དགུན་དུས་བོད་ལྗོངས་སུ་གནས་སྐོར་དུ་ཡོང་མཁན་རིམ་བཞིན་ཇེ་མང་དུ་གྱུར། གྲོང་ཚོར་དགུན་ཁའི་གུང་གསེང་གི་གསབ་སྦྱོང་འཛིན་གྲྭ་གཉེར་བ། མཚོ་སྔོན་གྱིས་ཆུ་བོ་དང་མཚོའི“གང་བྱུང་བཞིའི” གནད་དོན་756དག་ཐེར་བྱས་པ། བདེན་འཚོལ་དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལོ་རྒྱུས་དངོས་གཙོ་རིང་ལུགས་རྒྱུན་འཁྱོངས་ཀྱིས་དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་འཕེལ་རྒྱས་ཀྱི་མཐོ་ཚད་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་ཞེས་པ་སྤེལ་བ། བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པ་གཟབ་རྒྱས་ངང་འགོ་ཚུགས་པ། མང་ཚོགས་ཀྱི“མགྲིན་ཚབ་པ”ཡག་པོ་ཞིག་བྱེད་ཀྱི་ཡིན། “པེ་ཅིང་དུ་འཛོམས་པ”ཞེས་པའི་སྐབས་དང་པོའི་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་དང་འཛམ་གླིང་ཐང་གའི་སྒྱུ་རྩལ་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་སྤེལ་བ། 2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > བོད་ལྗོངས་གསར་འགྱུར།

བོད་ལྗོངས་ཀྱིས་ཁྱིམ་ཚང་སྨན་པའི་ཚོགས་པ7546བཙུགས་ཡོད།

སྤེལ་དུས 2020-05-21 ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ། རྩོམ་པ་པོ།
ཁྱིམ་ཚང་སྨན་པས་གྲོང་མིར་ནད་ལྟ་བཞིན་པ།
        ཟླ5བའི་ཚེས19ཉིན་ནི“འཛམ་གླིང་ཁྱིམ་ཚང་སྨན་པའི་ཉིན་མོ”ཐེངས10བ་ཡིན་ཞིང་། ད་ལོའི་དྲིལ་བསྒྲགས་བརྗོད་བྱ་ནི“ཁྱིམ་ཚང་སྨན་པ་དང་ལག་གདེང་སྦྲེལ་ནས་མཉམ་དུ་རིམས་འགོག་བྱེད་པ”ཞེས་པ་དེ་ཡིན། གསར་འགོད་པས་བོད་ལྗོངས་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་ནས་རྒྱུས་ལོན་པ་ལྟར་ན། ཁྱིམ་ཚང་སྨན་པས་གན་རྒྱ་བཞག་སྟེ་རྒན་རྒོན་དང་། སྦྲུམ་མ། དབང་བོ་སྐྱོན་ཅན། ཡོང་སྒོ་དམའ་བའི་ཚོགས་སྤྱི་དང་ཡིག་ཚགས་དང་བྱང་བུ་བཟོས་པའི་ཁྱིམ་ཚང་དབུལ་བོ་སོགས་ཞབས་ཞུ་བྱ་ཡུལ་གལ་ཆེན་དང་གན་རྒྱ་བཞག་སྟེ་ཞབས་ཞུ་སྒྲུབ་བཞིན་ཡོད། མིག་སྔའི་བར་དུ། བོད་ལྗོངས་ཀྱིས་ཁྱིམ་ཚང་སྨན་པའི་ཚོགས་པ7546བཙུགས་ཡོད་ཅིང་། མི་ཐེངས་ཁྲི205ལྷག་ལ་གན་རྒྱ་བཞག་ཡོད་པ་དང་། གན་རྒྱ་ཁྱབ་ཚད61%ལ་སླེབས་ཏེ། གཙོ་གནད་མི་ཚོགས་ལ་གན་རྒྱ་འཇོག་པ་ཁྱབ་ཚད84.5%ལ་སླེབས་ཡོད།
        2017ལོར་སྔོན་ཆད་ཀྱི་བོད་ལྗོངས་འཕྲོད་བསྟེན་འཆར་ལྡན་བུ་བཙའ་ཨུ་ཡོན་ལྷན་ཁང་གིས་བོད་ལྗོངས་ནོར་སྲིད་ཐིན་དང་། བོད་ལྗོངས་འཕེལ་རྒྱས་བཅོས་བསྒྱུར་ཨུ་ཡོན་ལྷན་ཁང་སོགས་སྡེ་ཁག7དང་མཉམ་དུ《བོད་རང་སྐྱོང་ལྗོངས་ཀྱིས་ཁྱིམ་ཚང་སྨན་པའི་གན་རྒྱ་འཇོག་པའི་ཞབས་ཞུ་ལག་བསྟར་བསམ་འཆར》འགྲེམ་གཏོང་བྱས་ཏེ། སྲིད་གཞུང་གིས་གཙོ་ཁྲིད་དང་། སྡེ་ཁག་གིས་མཐུན་སྦྱོར། སྤྱི་ཚོགས་ཞུགས་པའི་ཁྱིམ་ཚང་སྨན་པའི་གན་རྒྱ་འཇོག་པའི་ཞབས་ཞུ་ལམ་ལུགས་བཙུགས་ནས་ལམ་ལུགས་མ་ལག་གྲུབ་ཡོད་པ་རེད།
        བོད་ལྗོངས་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་གི་འབྲེལ་ཡོད་འགན་འཁུར་བས་ངོ་སྤྲོད་བྱས་པ་ལྟར་ན། བོད་ལྗོངས་ཀྱིས་ཁྱིམ་ཚང་སྨན་པའི་རུ་ཁག་འཛུགས་སྐྲུན་བྱེད་པར་གཙོ་བོ་ཀུན་ཤེས་སྨན་པ་དང་ནད་ཐོག་སྨན་པ། བོད་ལུགས་གསོ་རིག་གི་བདེ་སྲུང་སྨན་པ། བུད་མེད་བདེ་སྲུང་སྨན་པ། བྱིས་པའི་བདེ་སྲུང་སྨན་པ། ནད་གཡོག་སོགས་ཆེད་ལས་ལག་རྩལ་མི་སྣས་གྲུབ་པ་ཡིན། མིག་སྔའི་བར་དུ། བོད་ལྗོངས་ཀྱིས་ཁྱིམ་ཚང་སྨན་པའི་ཚོགས་པ7546བཙུགས་ཡོད་ཅིང་། མི་ཐེངས་ཁྲི205ལྷག་ལ་གན་རྒྱ་བཞག་ཡོད་པ་དང་། གན་རྒྱ་ཁྱབ་ཚད61%ལ་སླེབས་ཏེ། གཙོ་གནད་མི་ཚོགས་ལ་གན་རྒྱ་འཇོག་པ་ཁྱབ་ཚད84.5%ལ་སླེབས་ཡོད། དེ་མིན་ཡིག་ཚགས་དང་བྱང་བུ་བཟོས་པའི་དབུལ་ཕོངས་མང་ཚོགས་ཀྱིས་གན་རྒྱ་འཇོག་དགོས་ཚད་ཡོངས་རྫོགས་གན་རྒྱ་འཇོག་པ་མངོན་འགྱུར་བྱས་ཏེ། བདེ་ཐང་དབུལ་སྐྱོར་ཁྱིམ་ཚང་གཅིག་ཀྱང་མི་ལུས་པ་དང་མི་གཅིག་ཀྱང་མི་ཆད་པའི་བྱ་བ་ལེགས་པོར་བསྒྲུབ་རྒྱུ་ཡིན་པར་བསྟན།  །