དགུན་དུས་བོད་ལྗོངས་སུ་གནས་སྐོར་དུ་ཡོང་མཁན་རིམ་བཞིན་ཇེ་མང་དུ་གྱུར། གྲོང་ཚོར་དགུན་ཁའི་གུང་གསེང་གི་གསབ་སྦྱོང་འཛིན་གྲྭ་གཉེར་བ། མཚོ་སྔོན་གྱིས་ཆུ་བོ་དང་མཚོའི“གང་བྱུང་བཞིའི” གནད་དོན་756དག་ཐེར་བྱས་པ། བདེན་འཚོལ་དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལོ་རྒྱུས་དངོས་གཙོ་རིང་ལུགས་རྒྱུན་འཁྱོངས་ཀྱིས་དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་འཕེལ་རྒྱས་ཀྱི་མཐོ་ཚད་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་ཞེས་པ་སྤེལ་བ། བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པ་གཟབ་རྒྱས་ངང་འགོ་ཚུགས་པ། མང་ཚོགས་ཀྱི“མགྲིན་ཚབ་པ”ཡག་པོ་ཞིག་བྱེད་ཀྱི་ཡིན། “པེ་ཅིང་དུ་འཛོམས་པ”ཞེས་པའི་སྐབས་དང་པོའི་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་དང་འཛམ་གླིང་ཐང་གའི་སྒྱུ་རྩལ་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་སྤེལ་བ། 2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > བོད་ལྗོངས་གསར་འགྱུར།

གཏམ་བཟང་། བོད་ཀྱི་པྲ་ཚིལ་འདྲ་བརྙན་ཁང་ཐོག་མ་དེ་ལྷ་སར་བཙུགས་པ།

སྤེལ་དུས 2020-05-29 ཡོང་ཁུངས། སེམས་ཀྱི་ཞིང་ཁམས། རྩོམ་པ་པོ།

     བོད་ཀྱི་ཁྱད་ལྡན་དམངས་སྲོལ་རིག་གནས་དང་རྒྱལ་སྤྱི་རྒྱལ་ནང་གི་ཁྱད་ལྡན་གློག་བརྙན།  རིག་གནས་སོགས་ཀྱི་ནང་དོན་མཉམ་དུ་བསྲེས་པའི་གངས་ལྗོངས་པྲ་ཚིལ་འདྲ་བརྙན་ཁང་དེ། ལྷ་སའི་གྲོང་ནུབ་བོད་སྐོར་དཀྱིལ་འཁོར་ཁུལ་དུ་གནས་ཤིང་དེ་ནི་བོད་ཀྱི་པྲ་ཚིལ་འདྲ་བརྙན་ཁང་ཐོག་མ་དེ་ཡིན། པྲ་ཚིལ་འདྲ་བརྙན་ཁང་དེར་བོད་ཀྱི་དམངས་སྲོལ་ཁུལ་དང་བོད་ལྗོངས་རིག་གནས་ཁུལ།  རོལ་དབྱངས་ཕྱོགས་བསྡུས་སྒྱུ་རྩལ་ཁུལ་སོགས་ཚུད་ཡོད་པ་དང་། འགྲེམས་ཁང་གི་རྒྱ་ཁྱོན་ལ་སྨིད་ངོས་སྙོམས་གྲུ་བཞི་མ ༣༠༠༠ ཙམ་ཡོད། མངོན་སུམ་དུ་སྣང་བ་ལྟ་བུའི་པྲ་ཚིལ་འདྲ་བརྙན་དེ་དག་རེ་རེ་བཟོ་བར་ཧ་ལམ་ཟླ ༣ ནས ༦ ཙམ་དགོས།

       དེ་རུ་གོ་རིམ་བཞིན་སྲོལ་རྒྱུན་གྱི་བོད་བཟོའི་ཐབ་ཚང་དང་དེ་བཞིན་ཇ་སྲུབ་མ་བཟོ་བཞིན་པའི་ཨ་མ་རྒན་མོ།  རང་ལྗོངས་ཀྱི་སྒྱུ་རྩལ་མཁས་ཅན་གྲགས་ཅན་དང་གཞས་གདངས་རྩོམ་མཁན།  འཁྲབ་སྟོན་པ་བཅས་ཀྱི་གཟུགས་བརྙན་བཞེངས་ཡོད་པར་མ་ཟད།  རྒྱལ་ཕྱི་རྒྱལ་ནང་གི་འཁྲབ་ཁྲིད་པ་དང་ཚན་རྩལ་ཁྱབ་ཁོངས་ཀྱི་མི་སྣ།  ཚོང་དོན་ལས་རིགས་ཀྱི་མི་སྣ་གྲགས་ཅན་སོགས་འཛམ་གླིང་ཐོག་སྐད་གྲགས་ཆོད་པའི་ཕུལ་བྱུང་མི་སྣའི་གཟུགས་བརྙན་སོགས་ཀྱང་མང་པོ་འགྲེམས་སྟོན་བྱས་ཡོད།  ཤེས་རྟོགས་བྱུང་པར་གཞིགས་ན།  སྤྱི་ཟླ་༤ནས་བཟུང་པྲ་ཚིལ་འདྲ་བརྙན་ཁང་དེ་ཕྱི་ཕྱོགས་སུ་ཉམས་ལེན་རྣམ་པའི་ཐོག་ནས་སྒོ་ཕྱེས་ཡོད་པ་དང་།  མང་ཚོགས་ཚོས་འཕྲིན་ཕྲན་སྤྱི་སྟེགས་བརྒྱུད་སྤ་སེ་སྔོན་དུ་མངགས་པའམ། ཡང་ན་ས་གནས་ས་ཐོག་ཏུ་སྤ་སེ་ཉོས་ཆོག  རིམས་ནད་འགོག་ཟོན་གྱི་བླང་བྱ་གཞིར་བཟུང་སྟེ་ཉིན་རེའི་ལྟ་སྐོར་མི་གྲངས ༥༠ ནས ༡༠༠ བར་ཚོད་འཛིན་བྱས་ཡོད།

      པྲ་ཚིལ་འདྲ་བརྙན་ཁང་གི་འགན་འཁུར་མི་སྣ་བསྟན་འཛིན་དབང་རྒྱལ་ནས།  གོམ་སྟབས་རྗེས་མར་པྲ་ཚིལ་འདྲ་བརྙན་ཁང་གིས་ཡུལ་སྐོར་བའི་དགོས་མཁོར་གཞིགས་ནས་རྣམ་པ་དང་མི་སྣ་བཀོད་སྒྲིག་ཐད་འབད་བརྩོན་བྱས་ཏེ་དེ་བས་མངོན་སུམ་དང་དེ་བས་ལངས་གཟུགས་ཅན་དུ་འགྱུར་བ་བྱ་རྒྱུ་མ་ཟད།  ད་དུང་དུས་ངེས་མེད་དུ་ཡོལ་བ་འབྱེད་པའི་མཛད་སྒོ་འཚོག་སྟེ་གྲགས་ཅན་མི་སྣ་གདན་འདྲེན་ཞུས་ནས་པྲ་ཚིལ་འདྲ་བརྙན་དང་ངོ་ཐུག་གདོང་འཕྲད་ཀྱི་བསྡུར་བ་བྱས་ཐོག  མཉམ་འགུལ་དང་སྤྲོ་སྣང་རང་བཞིན་ཆེ་རུ་བཏང་སྟེ་པྲ་ཚིལ་འདྲ་བརྙན་ཁང་དེ་མང་ཚོགས་དང་འབྲེལ་འདྲིས་ཟབ་མོ་ཡང་ཡོང་བ་བྱེད་རྒྱུ་ཡིན་ཞེས་བཤད་པ་རེད།