དགུན་དུས་བོད་ལྗོངས་སུ་གནས་སྐོར་དུ་ཡོང་མཁན་རིམ་བཞིན་ཇེ་མང་དུ་གྱུར། གྲོང་ཚོར་དགུན་ཁའི་གུང་གསེང་གི་གསབ་སྦྱོང་འཛིན་གྲྭ་གཉེར་བ། མཚོ་སྔོན་གྱིས་ཆུ་བོ་དང་མཚོའི“གང་བྱུང་བཞིའི” གནད་དོན་756དག་ཐེར་བྱས་པ། བདེན་འཚོལ་དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལོ་རྒྱུས་དངོས་གཙོ་རིང་ལུགས་རྒྱུན་འཁྱོངས་ཀྱིས་དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་འཕེལ་རྒྱས་ཀྱི་མཐོ་ཚད་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་ཞེས་པ་སྤེལ་བ། བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པ་གཟབ་རྒྱས་ངང་འགོ་ཚུགས་པ། མང་ཚོགས་ཀྱི“མགྲིན་ཚབ་པ”ཡག་པོ་ཞིག་བྱེད་ཀྱི་ཡིན། “པེ་ཅིང་དུ་འཛོམས་པ”ཞེས་པའི་སྐབས་དང་པོའི་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་དང་འཛམ་གླིང་ཐང་གའི་སྒྱུ་རྩལ་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་སྤེལ་བ། 2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > བོད་ལྗོངས་གསར་འགྱུར།

ལྷ་ས་ནས་ཡངས་པ་ཅན་ལམ་དུམ་བར་གྱི་མྱུར་བགྲོད་གཞུང་ལམ་གྱི་མྱུར་ཚད་ལ་ཚོད་འཛིན་བྱེད་པ།

སྤེལ་དུས 2020-10-30 ཡོང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ། རྩོམ་པ་པོ།
       ཉེ་ཆར་གསར་འགོད་པར་ལྷ་ས་གྲོང་ཁྱེར་སྤྱི་བདེ་ཅུས་འགྲིམ་འགྲུལ་ཉེན་རྟོག་ཉིང་ལག་རུ་ཁག་ནས་ཤེས་རྟོགས་བྱུང་བར། ལྷ་ས་ནས་ནག་ཆུ་བར་གྱི་མྱུར་བགྲོད་གཞུང་ལམ་ལྷ་ས་ནས་ཡངས་པ་ཅན་ལམ་དུམ་ཤར་གཏོང་ཐུབ་པ་དང་བདེ་འཇགས་ཡོང་བའི་འགན་ལེན་བྱ་ཆེད། ཟླ་10ཚེས་25ཉིན་ནས་བཟུང་ལྷ་ས་གྲོང་ཁྱེར་སྤྱི་བདེ་ཅུས་འགྲིམ་འགྲུལ་ཉེན་རྟོག་ཉིང་ལག་རུ་ཁག་ལྷ་ནག་མྱུར་བགྲོད་གཞུང་ལམ་གྱི་འགྲིམ་འགྲུལ་སྐོར་ཞིབ་ཉེན་རྟོག་རུ་ཆེན་གྱིས་མྱུར་ཚད་ཚོད་འཛིན་གསལ་ཐོ་སྤྲོད་པ་བརྒྱུད་ལམ་དུམ་དེར་མྱུར་ཚད་ཚོད་འཛིན་བྱས་པ་རེད། “ལམ་དུམ་དེའི་ལམ་ཐག་ཡོངས་ལ་སྤྱི་ལེ་64ཡོད་པ་དང་ཕུག་ལམ་ནང་གི་མྱུར་ཚད་སྤྱི་ལེ་60ལས་མི་བརྒལ་བ་དང་ལམ་དུམ་གཞན་དག་ཏུ་སྤྱི་ལེ་100ལས་མི་བརྒལ་བ་བྱེད་དགོས་ལ་དུས་ཚོད་སྐར་མ་40བར་ཚོད་འཛིན་བྱས་ཡོད”ཅེས་ལྷ་ནག་མྱུར་བགྲོད་གཞུང་ལམ་འགྲིམ་འགྲུལ་སྐོར་ཞིབ་ཉེན་རྟོག་རུ་ཆེན་གྱི་སློབ་སྟོན་པ་ཧེ་ཏེ་ཀྲིས་བཤད་པ་དང་མྱུར་ཚད་ལས་བརྒལ་ཚེ《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་འགྲོ་ལམ་འགྲིམ་འགྲུལ་བདེ་འཇགས་བཅའ་ཁྲིམས》ཀྱི་འབྲེལ་ཡོད་གཏན་འབེབས་ལྟར་ཆད་པ་གཅོད་རྒྱུ་རེད།
       གསར་འགོད་པས་ཤེས་རྟོགས་བྱུང་གསལ། ལྷ་ནག་མྱུར་བགྲོད་གཞུང་ལམ་ལྷ་ས་ནས་ཡངས་པ་ཅན་ལམ་དུམ་དུ་འཁོར་རྟགས་སེར་པོའི་ཟོག་འཁོར་དང་། འཁོར་རྟགས་སེར་པོའི་འགྲུལ་སྐྱེལ་རླངས་འཁོར། འཕྲུལ་སྒུལ་མིན་པའི་རླངས་འཁོར། ཐེར་གེ སྦག་སྦག འདྲུད་འཐེན་འཕྲུལ་འཁོར་བཅས་དང་དེ་བཞིན་ཆུ་ཚོད་རེའི་མྱུར་ཚད་སྤྱི་ལེ་70ལས་དམའ་བ་ཇུས་འགོད་བྱས་པའི་འཕྲུལ་སྒུལ་རླངས་འཁོར་སྐྱོད་རྒྱུ་གཏན་འགོག་བྱས་པ་མ་ཟད། སྤྱི་བདེ་ལས་ཁུངས་ཀྱི་ཁྲིམས་ལྟར་ཛ་དྲག་ཆེ་བའི་གཞུང་དོན་སྒྲུབ་མཁན་ཕུད་ཚན་པ་དང་མི་སྒེར་གང་རུང་གིས་མྱུར་བགྲོད་གཞུང་ལམ་ཐོག་སྐྱོད་བཞིན་པའི་འཁོར་རིགས་ཁ་བཀག་སྟེ་ཞིབ་བཤེར་བྱས་ཆོག་གི་མེད། “མྱུར་བགྲོད་གཞུང་ལམ་ཐོག་འཁོར་རིགས་ཀྱི་མྱུར་ཚད་མགྱོགས་པས་བསམ་ཡུལ་ལས་འདས་པའི་གནས་ཚུལ་མི་ཐོན་པ་བྱ་ཆེད་ང་ཚོས་ལམ་དུམ་དེར་དོ་དམ་ནན་པོ་བྱས་ཏེ་གྲོང་མིའི་ཕྱིར་སྐྱོད་བདེ་འཇགས་ལ་གཡས་གཞོགས་གཡོན་འདེགས་བྱེད་བཞིན་ཡོད”ཅེས་ཧེ་ཏེ་ཀྲིས་བཤད་པ་རེད། 
རྩོམ་སྒྲིག་པ། སངས་སྐྱབས།