དགུན་དུས་བོད་ལྗོངས་སུ་གནས་སྐོར་དུ་ཡོང་མཁན་རིམ་བཞིན་ཇེ་མང་དུ་གྱུར། གྲོང་ཚོར་དགུན་ཁའི་གུང་གསེང་གི་གསབ་སྦྱོང་འཛིན་གྲྭ་གཉེར་བ། མཚོ་སྔོན་གྱིས་ཆུ་བོ་དང་མཚོའི“གང་བྱུང་བཞིའི” གནད་དོན་756དག་ཐེར་བྱས་པ། བདེན་འཚོལ་དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལོ་རྒྱུས་དངོས་གཙོ་རིང་ལུགས་རྒྱུན་འཁྱོངས་ཀྱིས་དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་འཕེལ་རྒྱས་ཀྱི་མཐོ་ཚད་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་ཞེས་པ་སྤེལ་བ། བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པ་གཟབ་རྒྱས་ངང་འགོ་ཚུགས་པ། མང་ཚོགས་ཀྱི“མགྲིན་ཚབ་པ”ཡག་པོ་ཞིག་བྱེད་ཀྱི་ཡིན། “པེ་ཅིང་དུ་འཛོམས་པ”ཞེས་པའི་སྐབས་དང་པོའི་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་དང་འཛམ་གླིང་ཐང་གའི་སྒྱུ་རྩལ་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་སྤེལ་བ། 2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > བོད་ལྗོངས་གསར་འགྱུར།

རང་སྐྱོང་ལྗོངས་ཏང་ཨུད་ཀྱིས་རྒྱུན་ལས་ཨུ་ལྷན་གྱི(རྒྱ་ཆེ)ཚོགས་འདུ་འཚོགས་པ།

སྤེལ་དུས 2020-05-21 ཡོང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ། རྩོམ་པ་པོ།
          ཚེས་19ཉིན་གྱི་སྔ་དྲོ། ལྗོངས་ཏང་ཨུད་ཀྱིས་རྒྱུན་ལས་ཨུ་ལྷན་གྱི(རྒྱ་ཆེ)ཚོགས་འདུ་འཚོགས་ཏེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུའི་ཐོག་གནང་བའི་གསུང་བཤད་གལ་ཆེན་དང་། སྐབས་73པའི་འཛམ་གླིང་འཕྲོད་བསྟེན་ཚོགས་ཆེན་གྱི་བརྙན་ལམ་ཚོགས་འདུ་འགོ་འཛུགས་སྐབས་བསྒྲོན་པའི་ཤིས་ཚིག ཧྲན་ཤིས་སུ་རྟོག་ཞིབ་གནང་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན། དེ་བཞིན་རྒྱལ་ཡོངས་ཀྱི་སྨན་གཡོག་ཚོར་གནང་བའི་དུས་ཆེན་གྱི་སྨོན་འདུན་དང་ལྷག་བསམ་ཟོལ་མེད་ཀྱི་འཚམས་འདྲི་བཅས་བརྒྱུད་བསྒྲགས་སློབ་སྦྱོང་དང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཚོགས་འདུའི་དགོངས་དོན་བརྒྱུད་བསྒྲགས་སློབ་སྦྱོང་། 《བོད་རང་སྐྱོང་ལྗོངས་ཀྱི་འཛུགས་སྐྲུན་ཁྲོམ་ར་དོ་དམ་སྲོལ་ཡིག》ལ་ཞིབ་འཇུག རང་ལྗོངས་ཀྱི་བརྟན་ལྷིང་སྲུང་སྐྱོང་དང་རིམས་ནད་སྔོན་འགོག་དང་ཚོད་འཛིན་ལས་དོན་གྱི་གནས་ཚུལ་སྙན་སེང་ཉན་པ། གོམ་སྟབས་རྗེས་མའི་ལས་དོན་བཀོད་སྒྲིག་བཅས་བྱས་པ་རེད།
          ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝུའུ་དབྱིང་ཅེས་ཚོགས་འདུ་གཙོ་སྐྱོང་གནང་བ་རེད།
          ཚོགས་འདུའི་ཐོག ལྗོངས་ཡོངས་ཀྱིས་རིམས་ནད་སྔོན་འགོག་དང་ཚོད་འཛིན་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ལས་དོན་ལ་སྤྱི་འདོམས་སྐུལ་འདེད་བཏང་བར་ཐོབ་པའི་དགེ་མཚན་ལྡན་པའི་གྲུབ་འབྲས་ལ་ཁས་ལེན་གང་ལེགས་བྱས་པ་རེད། ཚོགས་འདུའི་ཐོག་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་དབྱང་ཆབ་སྲིད་ཅུས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུའི་ཐོག་གནང་བའི་གསུང་བཤད་གལ་ཆེན་སོགས་ཀྱིས་ང་ཚོར་རྒྱུན་རྣམ་ཅན་གྱི་རིམས་ནད་སྔོན་འགོག་དང་ཚོད་འཛིན་དང་དཔལ་འབྱོར་དང་སྤྱི་ཚོགས་ཀྱི་ལས་དོན་ཁག་ལ་དམ་འཛིན་ཡག་པོ་བྱ་རྒྱུར་འབད་འཐབ་ཀྱི་ཁ་ཕྱོགས་གསལ་སྟོན་དང་རྩ་བའི་གཞི་འཛིན་ས་མཁོ་འདོན་གནང་ཡོད། ལག་ལེན་ལས་ར་འཕྲོད་བྱུང་བར། ཀྲུང་གོ་གུང་ཁྲན་ཏང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་ཀྱི་ནུས་པ་ཕྱོགས་གང་ས་ཅི་ཐད་ནས་མངོན་ཞིང་། དཀའ་ཉེན་དང་འགྲན་སློང་ཇི་ཙམ་འཕྲད་ན། ཏང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་ཀྱི་ལྟེ་བའི་ནུས་པ་དེ་ཙམ་གྱིས་མངོན་གསལ་དོད་པ་དང་ཏང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་ཀྱི་ནུས་པ་དེ་ཙམ་གྱིས་གསལ་པོར་མངོན་ཐུབ། ལྗོངས་ཡོངས་ཀྱི་རིམ་པ་ཁག་དང་སྡེ་ཚན་ཁག་གིས་ཏང་གི་འགོ་ཁྲིད་ལ་ཤུགས་སྣོན་ཏན་ཏིག་རྒྱག་པ་དང་གཏོགས་ཁོངས་ཀྱི་འགན་འཁྲི་འཁུར་ཤུགས་ཆེ་རུ་བཏང་སྟེ། སློབ་གྲྭ་སོགས་གཙོ་གནད་ཁྱབ་ཁོངས་ལ་དམིགས་ནས་དོན་དངོས་དང་མཐུན་པའི་སྔོན་འགོག་དང་ཚོད་འཛིན་བྱ་ཐབས་ཞིབ་འཇུག་བྱས་ཏེ། རིམས་ནད་ཕྱི་ནས་མ་འགོས་པ་བྱེད་པའི་གཙོ་གནད་ཁྱབ་ཁོངས་དང་ཉམས་ཞན་ལྷུ་ཚིགས་ཀྱི་སྔོན་འགོག་དང་ཚོད་འཛིན་ལས་དོན་ལ་ཤུགས་སྣོན་རྒྱག་དགོས། ཆེས་ཞན་ས་ནས་བསམ་བློ་བཏང་སྟེ་གྲ་སྒྲིག་གང་ལེགས་བྱེད་པ་དང་། བཟང་ཕྱོགས་སུ་འབད་བརྩོན་བྱས་ནས། གཡུར་ཟའི་འབྲས་བུ་བརྩོན་ལེན་བྱེད་པ། རང་འགུལ་ངང་དཀའ་ངལ་ཁྱད་བསད་དང་གནད་དོན་ཐག་གཅོད་བྱེད་པ་བཅས་མཐའ་འཁྱོངས་བྱས་ནས་མཐའ་མཚམས་དང་འགག་སྒོའི་སྔོན་འགོག་དང་ཚོད་འཛིན་ལས་དོན་གནད་ལ་འཁེལ་ཚད་གོང་མཐོར་གཏོང་དགོས། སྤྱི་ཁྱབ་ཧྲུའུ་ཅིས་བཏོན་གནང་བའི་མིའི་རིགས་ཀྱི་འཕྲོད་བསྟེན་བདེ་ཐང་གི་ཐུན་མོང་ཚོགས་པ་འཛུགས་པའི་འདུ་ཤེས་ལག་བསྟར་གཏིང་ཟབ་བྱས་ཏེ། འཁྱགས་དུས་གོས་དང་ལྟོགས་དུས་ཟས་སྐྱེལ་བ་དང་མུ་མཐུད་རང་ནུས་ལྕོགས་ཚོད་ཀྱིས་ནེ་པ་ལར་རོགས་རམ་བྱེད་དགོས། དམངས་འཚོ་ལེགས་གཏོང་དང་མི་སེམས་གཅིག་འགྲིལ་གྱིས་དཀའ་ངལ་དང་རྙོག་དྲ་སྲིད་གཞུང་གིས་ཐག་གཅོད་བྱེད་པ་དང་སྟབས་བདེ་དང་དངོས་ཕན་མང་ཚོགས་ལ་སྦྱིན་རྒྱུ་མཐའ་འཁྱོངས་བྱས་ཏེ། “བརྟན་པོ་དྲུག”དང“འགན་ལེན་དྲུག”གི་བྱེད་ཐབས་ལ་ཤུགས་སྣོན་རྒྱག་པ་དང་། “ཞན་ཆ་སེལ་བར”དམིགས་ནས་མི་རིགས་ཁག་གི་མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བའི་ཆ་རྐྱེན་ལེགས་སུ་གཏོང་བ། ལས་ཞུགས་བརྟན་པོ་བྱ་རྒྱུ་དེ་གནས་བབ་གལ་ཆེར་འཇོག་པ། ལས་ཞུགས་ཀྱི་འདུ་ཤེས་བསྒྱུར་ཤུགས་ཆེ་རུ་གཏོང་བ། མཐོ་སློབ་སློབ་ཐོན་སློབ་མ་སྔར་ལས་མང་བས་ཐབས་ལམ་མང་པོར་བརྟེན་ནས་ལས་ཞུགས་དང་། བབ་བསྟུན་ལས་ཞུགས། ནང་སར་ལས་ཞུགས་བཅས་བྱ་རྒྱུར་ལྕག་སྐུལ་བྱེད་པ།
          རྨང་གཞིའི་སྒྲིག་བཀོད་གལ་ཆེན་འཛུགས་སྐྲུན་སོགས་ལ་བརྟེན་ནས་གྲོང་ཁྱེར་དང་གྲོང་རྡལ་གྱི་ངལ་ནུས་ཀྱི་ལས་ཞུགས་གཞན་སྒྱུར་གྱི་ལས་དོན་ཡག་པོ་སྒྲུབ་པ་བཅས་བྱས་ནས་མི་སེར་གྱི་འཚོ་བའི་སྤུས་ཚད་དམའ་རུ་མི་འགྲོ་བ་དང་ཡོང་འབབ་འཕར་བའི་འགན་ལེན་བྱེད་དགོས།
          ཚོགས་འདུའི་ཐོག་བསྟན་དོན། ལྗོངས་ཡོངས་ཀྱི་རིམ་ཁག་སྡེ་ཚན་ཁག་གིས་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཚོགས་འདུའི་དགོངས་དོན་ལག་བསྟར་ནན་ཏན་བྱས་ཏེ། ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་སྤྱི་ཡོངས་ཀྱི་མཐོ་ཚད་ཐོག་ལངས་ནས་བོད་ཀྱི་ལས་དོན་ལ་འཆར་འགོད་དང་སྐུལ་འདེད་བཏང་སྟེ་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་པའི་ལག་ལེན་ཁྲོད་བོད་ཀྱིས་འགན་འཁུར་བ་མཚོན་པ་དང་བོད་ཀྱིས་ལེགས་སྐྱེས་འབུལ་དགོས།
          དམིགས་ཚད་ལས་འགན་ལ་དམ་པོར་དམིགས་པ་དང་། “བྱེད་དགོས་པ་10”ཡི་བླང་བྱ་ཁ་གསལ་དང་བསྡུར་བ། དོན་དངོས་དང་ཟུང་འབྲེལ་གྱིས་ལས་དོན་རེ་རེ་བཞིན་དོན་འཁྱོལ་ལ་དམ་འཛིན་བཅས་བྱས་ནས་སྒྱུར་འཕེལ་བརྟན་གསུམ་གྱི་བྱ་གཞག་ཁག་ལ་ཕན་འབྲས་གསར་པ་ཐོན་པའི་འགན་ལེན་བྱེད་དགོས། བོད་ཀྱི་ལས་དོན་གྱི་དམིགས་ས་དང་ཤུགས་རྒྱག་སར་དམ་པོར་དམིགས་པ་དང་། ཏོག་གསར་གློ་ཚད་ཀྱི་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་འགོག་རྒོལ་དམག་འཐབ་ལ་རྒྱལ་ཁ་ལེན་པ་དང་ཟུང་འབྲེལ་གྱིས“མངོན་གསལ་དོད་པའི་ལེགས་ཆ་བཅུ་གསུམ”དང“མཐའ་འཁྱོངས་དང་འཐུས་སྒོ་ཚང་དུ་གཏོང་དགོས་པ་བཅུ་གསུམ”དྲིལ་བསྒྲགས་ཤུགས་ཆེན་བྱེད་པ་དང་། དར་ཆ་གསལ་སྟོན་གྱིས་ཏཱ་ལ་སྐྱེ་ཕྲེང་བཅུ་བཞི་པ་དང་ཏཱ་ལའི་རུ་ཚོགས་ཀྱི་ལོག་སྤྱོད་ཀྱི་ངོ་བོར་ཐེར་འདོན་དགག་རྒྱག་བྱེད་པ། མི་རིགས་ཁག་གི་མང་ཚོགས་ལ་རང་རྟོགས་ངང་ཏཱ་ལ་སྐྱེ་ཕྲེང་བཅུ་བཞི་པ་དང་ཏཱ་ལའི་རུ་ཚོགས་དང་དབྱེ་མཚམས་གསལ་པོ་འབྱེད་པའི་སློབ་གསོ་ཁྲིད་སྟོན་བྱེད་པ། “མོས་སེམས་ལྔ”ཆེ་རུ་གཏོང་བ། དར་ཆ་གསལ་སྟོན་གྱིས་མེས་རྒྱལ་གཅིག་གྱུར་ལ་སྲུང་སྐྱོང་དང་མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་རྒྱག་པ། ཏང་གི་བཀའ་དྲིན་དྲན་པ་དང་། ཏང་གི་བཀའ་ལ་ཉན་པ། ཏང་གི་རྗེས་སུ་འབྲང་བ་བཅས་ཀྱི་དད་སེམས་བརྟན་དུ་བཏང་སྟེ། ལམ་ལུགས་ཀྱི་ལེགས་ཆ་དེ་མཐའ་སྐྱོང་བོད་བརྟན་གྱི་ནུས་ཕྱོད་ལ་དེ་བས་ལེགས་པའི་སྒོ་ནས་འགྱུར་བར་སྐུལ་འདེད་གཏོང་དགོས།
          ཚོགས་འདུའི་ཐོག་བསྟན་དོན། ལྗོངས་ཡོངས་ཀྱི་རིམ་ཁག་སྡེ་ཚན་ཁག་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཧྲན་ཤིས་སུ་རྟོག་ཞིབ་གནང་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལ་བློ་རྩེ་གཅིག་སྒྲིམ་གྱིས་སློབ་སྦྱོང་དང་གོ་བ་ལེན་པ་དང་། ཡིད་ཆེས་དང་ཆོད་སེམས་བརྟན་དུ་གཏོང་བ། འཐབ་ཇུས་ཀྱི་ངེས་ཤུགས་རྒྱུན་འཁྱོངས། རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་འཐབ་རྩོད་བྱེད་རིང་མངོན་པའི་བསམ་པའི་སྟོབས་ཤུགས་བོད་འཕེལ་རྒྱས་མྱུར་པོ་དང་ཡུན་རིང་བདེ་འཁོད་ལ་སྐུལ་འདེད་གཏོང་བའི་སྒུལ་ཤུགས་གལ་ཆེན་དུ་འགྱུར་བར་བྱེད་པ་བཅས་ཀྱིས་ལོ་ཧྲིལ་པོའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་དམིགས་ཚད་ལས་འགན་ཧུར་ཐག་སྒྲུབ་དགོས། བྱེད་དགོས་དང་མི་དགོས་མཐའ་འཁྱོངས་ཀྱིས་བོད་ཀྱི་བཟོ་ལས་འཕེལ་རྒྱས་བྱུང་རིམ་ལ་ཡང་བསྐྱར་ཞིབ་ལྟ་བྱས་ཏེ། ཚན་རིག་དང་མཐུན་པའི་སྒོ་ནས་ཐོན་ལས་འཕེལ་རྒྱས་ལ་འཆར་འགོད་དང་། ཚད་ཡོད་ཀྱི་མ་དངུལ་གཅིག་སྡུད་ཀྱིས་བེད་སྤྱོད་ཡག་པོ་བྱས་ནས་དངོས་ཚན་དཔལ་འབྱོར་རྒྱ་སྟོབས་ཆེ་རུ་གཏོང་དགོས། བྱ་བ་གཅིག་བརྩམས་ན་གཅིག་འགྲུབ་པ་དང་ལྷག་པར་དུ་བོད་ཀྱི་ས་ཆ་དེ་གའི་མ་བཅོས་རྒྱུ་ཆའི་ལེགས་ཆ་བཏོན་ནས་ཀོ་ཆས་བཟོ་སྐྲུན་ལས་རིགས་སྐྱེད་སྲིང་དང་དེར་རོགས་སྐྱོར་ཤུགས་ཆེན་བྱེད་པ། ཐོན་ལས་འཁོར་འབྲེལ་སྣུར་སྲིང་བྱེད་པ། ཟུར་སྣོན་རིན་ཐང་ཇེ་མཐོར་གཏོང་བ་བཅས་ཀྱིས་མང་ཚོགས་ཀྱི་ཡོང་འབབ་ཇེ་མང་དུ་གཏོང་དགོས། སྔོ་ཞིང་དྭངས་བའི་རི་ཆུ་དང་གངས་འཁྱགས་ཀྱིས་བསྡམས་པའི་ས་གཞི་གསེར་རི་དངུལ་རི་ཡིན་པའི་འདུ་ཤེས་བརྟན་པོར་བཙུགས་ཏེ། རི་ཆུ་ནགས་ཞིང་མཚེའུ་རྩྭ་བཅས་ཀྱི་མ་ལག་བཅོས་སྐྱོང་ལ་སྤྱི་འདོམས་སྐུལ་འདེད་བཏང་ནས་འཛམ་གླིང་གི་དག་ཞིང་མཐའ་མ་སྲུང་སྐྱོང་ཡག་པོ་བྱེད་དགོས། གནད་སྨིན་དབུལ་སྐྱོར་དང་གནད་སྨིན་དབུལ་སྒྲོལ་མཐའ་འཁྱོངས་ཀྱིས་ཐོན་ལས་དབུལ་སྐྱོར་དང་། ལས་ཞུགས་དབུལ་སྐྱོར། ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར་བཅས་ཀྱི་རྗེས་མཐུད་རོགས་སྐྱོར་བྱེད་ཤུགས་མུ་མཐུད་ཆེ་རུ་གཏོང་བ་དང་། ཞན་ཆ་དང་ཉམས་ཞན་གང་མགྱོགས་སེལ་བ། ནུས་ཤུགས་ཡོད་རྒུས་དབུལ་སྒྲོལ་གྱི་གྲུབ་འབྲས་བརྟན་དུ་གཏོང་བ་བཅས་བྱས་ནས་རྒྱལ་ཡོངས་མི་དམངས་དང་མཉམ་དུ་འབྱོར་འབྲིང་སྤྱི་ཚོགས་ཕྱོགས་སུ་སྐྱོད་ཐུབ་པའི་འགན་ལེན་བྱེད་དགོས། ལྟོ་གོས་དོ་དམ་བྱེད་དགོས་ལ་བསམ་བློར་ཡང་དོ་དམ་བྱེད་དགོས་པ་དང་། དབུལ་སྒྲོལ་འགག་སྒྲོལ་གྱི་སྤྱོད་གོ་ཆོད་པའི་བསླབ་གཞི་ཡག་པོ་སྤྱད་དེ་བློ་སྐྱོར་རིག་སྐྱོར་ལ་ཤུགས་སྣོན་དེ་བས་ཆེན་པོ་རྒྱག་པ། མང་ཚོགས་ཀྱི་ནང་སྐྱེས་སྒུལ་ཤུགས་ལ་ཟམ་མི་ཆད་པར་ངར་ཤ་བསླངས་ཏེ་བྱ་བཟང་ཡག་པོ་བསྒྲུབས་ནས་མང་ཚོགས་ཀྱི་བསྔགས་བརྗོད་ཐོབ་པར་བྱེད་དགོས། ཏང་གི་བཀའ་ལ་ཉན་པ་དང་། ཏང་གི་རྗེས་སུ་འབྲང་བ། མཐུན་སྒྲིལ་བྱེད་མཁས་པ། འཕེལ་རྒྱས་གཏོང་ཤེས་པ། ཕྱུག་པོ་ཆགས་ཐུབ་པ། བརྟན་ལྷིང་འགན་ལེན། གནད་དོན་ཕྲད་ཚེ་མགོ་མི་རྨོངས་པ་དང་འགག་རྩའི་དུས་སུ་ནུས་པ་ཐོན་པའི་དམག་འཐབ་མཁར་རྫོང་བརྟན་པོ་སྐྲུན་པ་དམ་འཛིན་བྱ་གཞིར་བྱས་ཏེ་ནུས་མེད་ཟབ་ཟོབ་ཀྱི་གཞི་རིམ་ཏང་རྩ་འཛུགས་བཅོས་སྒྲིག་བྱེད་ཤུགས་ཆེ་རུ་གཏོང་དགོས། མཐའ་དར་དམངས་ཕྱུག་གི་བྱ་སྤྱོད་ལག་བསྟར་གཏིང་ཟབ་དང་། དམིགས་སའི་རང་བཞིན་ལྡན་པའི་སྲིད་ཇུས་དང་བྱེད་ཐབས་ལ་ཞིབ་འཇུག་བྱས་ཏེ་མང་ཚོགས་ལ་བླ་ན་མེད་པའི་རྒྱལ་ཁབ་ཀྱི་ས་ཆ་སྲུང་མཁན་དང་བདེ་སྐྱིད་ལྡན་པའི་ཁྱིམ་གཞིས་སྐྲུན་མཁན་ཡག་པོ་བྱེད་དགོས་པའི་སློབ་གསོ་ཁྲིད་སྟོན་བྱེད་དགོས། ཀྲུང་ཧྭ་མི་རིགས་ཀྱི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་དར་སྤེལ་ཤུགས་ཆེན་གཏོང་བ་དང་། ལོ་རྒྱུས་ཀྱི་རིག་གནས་དང་གསར་བརྗེའི་རིག་གནས་སོགས་ཀྱི་ཐོན་ཁུངས་སྔོག་འདོན་དང་བེད་སྤྱོད་ཡག་པོ་བྱེད་པ། སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་སྐྱེད་སྲིང་དང་ལག་ལེན་ཧུར་ཐག་བྱེད་པ་བཅས་ཀྱིས་ཀྲུང་ཧྭའི་རིག་གནས་ནི་ཐོག་མཐའ་བར་གསུམ་དུ་བོད་ཀྱི་མི་རིགས་ཁག་གི་བརྩེ་དུང་གི་རྟེན་ས་དང་། སེམས་ཀྱི་ཆགས་ས། བསམ་པའི་ཁྱིམ་གཞིས་བཅས་སུ་འགྱུར་བར་བྱེད་དགོས་པ་དང་། བོད་ཀྱི་མི་རིགས་ཁག་གི་རིག་གནས་ནི་ཀྲུང་ཧྭའི་རིག་གནས་ཀྱི་ཁ་འབྲལ་ཐབས་མེད་པའི་ཆ་ཤས་ཤིག་ཡིན་པའི་བསམ་བློ་མི་རིགས་ཁག་གི་མང་ཚོགས་ཀྱི་སེམས་སུ་གཏིང་ཟབ་ཟུག་པར་བྱེད་དགོས། ཆབ་སྲིད་འཛུགས་སྐྱོང་སྤྱི་འདོམས་སུ་བྱེད་པ་མཐའ་འཁྱོངས་ཀྱིས་དངོས་སྒྲུབ་གོ་ཆོད་ཀྱི་བྱེད་ཐབས་ཞིབ་འཇུག་དང་། རྒྱ་ཆེའི་ཏང་ཡོན་དང་ལས་བྱེད་པར་སྲིད་རྗེས་ལྟ་བ་ཡང་དག་འཛུགས་པའི་སློབ་གསོ་ཁྲིད་སྟོན། འགན་འཁུར་ཕོད་པ་དང་བྱས་རྗེས་འཇོག་ཕོད་པ་བཅས་བྱས་ཏེ་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་པའི་རྒྱལ་ཁ་ཕུ་ཐག་གཅོད་པར་སྤྱོད་ཚུལ་གྱི་འགན་ལེན་བརྟན་པོ་བྱེད་དགོས།
          ཚོགས་འདུའི་ཐོག་རང་ལྗོངས་ཀྱི་རྒྱ་ཆེའི་སྨན་དོན་ལས་དོན་པས་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་འགོག་རྒོལ་དམག་འཐབ་ལ་རྒྱལ་ཁ་ལེན་པ་དང་རྒྱ་ཆེའི་མི་དམངས་ཀྱི་ཚེ་སྲོག་གི་བདེ་འཇགས་དང་གཟུགས་གཞིའི་བདེ་ཐང་འགན་ལེན་བྱ་ཆེད་ལེགས་སྐྱེས་གལ་ཆེན་ཕུལ་བར་ཁས་ལེན་གང་ལེགས་བྱས་པ་རེད།
          ཉེ་དུས་ཀྱི་འབྲེལ་ཡོད་ལས་དོན་བཀོད་སྒྲིག་བྱེད་སྐབས། ཚོགས་འདུའི་ཐོག་རྐྱེན་མ་བྱུང་གོང་ནས་ལྡོག་རྒྱུ་རྩ་དོན་དུ་བཟུང་ནས་ལས་ཀ་བྱེད་པ་དང་། གནས་ཚུལ་ཚབས་ཆེན་མི་ཐོན་པའི་རྨང་གཞི་འདིང་བ་དང་གྲ་སྒྲིག་བྱེད་པ། རང་འགན་ཐེག་པ་འཁུར་ལེན་བྱེད་ཕོད་མིན་ཚད་གཞིར་བཟུང་ནས་ལས་བྱེད་པར་ལྟ་སྟངས་འཛིན་པ་བཅས་མཐའ་འཁྱོངས་དང་། ལྷོད་གཡེང་སྤུ་ཙམ་ཡང་མི་གཏོང་བ། ལྷོད་གཡེང་དང་སྣང་མེད་ཀྱི་བསམ་བློར་ཁྱད་བསད་ཏན་ཏིག་བྱེད་པ། ཏོག་གསར་གློ་ཚད་རིམས་ནད་ཀྱི་ཤུགས་རྐྱེན་དབང་གིས་ཧ་ལམ་ཐོན་སྲིད་པའི་འགལ་ཟླ་དང་རིམས་ནད་ཕྱི་ནས་མི་འགོ་བའི་བྱེད་ཐབས་དོན་འཁྱོལ་ལས་ཧ་ལམ་འབྱུང་སྲིད་པའི་ཉེན་ཁར་དབྱེ་ཞིབ་དང་བརྡར་ཤ་ནན་ཏན་གཅོད་པ། ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་དང་། ཁྲིམས་བཞིན་ཆོས་ལུགས་ལས་དོན་ལ་དོ་དམ། འགལ་ཟླ་དང་རྩོད་གཞིར་གྲལ་བཤེར། ནགས་ཚལ་གྱི་མེ་ཟོན། བདེ་འཇགས་ཐོན་སྐྱེད་སོགས་ཀྱི་ལས་དོན་ལ་དམ་འཛིན་ནན་པོ་བཅས་བྱས་ནས་སྤྱི་ཚོགས་ཁྱོན་ཡོངས་རྒྱུན་མཐུད་ཞི་མཐུན་བརྟན་ལྷིང་ཡོང་བར་བྱེད་དགོས། གཏོགས་ཁོངས་ཀྱི་འགན་འཁྲི་འཁུར་ཤུགས་ཆེ་རུ་གཏོང་བ་དང་། འགན་འཁྲི་བདའ་འདེད་གཏོང་ཤུགས་ཆེ་རུ་གཏོང་བ། ལས་གནས་བརྟན་སྲུང་མི་བྱེད་པ་དང་། འགན་མི་འཁུར་བ། འགན་ཤོར་ལས་འཛོལ་ཤོར་བ། ལས་ཀ་དོན་འཁྱོལ་མི་བྱེད་པ། བྱེད་ཐབས་དམིགས་སར་མི་འབྱོར་བ། བརྟན་ལྷིང་ཐད་གནད་དོན་ཐོན་པ་བཅས་ཀྱི་རིགས“མི་ལྟོས་པ་གསུམ”ལ་ནན་པོར་གཞིགས་ཏེ། འགན་འཁྲི་བདའ་འདེད་གཏོང་བ་དང་འགན་འཁྲི་ནན་དུ་གཏོང་དགོས། བྱེད་ལུགས་བྱེད་སྟངས་ཁོང་དུ་ཆུད་པ་དང་། གཞི་རིམ་ཏང་རྩ་འཛུགས་ཀྱི་ནུས་པ་ཡག་པོ་འདོན་པ། མང་ཚོགས་ལ་དམ་པོར་རྟེན་པ། མང་ཚོགས་རྒྱ་ཁྱབ་ངང་སྐུལ་སློང་བཅས་བྱས་ནས་བརྟན་ལྷིང་སྲུང་སྐྱོང་གི་ཟངས་གྱང་ལྕགས་རྩིག་བརྟན་པོ་སྐྲུན་དགོས་པ་བཅས་ཀྱི་བླང་བྱ་བཏོན་པ་རེད།
རྩོམ་སྒྲིག་པ། སངས་སྐྱབས།