད་ལ་རྒྱབ་སྐྱོར། སྤྱི་ཕན་ཞལ་འདེབས་ལ་སྐུལ་སློང་། ལས་འགོ་བསྐྱར་འཛུགས་དང་ཐོན་སྐྱེད་སླར་གསོ་ལ་རྒྱབ་སྐྱོར། ཁྲལ་བསྡུ་དོ་དམ་གྱི་ཆུ་ཚད་མཐོ་རུ་གཏོང་བ་བཅས་ཕྱོགས་5ཡི་ཐད་ནས་ཡིག་ཆ་10བཏོན་ཅིང་། ཁྲལ་བསྡུའི་སྲིད་ཇུས་18དང་། བསྡུ་ལེན་དོ་དམ་གྱི་བྱ་ཐབས་4དང་ཁྲལ་འཇལ་ཞབས་ཞུའི་བྱ་ཐབས་10བཅས་བཏོན་ཡོད།”ཅེས་བོད་རང་སྐྱོང་ལྗོངས་ཁྲལ་དོན་ཅུས་ཀྱི་ཏང་ཨུའི་ཨུ་ཡོན་དང་ཅུས་ཀྲང་གཞོན་པ་ཚའོ་ཅེ་ཧྥུང་གིས་དེ་ལྟར་ངོ་སྤྲོད་བྱས།
         ཁེ་ལས་བསྐྱར་དུ་ལས་འགོ་ཚུགས་པར་རོགས་རམ་བྱ་ཆེད། བོད་རང་སྐྱོང་ལྗོངས་ཁྲལ་དོན་ཅུས་ཀྱིས་ཁྲལ་སྒྲུབ་ཞབས་ཞུའི་བྱ་ཐབས་ལ་རྒྱུན་ཆད་མེད་པར་སྐུལ་འདེད་བཏང་བ་སྟེ། ཁྲལ་སྒྲུབ་ཐབས་ལམ་སྔར་ལས་སྣ་མང་མགྱོགས་མྱུར་ཅན་དང་། ཁྲལ་འཇལ་ཞབས་ཞུའི་བྱ་ཐབས་ཀྱི་སྤུས་ཀ་སྔར་ལས་ལེགས་ཤིང་སྟབས་བདེ་བ། ཁེ་ལས་ཀྱི་ལས་འགོ་བསྐྱར་འཛུགས་དང་ཐོན་སྐྱེད་སླར་གསོ་ལ་རོགས་རམ་བྱེད་པ་སོགས་ཀྱི་ཐད་ལ་དམིགས་ཏེ། “ལས་འགོ་བསྐྱར་འཛུགས་དང་ཐོན་སྐྱེད་སྐྱར་གསོའི་ཁྲལ་སྒྲུབ་ཞབས་ཞུའི་བྱ་ཐབས་དོན་ཚན་བཅུ”ཞེས་པ་བཏོན་ཅིང་།  དེའི་ཁྲོད་དཔྱ་ཁྲལ་འཇལ་མཁན་ལ་“ཐབས་ལམ་ལེགས་འདེམས་བྱེད་པ”དང་“ཁྲལ་གཉེར་ཐད་གཏོང”དང་། “འཛིན་ཤོག་ལག་ཏུ་འབྱོར་བ”ཞེས་པ་དང་“རེ་ཞུ་མྱུར་དུ་དང་ལེན་བྱེད་པ”“ཁ་ཆད་མྱུར་དུ་སྒྲུབ་པ”“ལས་སྒོ་ཆད་རུང་མགྱོགས་མྱུར་བསྒྲུབ་ཐུབ་པ”“སྲིད་ཇུས་ཁྱིམ་དུ་སྐྱེལ་བ”“གཞི་གྲངས་ཆེན་པོའི་བེད་སྤྱོད”“ཡིད་རྟོན་མི་གཤིས་ཅན་དུ་བསྒྱུར་བ”“སྟབས་བདེའི་སྒོ་ནས་དངུལ་བུན་གཏོང་བ”སོགས་ཀྱི་སྤུས་ལེགས་ཞབས་ཞུ་ཚུད་ཡོད་པ་དང་། མུ་མཐུད་དཔྱ་ཁྲལ་འཇལ་མཁན་གྱི་ཁྲལ་སྒྲུབ་འགག་གནད་དང་། དཀའ་གནད་བཅས་ཀྱི་གནད་དོན་ཐག་གཅོད་བྱས་པ་རེད།
         ཁེ་ལས་ཆུང་འབྲིང་ཁག་གཅིག་གི་ཐོན་སྐྱེད་སླར་གསོ་བྱེད་སྐབས་མ་དངུལ་མི་འདང་བ་དང་མ་དངུལ་བསྡུ་གསོག་དཀའ་བའི་གནད་དོན་ལ་དམིགས་ཏེ། བོད་རང་སྐྱོང་ལྗོངས་ཁྲལ་དོན་ཅུས་ཀྱིས་ཚོང་ལས་དངུལ་ཁང་དང་མཉམ་ལས་བྱ་རྒྱུར་ཤུགས་སྣོན་བརྒྱབ་པ་དང་། ལྷག་པར་དུ་ཁེ་ལས་ཆུང་འབྲིང་གིས་ལས་འགོ་བསྐྱར་འཛུགས་དང་ཐོན་སྐྱེད་སླར་གསོ་སྐབས་ཀྱི་དངུལ་བུན་དཀའ་གནད་ཐག་གཅོད་བྱ་ཆེད། “ཁེ་ལས་ཀྱི་ཁྲལ་དངུལ་ཕྱོགས་བསྡུས་རིག་ནུས་ཞབས་ཞུའི་ལས་སྟེགས”ཞེས་པ་བཏོན་ནས། “དྲ་ཐོག་དངུལ་ཁྲལ་གྱི་གྲངས་གཞི་ཐད་སྦྲེལ”མངོན་འགྱུར་བྱུང་བ་དང་། “ཡིད་རྟོན་མཉམ་བཅོས”ཀྱི་རྣམ་པར་བརྟེན་ནས།  ཁེ་ལས་ལ་སྤུས་ཀ་ལེགས་ཤིང་སྟབས་བདེ་བའི་“དྲ་ཐོག”གི་དངུལ་བུན་མཁོ་འདོན་བྱས་པ་དང་། ཁེ་ལས་དངུལ་བུན་དྲ་ཐོག་ནས་གཉེར་བ་མངོན་འགྱུར་བྱུང་བ་རེད།
         བསྡོམས་རྩིས་བྱས་པར་གཞིགས་ན། 2020ལོའི་དུས་ཚིགས་དང་པོར་བོད་རང་སྐྱོང་ལྗོངས་ཀྱི་ཁེ་ལས་ཆུང་གྲས་དང་ཆེས་ཆུང་གྲས་45ལ་ཡིད་རྟོན་དངུལ་བུན་སྒོར་ཁྲི་2824བཏང་ཡོད་ལ། དེ་དང་ཆབས་ཅིག་བོད་རང་སྐྱོང་ལྗོངས་ཁྲལ་དོན་ལས་ཁུངས་ཀྱིས་“དངུལ་ཁྲལ་མཉམ་འགུལ”ཁེ་ལས་ཀྱི་ཁྱབ་ཁོངས་དེ་ཁྲལ་འཇལ་ཡིད་རྟོན་Aརིམ་པ་དང་Bརིམ་པའི་ཁེ་ལས་ནས་Mརིམ་པའི་ཁེ་ལས་བར་རྒྱ་སྐྱེད་བཏང་བ་མ་ཟད། ཁེ་ལས་ཆུང་གྲས་དང་ཆེས་ཆུང་གྲས་དང་དེ་བཞིན་དམངས་གཉེར་ཁེ་ལས་གཙོ་གནད་དུ་བཟུང་སྟེ། Mརིམ་པའི་ཁེ་ལས་ཀྱི་ཁྲལ་འཇལ་ཡིད་རྟོན་ཆ་འཕྲིན་འབྲེལ་ཡོད་ཚོང་ལས་དངུལ་ཁང་ལ་སྤྲད་པ་དང་། དངུལ་ཁང་ལ་གནད་ཁེལ་དངུལ་བུན་གཏོང་རོགས་བྱས་ཤིང་། ལས་འགོ་བསྐྱར་འཛུགས་དང་ཐོན་སྐྱེད་སླར་གསོ་བྱེད་པའི་ཁེ་ལས་ཀྱིས་མ་དངུལ་བསྡུ་གསོག་བྱེད་དཀའ་བའི་“མཐའ་མའི་འགག་གནད”སེལ་པར་རོགས་རམ་བྱས་ནས། དོན་དངོས་ཀྱི་སྟེང་ནས་ལས་འགོ་བསྐྱར་འཛུགས་དང་ཐོན་སྐྱེད་སླར་གསོ་བྱེད་པའི་ཁེ་ལས་ཀྱི་ཐོབ་ཚོར་ཆེ་རུ་བཏང་པ་རེད།