དགུན་དུས་བོད་ལྗོངས་སུ་གནས་སྐོར་དུ་ཡོང་མཁན་རིམ་བཞིན་ཇེ་མང་དུ་གྱུར། གྲོང་ཚོར་དགུན་ཁའི་གུང་གསེང་གི་གསབ་སྦྱོང་འཛིན་གྲྭ་གཉེར་བ། མཚོ་སྔོན་གྱིས་ཆུ་བོ་དང་མཚོའི“གང་བྱུང་བཞིའི” གནད་དོན་756དག་ཐེར་བྱས་པ། བདེན་འཚོལ་དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལོ་རྒྱུས་དངོས་གཙོ་རིང་ལུགས་རྒྱུན་འཁྱོངས་ཀྱིས་དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་འཕེལ་རྒྱས་ཀྱི་མཐོ་ཚད་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་ཞེས་པ་སྤེལ་བ། བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པ་གཟབ་རྒྱས་ངང་འགོ་ཚུགས་པ། མང་ཚོགས་ཀྱི“མགྲིན་ཚབ་པ”ཡག་པོ་ཞིག་བྱེད་ཀྱི་ཡིན། “པེ་ཅིང་དུ་འཛོམས་པ”ཞེས་པའི་སྐབས་དང་པོའི་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་དང་འཛམ་གླིང་ཐང་གའི་སྒྱུ་རྩལ་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་སྤེལ་བ། 2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > བོད་ལྗོངས་གསར་འགྱུར།

བོད་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་བཞི་པའི་གྲ་སྒྲིག་ཚོགས་ཆུང་གིས་ཚོགས་འདུ་ཐེངས་གཉིས་པ་འཚོགས་པ།

སྤེལ་དུས 2021-01-14 ཡོང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ། རྩོམ་པ་པོ།
        ཚེས་12ཉིན་གྱི་ཕྱི་དྲོ། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་བློ་བཟང་རྒྱལ་མཚན་གྱིས་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་བཞི་པའི་གྲ་སྒྲིག་ཚོགས་ཆུང་གི་ཚོགས་འདུ་ཐེངས་གཉིས་པ་གཙོ་སྐྱོང་གནང་བ་དང་། ཚོགས་ཆེན་གྱི་གྲ་སྒྲིག་ལས་དོན་སྒྲུབ་ཚུལ་གསན་པ། གྲ་སྒྲིག་ལས་དོན་ཁྲོད་ཀྱི་དཀའ་ངལ་དང་གནད་དོན་མཐུན་སྦྱོར་ཐག་གཅོད་བཅས་གནང་སྟེ། ཚོགས་ཆེན་བདེ་བླག་ངང་འཚོགས་པར་སླར་ཡང་སྐུལ་སློང་དང་སླར་ཡང་བཀོད་སྒྲིག་གནང་བ་རེད།
        རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་རྡོ་ཐོགས་དང་། འོད་ཟེར། ཞུས་ཞུའེ་ཀོང་བཅས་དང་། དྲུང་ཆེ་ལིའུ་ཀོང་ཤུས་ཚོགས་འདུར་ཕེབས་པ་རེད།
        བློ་བཟང་རྒྱལ་མཚན་གྱིས་གྲ་སྒྲིག་ཚོགས་ཆུང་གི་བློ་མཐུན་ཚང་མས་ཆབ་སྲིད་ཀྱི་ཚུགས་གནས་མཐོ་རུ་གཏོང་བ་དང་། “འདུ་ཤེས་བཞི”ཟབ་ཏུ་གཏོང་བ། “གདེང་ཚོད་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”ཐུབ་པ་བཅས་བྱས་ཏེ། ལྷོད་གཡེང་སྤུ་ཙམ་ཡང་མེད་པའི་བསམ་པའི་ཉམས་འགྱུར་དང་། ཞུམ་མེད་མདུན་སྐྱོད་ཀྱི་འབད་འཐབ་ཉམས་འགྱུར། བསམ་པའི་ཉམས་འགྱུར་གསར་པ། ལས་ཀའི་ཚད་གཞི་གསར་པ། དོན་གཉེར་གྱི་བྱེད་ཐབས་གསར་པ་བཅས་ཀྱི་ཐོག་ནས་ལས་འགན་ཁག་གནད་སྨིན་ཞིབ་ཚགས་ཀྱི་སྒོ་ནས་དོན་འཁྱོལ་ཡག་པོ་བྱེད་པ་དང་། ཏན་ཏན་ཏིག་ཏིག་གི་སྒོ་ནས་ཚོགས་འདུ་གྲ་སྒྲིག་ཡག་པོ་དང་སྒྲིག་འཛུགས་ཡག་པོ་བྱས་ནས་ཚོགས་ཆེན་བདེ་བླག་ངང་འཚོག་ཐུབ་པའི་འགན་ལེན་བྱེད་དགོས།
        སྒྲིག་འཛུགས་ཞིབ་ཚགས་བྱས་ནས་ཞིབ་ཕྲར་དམ་འཛིན་དང་དོན་འཁྱོལ་ལ་དམ་འཛིན་བྱེད་པའི་ཐད་ཤུགས་རྒྱག་པ་དང་། འགན་འཁྲི་དོན་འཁྱོལ་ལ་ཤུགས་སྣོན་རྒྱག་པ། སྤེལ་རེས་དང་གཞོགས་འདེགས་དམ་ཟབ་བྱེད་པ་བཅས་བྱས་ནས། ཡིག་ཆ་དང་དཔྱད་གཞིའི་ཡིག་ཆ་དང་། ཚོགས་འདུ་སྒྲིག་འཛུགས། ཚོགས་ཆེན་གྱི་གྲོས་ཞིབ་ཀྱི་ཁྲིམས་སྲོལ་འཆར་ཟིན། འཆར་འགོད་རྩ་གནད་དང་ནོར་དཔལ་གྱི་འབྲེལ་ཡོད་འཆར་ཟིན་གྲོས་ཞིབ། འཐུས་མིའི་གྲོས་གཞི་དང་གྲོས་འགོ་བསྡུ་རུབ་ལེགས་སྒྲིག བསྡུས་འཕྲིན་དང་མྱུར་འཕྲིན་རྩོམ་སྒྲིག་དང་ཞུས་དག གསར་འགྱུར་དྲིལ་བསྒྲགས་དང་གླེང་ཕྱོགས་ཀྱི་ཁྲིད་སྟོན། མི་དོན་འདེམས་བསྐོ་སྒྲིག་འཛུགས། ཚོགས་འདུའི་དཔྱད་གཞིའི་ཡིག་ཆ་ཡིག་སྒྱུར་སོགས་ཀྱི་ལས་དོན་ཡག་པོ་བསྒྲུབས་ཏེ། ལས་དོན་ལ་ཁུག་ཆ་མ་ལུས་པའི་འགན་ལེན་བྱེད་པ་དང་། འཕྱུགས་པ་གཏན་ནས་མེད་པ། སྐྱོན་ཆ་མི་ཐོན་པ་བཅས་བྱས་ནས་ཚད་གཞི་མཐོ་བ་དང་སྤུས་ཚད་མཐོ་བའི་སྒོ་ནས་གྲ་སྒྲིག་ལས་དོན་ཡག་པོ་སྒྲུབ་དགོས། དངོས་སྒྲུབ་ནུས་ཆེ་མཐའ་འཁྱོངས་ཀྱིས་མཐའ་ཚད་ཀྱི་བསམ་བློ་བརྟན་པོ་འཛུགས་པ་དང་། སེམས་ཁྲལ་གྱི་འདུ་ཤེས་ཟབ་ཏུ་གཏོང་བ། ཆབ་སྲིད་ཀྱི་འགན་སེམས་ཆེ་རུ་གཏོང་བ་བཅས་བྱས་ནས་འཕྲལ་སྡོམ་སྔོན་ཇུས་ཡག་པོ་བཏིངས་ཏེ། རིམས་ནད་སྔོན་འགོག་ཚོད་འཛིན་དང་། བདེ་འཇགས་སྲུང་སྐྱོང་། ཚོགས་འདུའི་ཞབས་ཞུ། རྒྱབ་ཕྱོགས་མཁོ་སྒྲུབ་ཞབས་ཞུ་འགན་ལེན། ཚོགས་སྲོལ་དང་སྒྲིག་ལམ་ནན་པ་སོགས་ཀྱི་ལས་དོན་ནུས་ཤུགས་ཡོད་རྒུས་ཡག་པོ་སྒྲུབ་དགོས་པ་དང་། ལྷག་དོན་དུ་སྔོན་འགོག་ཚོད་འཛིན་གྱི་འདུ་ཤེས་ཟབ་ཏུ་གཏོང་བ་དང་། སྔོན་འགོག་དང་ཚོད་འཛིན་གྱི་འགན་འཁྲི་ནན་དུ་གཏོང་བ། སྔོན་འགོག་དང་ཚོད་འཛིན་གྱི་བྱེད་ཐབས་དོན་འཁྱོལ་ནན་པོ་བྱེད་པ། ཚོགས་ཆེན་རིང་གི་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་འགོག་སྲུང་འཛིང་རགས་ཕྱོགས་ཡོངས་ནས་བརྟན་དུ་གཏོང་བ་བཅས་བྱས་ནས། ཚོགས་ཆེན་བདེ་འཇགས་ལྡན་ལ་རྒྱལ་ཁའི་ངང་འཚོགས་ཐུབ་པ་དང་སྤྱོད་གཙང་གཞུང་དྲང་ཡོང་བའི་འགན་ལེན་མཐའ་གཅིག་ཏུ་བྱེད་དགོས། “ལོ་ལྔ་ཚན་བཅུ་གསུམ་པའི”རིང་རང་ལྗོངས་ཀྱི་བྱ་གཞག་ཁག་ལ་ཐོབ་པའི་ལོ་རྒྱུས་རང་བཞིན་གྱི་འཕོ་འགྱུར་དང་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཡག་པོ་མངོན་པ་དང་། མི་རིགས་ཁག་གི་མི་དམངས་ཀྱི་རེ་སྒུག་ཆེན་པོར་ལན་ཡག་པོ་བརྒྱབ་ནས། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་བཞི་པ་དེ་ཕྱོགས་ཡོངས་ནས་ཕྱིར་དྲན་དང་། ཉམས་མྱོང་ཕྱོགས་སྡོམ། དམིགས་ཚད་འཛུགས་པ། མདུན་སྐྱོད་བྱེད་འགོ་ཚུགས་པ། འགན་འཁྲི་འཁུར་ཕོད་པ། མི་སེམས་གཅིག་སྒྲིལ་བཅས་ཀྱི་ཚོགས་ཆེན་ཞིག་འཚོགས་ཏེ། བྱ་སྤྱོད་དངོས་ཀྱི་ཐོག་ནས་ཏང་ཀྲུང་དབྱང་གི་དམིགས་བསལ་ཐུགས་ཁུར་དང་བྱམས་སྐྱོང་ལ་དྲིན་ལན་འཇལ་ནས་ཏང་ཀྲུང་དབྱང་ཐུགས་བློ་བདེ་པོ་དང་། ལྗོངས་ཏང་ཨུད་ཐུགས་བློ་བདེ་པོ། རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་བློ་ཡིད་ཚིམ་པོ་ཡོང་བ་བཅས་བྱེད་དགོས་པའི་ནན་བཤད་གནང་བ་རེད།
རྩོམ་སྒྲིག་པ། སངས་སྐྱབས།