དགུན་དུས་བོད་ལྗོངས་སུ་གནས་སྐོར་དུ་ཡོང་མཁན་རིམ་བཞིན་ཇེ་མང་དུ་གྱུར། གྲོང་ཚོར་དགུན་ཁའི་གུང་གསེང་གི་གསབ་སྦྱོང་འཛིན་གྲྭ་གཉེར་བ། མཚོ་སྔོན་གྱིས་ཆུ་བོ་དང་མཚོའི“གང་བྱུང་བཞིའི” གནད་དོན་756དག་ཐེར་བྱས་པ། བདེན་འཚོལ་དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལོ་རྒྱུས་དངོས་གཙོ་རིང་ལུགས་རྒྱུན་འཁྱོངས་ཀྱིས་དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་འཕེལ་རྒྱས་ཀྱི་མཐོ་ཚད་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་ཞེས་པ་སྤེལ་བ། བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པ་གཟབ་རྒྱས་ངང་འགོ་ཚུགས་པ། མང་ཚོགས་ཀྱི“མགྲིན་ཚབ་པ”ཡག་པོ་ཞིག་བྱེད་ཀྱི་ཡིན། “པེ་ཅིང་དུ་འཛོམས་པ”ཞེས་པའི་སྐབས་དང་པོའི་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་དང་འཛམ་གླིང་ཐང་གའི་སྒྱུ་རྩལ་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་སྤེལ་བ། 2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > བོད་ལྗོངས་གསར་འགྱུར།

བོད་ལྗོངས་སུ་ངས་འབད་འཐབ་བྱས་པའི་རྐང་རྗེས་ཡོད།

སྤེལ་དུས 2020-10-30 ཡོང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ། རྩོམ་པ་པོ།
འདི་ནི་ཀྲང་ལིན(གཡོན་གྱི་གསུམ་པ)བཟའ་ཟླས་བཅར་འདྲི་དང་ལེན་བྱས་རྗེས་ཁྱིམ་དུ་གསར་འགོད་པ་དང་མཉམ་དུ་དྲན་རྟེན་པར་རྒྱག་བཞིན་པ། 
        1925ལོའི་ཟླ་7པར། ང་ཅང་སུའུ་བྱང་རྒྱུད་ཀྱི་ཧྥུ་ཉིང་རྫོང་ཁྲའོ་པེ་གྲོང་ཚོའི་དུད་ཆུང་ཞིག་ཏུ་སྐྱེས་པ་དང་། ཕ་མེས་རྣམས་ས་བདག་གི་ས་ཞིང་བཏབ་ནས་འཚོ་བ་སྐྱེལ་གྱི་ཡོད།
        བོད་ལྗོངས་དང་ཅང་ཤིས་དབར་བར་ཐག་སྤྱི་ལེ་3000ལྷག་ཙམ་ཡོད་ལ་མི་ཆོས་དང་། ལོ་རྒྱུས། རིག་གནས། དཔལ་འབྱོར་བཅས་ཀྱི་འཕེལ་རྒྱས་མི་འདྲ་ཡང་། ས་ཆ་དེ་གཉིས་ངའི་སེམས་ཀྱི་ཆགས་ས་རྟེན་སར་གྱུར་སོང་།
        1956ལོར་བོད་ལྗོངས་སུ་རང་སྐྱོང་ལྗོངས་གྲ་སྒྲིག་ཨུ་ཡོན་ལྷན་ཁང་བཙུགས་པ་དང་དམངས་གཙོའི་བཅོས་སྒྱུར་གྱི་གྲ་སྒྲིག་བྱས། ཀྲུང་དབྱང་གིས་ནང་སའི་ཞིང་ཆེན་ཁག་ནས་ལས་བྱེད་པ་ཁག་གཅིག་སྐོང་འཐེན་བྱས་ཏེ་བོད་ལྗོངས་ཀྱི་དམངས་གཙོའི་བཅོས་སྒྱུར་ལ་ཞུགས་རྒྱུའི་གཏན་འབེབས་བྱས། དེའི་ཁྲོད་ཅང་སུའུ་ཞིང་ཆེན་གྱིས་ལས་བྱེད་པ་དང་ལག་རྩལ་པ་བརྒྱ་ལྷག་ཙམ་སྐོང་འཐེན་བྱས་ཏེ་ཁག་གཉིས་སུ་བགོས་ནས་བོད་ལྗོངས་སུ་བཏང་། ང་ནི་བོད་ལྗོངས་སུ་སྐྱོད་མཁན་ཁག་དང་པོའི་གྲས་ཡིན། སྐབས་དེ་དུས་ང་ཚོས་རང་ཉིད་ཀྱི་ལང་ཚོ་བོད་ལྗོངས་ལ་འབུལ་སྙམ་པ་ཡིད་ལ་འཆར་མ་མྱོང་ལ། བོད་ལྗོངས་སུ་བསྟུད་མར་ལོ་སུམ་ཅུ་ལྷག་ཙམ་ལས་ཀ་བྱས་ནས་རྒན་ཡོལ་མ་ཞུས་པར་སྡོད་དགོས་པ་དེ་བས་བསམ་མ་བྱུང་། ལྷ་སར་འབྱོར་ནས་དུས་ཐུང་ངལ་གསོ་བརྒྱབ་རྗེས། ང་ཀྲུང་གུང་བོད་ལྗོངས་ལས་དོན་ཨུ་ཡོན་ལྷན་ཁང་ཉིང་ཁྲི་ཡན་ལག་ལས་དོན་ཨུ་ཡོན་ལྷན་ཁང་དུ་ལས་བགོས་བརྒྱབ་པ་དང་། རྩ་འཛུགས་པུའི་པུའུ་ཀྲང་གཞོན་པ་དང་ཡན་ལག་ལས་དོན་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་བྱས་པ་ཡིན། སྐབས་དེའི་རྩ་འཛུགས་ལས་དོན་གྱི་ལས་འགན་གཙོ་བོ་ནི་ཞིང་འབྲོག་མང་ཚོགས་ཀྱི་བུ་ཕྲུག་བསྡུས་ནས་ནང་སའི་བོད་ལྗོངས་ལས་བྱེད་སློབ་གྲྭར་སློབ་སྦྱོང་ལ་བསྐྱལ་ཏེ་བོད་ལྗོངས་ཀྱི་དམངས་གཙོའི་བཅོས་སྒྱུར་གྱི་གྲ་སྒྲིག་བྱ་རྒྱུ་དེ་རེད།
        1956ལོའི་ཟླ་10པར། ལྗོངས་ཏང་ཨུད་རྩ་འཛུགས་པུས་ཡིག་ཚགས་ནས་ང་ནང་སའི་དམག་དཔུང་ཞིང་རར་ལས་ཀ་བྱེད་མྱོང་བ་ཤེས་རྗེས། ང་ཉིང་ཁྲི་ཡན་ལག་ལས་དོན་ཨུ་ལྷན་ནས་གཞིས་རྩེའི་རྒྱལ་རྩེ་ས་ཁུལ་གྱི་ཕྲེང་རིང་ཞིང་རར་བཏང་བ་དང་། ས་ཆ་དེ་གར་ས་རྒོད་གསར་སྦོལ་དང་། འབྲུ་རིགས་འདེབས་འཛུགས། ཞིང་ར་གཉེར་བ་བཅས་བྱས་པ་ཡིན། རྒྱལ་རྩེར་འབྱོར་རྗེས་ཁོམ་པ་བྱུང་མ་ཐག་ང་ཚོས་རྒྱལ་རྩེ་ཡན་ལག་ལས་དོན་ཨུ་ཡོན་ལྷན་ཁང་གི་བོད་ཡིག་དགེ་རྒན་གདན་དྲངས་ནས་ཚང་མས་བོད་ཡིག་སྦྱངས་པ་ཡིན། བོད་སྐད་ཏོག་ཙམ་ཤེས་པར་བརྟེན་ང་ཚོ་དང་བོད་རིགས་ལས་བྱེད་པ་དང་མང་ཚོགས་དབར་གྱི་འབྲེལ་བ་དེ་བས་ཟབ་ཏུ་ཕྱིན་སོང་།
        1960ལོའི་ཟླ་2པར། རྩ་འཛུགས་ཀྱིས་ང་སླར་ཡང་ལྷ་ས་འཕན་པོ་ཞིང་ར་སྐྲུན་པར་བཏང་བྱུང་། འཕན་པོ་ས་ཁུལ་གྱི་ས་རྒྱ་ཆེ་ཞིང་། ས་རྒོད་ཅུང་གཅིག་སྡུད་ཡིན་པས། གསར་སྦོལ་འདེབས་འཛུགས་བྱེད་བདེ་མོད། འོན་ཀྱང་ཆུ་བེད་ལས་གྲྭ་འཛུགས་སྐྲུན་བྱེད་པར་དཀའ་ངལ་ཧ་ཅང་ཆེན་པོ་ཕྲད། ང་ཚོས་དཀའ་ངལ་སྣ་ཚོགས་ཁྱད་བསད་བྱས་ཏེ། དཔྱིད་དུས་གཅིག་ལ་ས་ཞིང་མུའུ་ཁྲི་ཙམ་གསར་སྦོལ་བྱས་ཏེ་ནས་དང་གྲོ་བཏབ་པ་ཡིན།
འཕན་པོའི་ཞིང་རར་ལས་ཀ་ལོ་ཁ་ཤས་བྱས་རྗེས། ང་སླར་ཡང་བོད་ལྗོངས་ཞིང་འབྲོག་སློབ་གྲྭ་འཛུགས་པར་བཏང་བ་དང་། དེ་ནས་བཟུང་ལོ་ཁ་ཤས་རིང་། བོད་ལྗོངས་ཀྱི་ཞིང་འབྲོག་ལས་ཀྱི་ཚན་རྩལ་ཤེས་ལྡན་པ་དང་ལས་བྱེད་པའི་དཔུང་ཁག་གསོ་སྐྱོང་བྱས་པ་ཡིན། སློབ་གྲྭ་འཛུགས་པའི་ཐོག་མའི་དུས་སུ་ཉལ་ཁང་དང་། སྒྲིག་ཆས། དགེ་རྒན་བཅས་གང་ཡང་མེད་ལ་། སློབ་གཉེར་གྱི་ཉམས་མྱོང་དེ་བས་ཀྱང་མེད་པས་ལས་ཀ་ཚང་མ་འགོ་ནས་བྱེད་དགོས་བྱུང་། སློབ་གྲྭའི་འཕེལ་རྒྱས་ལ་རོགས་རམ་དང་སློབ་ཁྲིད་སྤུས་ཚད་ལེགས་སུ་གཏོང་ཆེད། རང་སྐྱོང་ལྗོངས་སྲིད་གཞུང་ལ་གོང་ཞུ་བྱས་ནས་མོས་མཐུན་ཐོབ་རྗེས། ཧེ་ལུང་ཅང་ཞིང་ཆེན་མུའུ་ཏན་ཅང་གྲོང་ཁྱེར་གྱི་ཞིང་འཕྲུལ་སློབ་གྲྭ་དང་ཞིང་ལས་སློབ་གྲྭ་མང་པོ་ཞིག་ནས་དགེ་རྒན་བཅུ་ལྷག་ཙམ་བཏང་བ་དང་། རིན་མེད་ངང་བོད་ལྗོངས་སུ་སློབ་སྐྱོར་ལོ་གཉིས་བྱེད་མཁན་ནང་སློབ་ཆེན་དགེ་རྒན་ཡང་མི་ཉུང་བ་ཞིག་ཡོད།
        ང་ཞིང་འབྲོག་སློབ་གྲྭར་ལས་ཀ་ལོ་ལྔ་བྱས་ནས་དེ་ནས་ཁ་མ་བྲལ་བའི་བར། ཞིང་འབྲོག་སློབ་གྲྭའི་ཉལ་ཁང་དང་སློབ་ཁྲིད་སྒྲིག་ཆས་ཉིན་བཞིན་འཐུས་སྒོ་ཚང་དུ་ཕྱིན་པ་དང་ཞིང་ནགས་དང་། འབྲོག་ལས། ཞིང་འཕྲུལ་བཅས་ཆེད་ལས་གསུམ་བཙུགས་པ་མ་ཟད། སློབ་གྲྭར་བོད་རྒྱ་སློབ་མ་བརྒྱ་ལྷག་ཙམ་ཡོད། སློབ་མ་སློབ་གྲྭ་ཐོན་རྗེས་ལྗོངས་ཡོངས་ཀྱི་ས་གནས་ཁག་ཏུ་ལས་བགོས་བརྒྱབ་པས་ས་གནས་མང་ཚོགས་ཀྱི་དགའ་བསུ་ཆེན་པོ་ཐོབ་པ་དང་། སློབ་མ་ཁག་གཅིག་ཕྱིས་སུ་ད་དུང་འབྲེལ་ཡོད་ལས་རིགས་ཀྱི་རྐང་འཛིན་བར་གྱུར་ཡོད།
        གནས་ཚུལ་དེ་དག་བློ་ལ་འཆར་སྐབས། ངའི་མི་ཚེར་བློ་ལ་བབ་ཤོས་ཀྱི་བྱ་བ་ནི་བཅིངས་འགྲོལ་དམག་ལ་ཞུགས་པ་དང་། བོད་ལྗོངས་ཀྱི་ཞིང་སྦོལ་བྱ་གཞག་འཕེལ་རྒྱས་ལ་རང་ཉིད་ཀྱི་ལེགས་སྐྱེས་འབུལ་བའི་གོ་སྐབས་བྱུང་བ་དེ་ཡིན། ད་ཆ་བོད་ལྗོངས་ཀྱི་བྱ་གཞག་ཁག་ཟམ་མི་ཆད་པར་འཕེལ་རྒྱས་ཕྱིན་པ་དང་། གངས་ལྗོངས་ས་མཐོར“རེ་བའི་ས་བོན་དང་། མཐུན་སྒྲིལ་གྱི་ས་བོན། འབྱོར་ཕྱུག་དར་རྒྱས་ཀྱི་ས་བོན”བཅས་གང་སར་བཏབ་པ་མཐོང་སྐབས་ང་ཧ་ཅང་དགའ་པོ་འདུག
        མི་སྒེར་གྱི་ངོ་སྤྲོད་མདོར་བསྡུས།
        ཀྲང་ལིན། སྐྱེས་པ། རྒྱ་རིགས། 1925ལོའི་ཟླ་7པར་སྐྱེས། ཀྲུང་གོ་གུང་ཁྲན་ཏང་གི་ཏང་མི། 1941ལོར་དམག་སྡེ་བརྒྱད་པའི་ཙུང་ཏུའེ་ལྔ་པའི(ཕྱིས་སུ་ཞིན་སི་ཅུན་ཧྲི་ཤོག་གསུམ་པར་མིང་བསྒྱུར)ཤང་སྡོད་དམངས་མཁོའི་དངོས་རྫས་སྐྱེལ་འདྲེན་གྱི་ལས་ཀར་ཞུགས། 1956ལོའི་ཟླ་5པར་བོད་དུ་ལས་སྒྱུར་བྱས། སྔ་རྗེས་སུ་བོད་ལྗོངས་ལས་དོན་ཨུ་ལྷན་ཉིང་ཁྲི་ཡན་ལག་ལས་དོན་ཨུ་ལྷན་རྩ་འཛུགས་པུའི་པུའུ་ཀྲང་གཞོན་པ་ཡན་ལག་ལས་དོན་ཨུ་ལྷན་གྱི་ཨུ་ཡོན་དང་། བོད་ལྗོངས་རྒྱལ་རྩེ་ཕྲེང་རིང་ཞིང་རའི་ཁྲང་ཀྲང་། བོད་ལྗོངས་ལྷ་ས“བདུན་གཅིག”ཞིང་རའི་ལས་ཚབ་ཁྲང་ཀྲང་དང་ཏང་ཨུད་ཀྱི་ཧྲུའུ་ཅི། བོད་ལྗོངས་ལས་དོན་ཨུ་ལྷན་ཏང་ཡོན་གསོ་སྦྱོང་འཛིན་གྲྭའི་ཀྲུའུ་རེན། བོད་ལྗོངས་འཕན་པོ་ཞིང་རའི་ཁྲང་ཀྲང་དང་ཏང་ཨུད་ཀྱི་ཧྲུའུ་ཅི། 1973ལོའི་ཟླ་11པ་ནས་1977ལོའི་ཟླ་4པ་བར་བོད་ལྗོངས་ཞིང་འབྲོག་སློབ་གྲྭ་དང་ཞིང་འཕྲུལ་སློབ་གྲྭའི་སློབ་སྤྱི་དང་ཏང་ཨུད་ཀྱི་ཧྲུའུ་ཅི་གཅིག་ལྕོགས། 1983ལོའི་ཟླ་9-1986ལོའི་ཟླ་12བར་བོད་རང་སྐྱོང་ལྗོངས་ཏང་ཨུད་རྩ་འཛུགས་པུའི་པུའུ་ཀྲང་། ལྗོངས་ཏང་ཨུད་ཀྱི་ཨུ་ཡོན་བཅས་གནང་། 1990ལོའི་ཟླ་11པར་རྒན་ཡོལ་ཞུས་ནས་ད་ལྟ་ནན་ཅིང་དུ་བཞུགས། 
རྩོམ་སྒྲིག་པ། སངས་སྐྱབས།