དགུན་དུས་བོད་ལྗོངས་སུ་གནས་སྐོར་དུ་ཡོང་མཁན་རིམ་བཞིན་ཇེ་མང་དུ་གྱུར། གྲོང་ཚོར་དགུན་ཁའི་གུང་གསེང་གི་གསབ་སྦྱོང་འཛིན་གྲྭ་གཉེར་བ། མཚོ་སྔོན་གྱིས་ཆུ་བོ་དང་མཚོའི“གང་བྱུང་བཞིའི” གནད་དོན་756དག་ཐེར་བྱས་པ། བདེན་འཚོལ་དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལོ་རྒྱུས་དངོས་གཙོ་རིང་ལུགས་རྒྱུན་འཁྱོངས་ཀྱིས་དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་འཕེལ་རྒྱས་ཀྱི་མཐོ་ཚད་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་ཞེས་པ་སྤེལ་བ། བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པ་གཟབ་རྒྱས་ངང་འགོ་ཚུགས་པ། མང་ཚོགས་ཀྱི“མགྲིན་ཚབ་པ”ཡག་པོ་ཞིག་བྱེད་ཀྱི་ཡིན། “པེ་ཅིང་དུ་འཛོམས་པ”ཞེས་པའི་སྐབས་དང་པོའི་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་དང་འཛམ་གླིང་ཐང་གའི་སྒྱུ་རྩལ་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་སྤེལ་བ། 2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > བོད་ལྗོངས་གསར་འགྱུར།

མཐོ་སློབ་སློབ་ཐོན་སློབ་མས་ལས་གཏོད་བྱས་ནས་ལོ་གཅིག་ཕྱིན་པར་སྡོད་ཁང་སྤྱི་གསོག་མ་དངུལ་གྱི་ཁ་གསབ་འདུན་ཞུ་བྱེད་ཆོག

སྤེལ་དུས 2020-10-30 ཡོང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ། རྩོམ་པ་པོ།
       ཉེ་ཆར་གསར་འགོད་པར་རང་སྐྱོང་ལྗོངས་སྡོད་ཁང་འཛུགས་སྐྲུན་ཐིང་ནས་ཤེས་རྟོགས་བྱུང་བར། མཐོ་སློབ་སློབ་ཐོན་སློབ་མའི་ལས་གཏོད་ཀྱི་སྡོད་ཁང་སྤྱི་གསོག་མ་དངུལ་གྱི་གཟིགས་སྐྱོང་སྲིད་ཇུས་དོན་འཁྱོལ་ཡག་པོ་བྱ་ཆེད། 《མཐོ་སློབ་སློབ་ཐོན་སློབ་མའི་ལས་ཞུགས་ལས་གཏོད་ཀྱི་སྡོད་ཁང་འགན་སྲུང་སྲིད་ཇུས་དོན་འཁྱོལ་བྱ་རྒྱུའི་སྐོར་གྱི་ལག་བསྟར་བྱ་ཐབས》(གཤམ་དུ《ལག་བསྟར་བྱ་ཐབས》ཞེས་བསྡུ་རྒྱུ)ལ་གཞིགས་ནས་རང་ལྗོངས་ཀྱིས་ལས་གཏོད་ཐོ་འགོད་བྱས་ནས་ལོ་གཅིག་ཡན་ཕྱིན་པར་ལོ་བཅུའི་ནང་ཚུན་དུ་བསྡུར་གྲངས་མི་འདྲ་བའི་སྡོད་ཁང་སྤྱི་གསོག་མ་དངུལ་གྱི་ཁ་གསབ་སྤྲོད་ཀྱི་ཡོད། ད་ཆ་རང་བརྟེན་ལས་གཏོད་བྱེད་མཁན་མཐོ་སློབ་སློབ་ཐོན་སློབ་མ་51གིས་སྡོད་ཁང་སྤྱི་གསོག་མ་དངུལ་གྱི་རྩིས་ཁྲ་བཟོས་ནས་སྡོད་ཁང་སྤྱི་གསོག་མ་དངུལ་གྱི་ཁ་གསབ་ཁྱོན་སྒོར་ཁྲི་187.26འདུན་ཞུ་བྱས་ཡོད་པ་རེད།
       ཤེས་རྟོགས་བྱུང་བར་གཞིགས་ན། མཐོ་སློབ་སློབ་ཐོན་སློབ་མ་ལས་གཏོད་བྱས་ནས་ལོ་གཅིག་ནས་ལྔ་བར་ལ་ཁ་གསབ་100%དང་། ལོ་དྲུག་ནས་བརྒྱད་བར་ལ་ཁ་གསབ་50% ལོ་དགུ་ནས་བཅུ་བར་ལ་ཁ་གསབ་30%བཅས་སྤྲོད་ཀྱི་ཡོད། དེའི་རིང་། རྒྱུ་རྐྱེན་སྣ་ཚོགས་རྐྱེན་གྱིས་གནས་སྐབས་འཇལ་མི་ཐུབ་པའི་ལས་གཏོད་མཁན་གྱིས་ས་གནས་ དེ་གའི་མི་སྤྱི་སྡེ་ཚན་དང་སྡོད་ཁང་འཛུགས་སྐྲུན་སྡེ་ཚན་ལ་འདུན་ཞུ་བྱེད་ཆོག་པ་དང་། མོས་མཐུན་བྱུང་བའི་རྗེས་ནར་འགྱངས་བྱེད་ཆོག་པས་དེའི་བར་ལ་ཁ་གསབ་སྤྲོད་རྒྱུ་མིན་པ་དང་རང་བརྟེན་ལས་གཏོད་བྱས་ནས་ལོ་གཉིས་ཕྱིན་ཡང་སྤྱི་གསོག་མ་དངུལ་གྱི་རྩིས་ཁྲ་བཟོས་མེད་མཁན་ལ་རྩིས་ཐོ་བཟོས་མེད་པའི་རིང་ཁ་གསབ་སྤྲོད་རྒྱུ་མིན་པ་རེད།
       《ལག་བསྟར་བྱ་ཐབས》ནང་། 2017ལོའི་ཟླ་1ཚེས་1ཉིན་རྗེས་ནས་ལས་གཏོད་བྱས་པའི་མཐོ་སློབ་སློབ་ཐོན་སློབ་མས་གཏན་འབེབས་ལྟར་དེ་མཚུངས་ཀྱི་སྡོད་ཁང་སྤྱི་གསོག་མ་དངུལ་གྱི་ཁ་གསབ་ལོངས་སུ་སྤྱོད་ཆོག་པ་དང་། 2017ལོའི་ཟླ་1ཚེས་1ཉིན་གོང་དུ་ལས་གཏོད་བྱས་པའི་མཐོ་སློབ་སློབ་ཐོན་སློབ་མས་སྡོད་ཁང་སྤྱི་གསོག་མ་དངུལ་གྱི་ཁ་གསབ་འདུན་ཞུའི་ལོ་ཚད་དེ་2017ལོའི་ཟླ་1ཚེས་1ཉིན་གོང་གི་ལས་གཏོད་ལོ་ཚད་དང་མཉམ་དུ་རྩིས་རྒྱག་རྒྱུ་དང་བསྡོམས་ལོ་10ལས་བརྒལ་མེད་ན། ལས་གཏོད་ཀྱི་བབ་མཚུངས་ཀྱི་ལོ་ཚད་བཞིན་སྤྱི་གསོག་མ་དངུལ་གྱི་ཁ་གསབ་སྤྲོད་པའི་ཚད་གཞི་རྩིས་རྒྱག་རྒྱུའི་གཏན་འབེབས་བྱས་ཡོད།
       “གོམ་སྟབས་རྗེས་མར། ལྗོངས་ཡོངས་ཀྱི་སྡོད་ཁང་སྤྱི་གསོག་མ་དངུལ་དོ་དམ་ལྟེ་གནས་ཁག་གིས་ད་དུང་ཞབས་འདེགས་ཞུ་སྟངས་ལེགས་སུ་དང་མཆན་འགོད་འགྲོ་ལུགས་སྟབས་བདེ་རུ་བཏང་ནས་འཇལ་མཁན་ལས་བཟོའི་སྡོད་ཁང་གི་ཆ་རྐྱེན་ཡག་པོ་ཞིག་ཐོབ་རྒྱུའི་འདུན་པ་ཟམ་མི་ཆད་པར་བསྐངས་ཏེ། འཇལ་མཁན་ལས་བཟོའི་སྡོད་ཁང་གི་ཆ་རྐྱེན་ཡག་ཏུ་གཏོང་རྒྱུར་རྒྱབ་སྐྱོར་ཧུར་ཐག་བྱ་རྒྱུ་ཡིན”ཞེས་རང་སྐྱོང་ལྗོངས་སྡོད་ཁང་འཛུགས་སྐྲུན་ཐིང་གི་འབྲེལ་ཡོད་འགན་འཁུར་བས་ངོ་སྤྲོད་བྱས།
རྩོམ་སྒྲིག་པ། སངས་སྐྱབས།