དགུན་དུས་བོད་ལྗོངས་སུ་གནས་སྐོར་དུ་ཡོང་མཁན་རིམ་བཞིན་ཇེ་མང་དུ་གྱུར། གྲོང་ཚོར་དགུན་ཁའི་གུང་གསེང་གི་གསབ་སྦྱོང་འཛིན་གྲྭ་གཉེར་བ། མཚོ་སྔོན་གྱིས་ཆུ་བོ་དང་མཚོའི“གང་བྱུང་བཞིའི” གནད་དོན་756དག་ཐེར་བྱས་པ། བདེན་འཚོལ་དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལོ་རྒྱུས་དངོས་གཙོ་རིང་ལུགས་རྒྱུན་འཁྱོངས་ཀྱིས་དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་འཕེལ་རྒྱས་ཀྱི་མཐོ་ཚད་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་ཞེས་པ་སྤེལ་བ། བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པ་གཟབ་རྒྱས་ངང་འགོ་ཚུགས་པ། མང་ཚོགས་ཀྱི“མགྲིན་ཚབ་པ”ཡག་པོ་ཞིག་བྱེད་ཀྱི་ཡིན། “པེ་ཅིང་དུ་འཛོམས་པ”ཞེས་པའི་སྐབས་དང་པོའི་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་དང་འཛམ་གླིང་ཐང་གའི་སྒྱུ་རྩལ་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་སྤེལ་བ། 2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > བོད་ལྗོངས་གསར་འགྱུར།

དུས་རབས་གསར་པའི་གྲོང་གསེབ་དར་རྒྱས་ཀྱི“མཉམ་སྒྲོག་རོལ་དབྱངས”དཀྲོལ་བཞིན་མཆིས།

སྤེལ་དུས 2021-01-18 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ། ལྕགས་བྱམས།

འདི་ནི་ལྷ་ས་གྲོང་ཁྱེར་མལ་གྲོ་གུང་དཀར་རྫོང་རྒྱ་མ་ཤང་ཙི་ཙི་རོང་གྲོང་ཚོའི་རྣམ་པ་ཡིན་པ།
          ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་ཐོག“ཞིང་ལས་དང་གྲོང་གསེབ་སྔོན་ལ་འཕེལ་རྒྱས་བཏང་སྟེ་གྲོང་གསེབ་དར་རྒྱས་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་དགོས་པ”ཁ་གསལ་བཏོན་ཏེ་རང་རྒྱལ་གྱི་འབྱུང་འགྱུར་གྱི་ཞིང་ལས་དང་གྲོང་གསེབ་འཕེལ་རྒྱས་ལ་གནས་གཏན་འཁེལ་དང་། ཚད་གཞི་གཏན་འཁེལ། ཐབས་ཇུས་གཏན་འཁེལ་སོགས་བྱས་ཏེ་འཕེལ་རྒྱས་ཀྱི་དུས་མཚམས་གསར་པར་ཞིང་ལས་དང་གྲོང་གསེབ་དེང་རབས་ཅན་འཛུགས་སྐྲུན་གྱི་དུང་བརྡ་གྲགས་ཡོད།
          2020ལོའི་ཟླ་4པར་མལ་གྲོ་གུང་དཀར་རྫོང་གིས“མཛེས་སྡུག་ལྡན་པའི་གྲོང་གསེབ། བདེ་སྐྱིད་ལྡན་པའི་ཁྱིམ་གཞིས”འཛུགས་སྐྲུན་གྱི་ཚོད་ལྟའི་ལས་དོན་ཕྱོགས་ཡོངས་ནས་སྤེལ་འགོ་ཚུགས་ཏེ་སྡོད་གནས་ཁོར་ཡུག་མི་འདྲ་བར་གཞིགས་ནས་ས་གནས་དེ་གའི་འཚོ་བའི་ཆ་རྐྱེན་དང་འགྲིམ་འགྲུལ་གྱི་གནས་བབ་སོགས་དོན་དངོས་གནས་ཚུལ་ལ་བསམ་གཞིག་གིས་རྒྱལ་ལམ་318ལམ་རྒྱུད་ཀྱི་རུ་ཐོག་ཤང་དང་། བཀྲ་ཤིས་སྒང་ཤང་། དེ་བཞིན་ཐག་རིང་ལུང་ཁུག་གི་རྩ་ཞོལ་ཤང་བཅས་ཚོད་ལྟའི་ཤང་དུ་གཏན་འཁེལ་བྱས་ཏེ་སྒྱུར་བཀོད་རིམ་སྤོར་ལས་གྲྭ་ཁག་གསུམ་ལག་བསྟར་བྱས་པ་དེ་ཤང་3དང་གྲོང་ཚོ་8ཀྱི་དུད་ཚང་296གི་མི་གྲངས་1639ལ་ཁྱབ་ཡོད། མལ་གྲོ་གུང་དཀར་རྫོང་གི་ཁག་དང་པོའི“མཛེས་སྡུག་ལྡན་པའི་གྲོང་གསེབ། བདེ་སྐྱིད་ལྡན་པའི་ཁྱིམ་གཞིས”འཛུགས་སྐྲུན་བྱ་ཡུལ་རུ་ཐོག་ཤང་རྫེམས་གྲོང་ཚོའི་ཧ་མུའུ་ཚོགས་ཆུང་དུ་སྐྱོད་སྐབས་ཚོས་གཞི་དཀར་དམར་གཙོ་བོར་བྱས་པའི་བོད་བཟོའི་སྡོད་ཁང་གསར་རྐྱང་ཞིག་མིག་ལམ་དུ་འཆར་བ་དང་། གྲོང་ཚོ་ཧྲིལ་པོ་གཙང་ལ་གྲལ་འགྲིག་པ་དང་ཁུ་སིམ་ལ་འཆམ་མཐུན་ལྡན་པ། ཕྱོགས་གང་ས་ནས་དུས་རབས་གསར་པའི་འབྱོར་འབྲིང་གྲོང་ཚོའི་རྣམ་པ་ཟབ་མོ་ཞིག་མངོན་བཞིན་འདུག
          སྡོད་ཁང་གསར་པར་མ་སྤོས་གོང་ཕྱུགས་རིགས་འཚོ་རྒྱུ་གཙོ་བོར་བྱེད་མཁན་རྡོ་རྗེ་ཚེ་རིང་གི་ཁྱིམ་དུ་ཕྱུགས་རིགས་མགོ་གྲངས་40ཡོད་པ་དང་ལོ་ལྟར་གྱི་ཡོང་འབབ་གཙོ་བོ་ནི་ལོ་མཇུག་ཏུ་ཕྱུགས་རིགས་མགོ་གྲངས་རེ་གཉིས་བཙོངས་ནས་འཚོ་བ་འཁྱོལ་ཐབས་བྱེད་པ་དེ་རེད། ནང་མི་ལྔ་པོ་ཁང་པ་གོག་ཧྲུལ་ཞིག་ནང་སྡོད་ཀྱི་ཡོད་པས་དཀར་ཆ་དོད་པོ་མེད་ལ་ཆུ་དང་འགྲིམ་འགྲུལ་ཐད་ཧ་ཅང་སྟབས་བདེ་པོ་མེད།
          “ཏང་དང་སྲིད་གཞུང་ལ་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ང་ཚོའང་ཁང་པ་ཡག་པོ་འདི་ལྟ་བུའི་ནང་སྡོད་རྒྱུ་ཡོང་གི་རེད་སྙམ་མྱོང་མེད། འདིར་མ་སྤོས་གོང་ངའི་ཁྱིམ་གྱི་ཁང་པ་ནི་2006ལོར་བརྒྱབ་པའི་སྡོད་ཁང་ཐབས་ཆག་ཅིག་ཡིན་པས་ཁང་མིག་མང་པོ་འདི་འདྲ་མེད། ད་ཆ་རྒྱ་ཁྱོན་སྨི་ངོས་གྲུ་160ལྷག་ཙམ་ཡོད་པས་ཕྲུ་གུ་ཚོ་སྒོ་རའི་ནང་རྩེད་མོ་བརྩེས་ནས་སྡོད་ཆོག་གི་འདུག” ཅེས་ཨར་འདམ་ལྕགས་རྩིབ་མའི་སྡོད་ཁང་གསར་པ་དེར་ལྟ་བཞིན་རྡོ་རྗེ་ཚེ་རིང་གིས་དགའ་ཚོར་ཆེན་པོའི་སྒོ་ནས་བཤད།
          ད་ཆ་རྫེམས་གྲོང་ཚོའི་ཧ་མུའུ་ཚོགས་ཆུང་གིས་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ལ་ཤུགས་སྣོན་ཟམ་མི་ཆད་པར་བརྒྱབ་ནས་འགྲོ་ལམ་དང་། གསང་སྤྱོད། གློག་སྤྱོད། སྡོད་ཁང་སྒྱུར་བཀོད་བཅས་ཚང་མ་བསྐྲུན་མགྱོགས་སུ་བཏང་བ་དང་སྡོད་མལ་ཁོར་ཡུག་བཅོས་སྒྲིག་བྱེད་མགྱོགས་སུ་གཏོང་རྒྱུར་སྐུལ་འདེད་བཏང་ཡོད། ཉེ་བའི་ལོ་ཤས་རིང་མལ་གྲོ་གུང་དཀར་རྫོང་གིས“གྲོང་ཚོ་ཚང་མར་ཤར་གཏོང་ཐུབ་པའི”རྨང་གཞིའི་ཐོག་གྲོང་གསེབ་ཀྱི་འགྲོ་ལམ“དུད་ཚང་ཚང་མར་ཤར་གཏོང་ཐུབ་པའི”འདུ་འགོད་ལག་བསྟར་བྱེད་འགོ་ཚུགས་ཡོད། གྲོང་གསེབ་ཀྱི་གད་སྙིགས་གཙང་སེལ་དང་བཙོག་ཆུ་གཙང་གསིང་བྱེད་ཚད་མངོན་གསལ་དོད་པོས་ཡག་ཏུ་ཕྱིན་ཏེ་ཁོར་ཡུག་འཕྲོད་བསྟེན་གྲོང་ཚོ་ཚང་མར་ཁྱབ་ཐུབ་པ་བྱུང་ཡོད། གྲོང་གསེབ་ཀྱི་སྤྱི་པའི་ཞབས་ཞུ་ཟམ་མི་ཆད་པར་འཐུས་སྒོ་ཚང་དུ་བཏང་ནས་སྲིད་འཛིན་གྲོང་ཚོར་ཤར་གཏོང་ཐུབ་ཚད་དང་། སྡོད་ཁང་གི་བདེ་འཇགས་བསྡུར་ཚད། འཐུང་ཆུའི་བདེ་འཇགས་ཀྱི་བསྡུར་ཚད། གློག་ཤར་གཏོང་ཐུབ་ཚད་བཅས་ཚང་མ་100%ཟིན་པ་དང་། གྲོང་གསེབ་ཀྱི་མཉམ་ལས་སྨན་བཅོས་འགན་བཅོལ་ལམ་ལུགས་གསར་པའི་ནང་ཞུགས་ཚད་100%ཟིན་པ། གྲོང་གསེབ་ཀྱི་རྒན་གསོའི་འགན་བཅོལ་གསར་པའི་ནང་ཞུགས་ཚད་100%ཟིན་པ། སློབ་ལོ་ལོན་པའི་བྱིས་པ་སློབ་གྲྭར་ཞུགས་ཚད་100%ཟིན་པ་བཅས་བྱུང་ནས་མང་ཚོགས་ཀྱི་སྐྱིད་སྣང་དང་། ཐོབ་སྣང་། བློ་ཡིད་ཚིམས་ཚད་བཅས་ཟམ་མི་ཆད་པར་ཆེ་རུ་ཕྱིན་ཡོད།
          ཡུལ་སྲོལ་བཟང་བ་ནི་གྲོང་གསེབ་དར་རྒྱས་ཀྱི“བླ་སྲོག”ལྟ་བུ་ཡིན་པས་ཤེས་དཔལ་ལྡན་པའི་ཡུལ་སྲོལ་གྱིས་གྲོང་གསེབ་ཀྱི་ཟུངས་ནུས་ཆེ་རུ་དང་། ཞིང་པའི་གོང་བུ་འགྲིལ་ཤུགས་ཆེ་རུ། སྤྱི་ཚོགས་ཀྱི་དར་སྲོལ་བཟང་པོ་ཆགས་པ་བཅས་བྱེད་ཀྱི་ཡོད།
          མལ་གྲོ་གུང་དཀར་རྫོང་རྒྱ་མ་ཤང་ཙི་ཙི་རོང་གྲོང་ཚོའི་དུས་ཐེངས་དང་པོའི་དབུལ་སྐྱོར་གནས་སྤོས་བཀོད་སྒྲིག་ས་ཚིགས་སུ་ལོ་ཁ་ཤས་གོང་གང་སར་ཐལ་རྡུལ་དང་འགྱིག་ཤོག་གི་གད་སྙིགས་སོགས་ཀྱིས་ཁེངས་ཡོད། འོན་ཀྱང་ད་ཆ་འདི་གར་སླེབས་སྐབས་གྲོང་ཚོའི་རྣམ་པར་འགྱུར་ལྡོག་ཆེན་པོ་བྱུང་ནས་གྲོང་ཚོ་གཙང་ལ་གྲལ་འགྲིགས་པ་དང་ཁང་པའི་རྒྱབ་མདུན་དུ་སྔོ་ལྗང་ལྗོན་ཤིང་གིས་ཁེངས་ནས་ཡོད།
          “དེ་རིང་གཟའ་ཉི་མ་ཡིན་པས་གཙང་སྦྲ་བྱེད་དགོས་རེད། ཚང་མས་ཡོ་བྱད་ཁྱེར་ནས་གཙང་སྦྲ་བྱེད་པར་ཤོག”ཅེས་གཟའ་ཉི་མའི་ཕྱི་དྲོར། ཙུའུ་ཀྲང་ཟླ་བས་སྐད་འཕྲིན་ཚོགས་པའི་ནང་བརྡ་ཐོ་བཏང་བ་དང་ཚོགས་མི་ཚོས་ཕྱགས་མ་སོགས་ཁྱེར་ནས་གཏན་འཁེལ་གྱི་ས་ཁོངས་སུ་གད་ཕྱིས་བྱེད་འགོ་ཚུགས།
          མི་མང་ན་སྟོབས་ཤུགས་ཆེ། མཉམ་ལས་ཐེངས་མང་བྱེད་མྱོང་བའི་ཚོགས་མི་ཚོའི་དབར་སྔ་ས་ནས་མ་གྲོས་གཅིག་མཐུན་བྱུང་སྟེ་ཚོགས་ཆུང་གིས་འགན་འཁུར་དགོས་པའི་ས་ཁོངས་མགྱོགས་མྱུར་གཙང་ཐིང་ཐིང་བཟོས། “བརྡ་ཐོ་བཏང་མ་ཐག་ཚང་མས་ལམ་སེང་ཡོང་གི་འདུག་པས་བྲེལ་བ་སྐུལ་དགོས་མེད་མཇུག་ཏུ་ལུས་མཁན་ཡང་མེད”ཅེས་ཟླ་བས་བཤད།
          ཤང་སྲོལ་བཟང་པོ་ཁྱིམ་སྲོལ་བཟང་པོ་ལས་བྱུང་བ་ཞིག་རེད། ཟླ་བའི་ཁྱིམ་གྱི་གྱང་ལྡེབས་སུ་རང་སྐྱོང་ལྗོངས་དང་ལྷ་ས་གྲོང་ཁྱེར་རིམ་པ་གཉིས་ཀྱི“ཁྱིམ་ཚང་ཡག་ཤོས”དང“ཡར་ཀླུང་གཙང་པོའི་སྣོད་བཅུད་ཡུལ་སྐོར་རིག་གནས་དུས་ཆེན་གྱི་ཕུལ་བྱུང་དང་བླངས་པ”“སློབ་སྦྱོང་ཡར་ཐོན་གྱི་བྱ་དགའ”སོགས་གཟི་བརྗིད་མཚན་སྙན་གྱི་གཟེངས་རྟགས་ཁྲོད་ཟླ་བ་རང་ཉིད་ཀྱི་ཡོད་ལ་ཕྲུ་གུ་ཚོའི་ཡང་ཡོད་པ་རེད།
          “ཆུང་དུས་ནས་པཱ་ལགས་ཀྱིས་ང་ཚོར་མི་དྲང་པོ་དྲང་གཞག་དང་། དཀའ་སྤྱད་ལས་བརྩོན། སློབ་སྦྱོང་ནན་ཏན་བཅས་བྱས་ཏེ་ཆེན་པོ་ཆགས་རྗེས་ལས་བརྩོན་གྱི་ལག་གཉིས་ལ་བརྟེན་ནས་འཚོ་བ་ཡག་པོ་ཞིག་སྐྱེལ་དགོས་ཞེས་སློབ་གསོ་གཏོང་གི་ཡོད། པཱ་ལགས་ཀྱི་བསླབ་བྱ་དེ་དག་ངའི་སེམས་ལ་ངེས་ཡོད་ལ་དེས་ང་རང་འཚར་ལོངས་ཡོང་བར་ཡང་ལྕག་སྐུལ་ཐེབས་བྱུང”ཞེས་ཟླ་བའི་བུ་མོ་བསོད་ནམས་སྒྲོལ་མས་བཤད་པ་དང་ཁོང་ད་ཆ་གཞིས་རྩེའི་གྲོང་ཚོ་ཞིག་ཏུ་ཧྲུའུ་ཅི་དང་པོ་བྱེད་བཞིན་ཡོད།
          པཱ་ལགས་ཀྱི་བསླབ་བྱའི་འོག་བསོད་ནམས་སྒྲོལ་མ་དང་ཁོང་གི་གཅེན་གཅུང་5ལ་རང་ཉིད་ཀྱི་འབད་བརྩོན་བརྒྱུད་ལས་ཀ་རག་ཅིང་། འགའ་རེ་ཁེ་ལས་སུ་ལས་ཀ་བྱེད་པ་དང་། འགའ་རེ་རླངས་འཁོར་ཆེ་གྲས་བཏང་སྟེ་སྐྱེལ་འདྲེན་ལས་ལ་གཞོལ་བ། འགའ་རེ་གཞུང་ཞབས་པར་རྒྱུགས་འཕྲོད་ཡོད།
          ཙི་ཙི་རོང་གྲོང་ཚོའི་ཨུ་ཡོན་དཀར་བསྟན་གྱིས“གྲོང་ཚོར་ཟླ་བའི་ཁྱིམ་དང་འདྲ་བར་རང་ཉིད་ཀྱི་དཀའ་སྤྱད་འབད་བརྩོན་ལ་བརྟེན་ནས་འཚོ་བ་སྐྱིད་པོ་སྐྱེལ་མཁན་ཁྱིམ་ཚང་ཧ་ཅང་མང་པོ་ཡོད”ཅེས་བཤད།
          ད་ཆ་མལ་གྲོ་གུང་དཀར་རྫོང་གི་རི་གྲོང་དུ་སྐྱོད་སྐབས། ཁྱིམ་སྲོལ་བཟང་བ་དང་གྲོང་སྲོལ་བཟང་བའི་སྤྱི་ཚོགས་ཀྱི་དར་སྲོལ་གསར་པ་ཞིག་ཆགས་ནས་ཐོན་ལས་དར་རྒྱས་དང་། སྣོད་བཅུད་སྡོད་མལ་དང་འཚམ་པ། འཚོ་བ་འབྱོར་ཕྱུག བཅོས་སྒྲིག་ནུས་ལྡན་བཅས་གྲོང་གསེབ་དར་རྒྱས་ཀྱི“གྲོང་གསེབ་ཀྱི་མཉམ་སྒྲོག་རོལ་དབྱངས”ཤིག་དཀྲོལ་བཞིན་མཆིས།