དགུན་དུས་བོད་ལྗོངས་སུ་གནས་སྐོར་དུ་ཡོང་མཁན་རིམ་བཞིན་ཇེ་མང་དུ་གྱུར། གྲོང་ཚོར་དགུན་ཁའི་གུང་གསེང་གི་གསབ་སྦྱོང་འཛིན་གྲྭ་གཉེར་བ། མཚོ་སྔོན་གྱིས་ཆུ་བོ་དང་མཚོའི“གང་བྱུང་བཞིའི” གནད་དོན་756དག་ཐེར་བྱས་པ། བདེན་འཚོལ་དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལོ་རྒྱུས་དངོས་གཙོ་རིང་ལུགས་རྒྱུན་འཁྱོངས་ཀྱིས་དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་འཕེལ་རྒྱས་ཀྱི་མཐོ་ཚད་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་ཞེས་པ་སྤེལ་བ། བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པ་གཟབ་རྒྱས་ངང་འགོ་ཚུགས་པ། མང་ཚོགས་ཀྱི“མགྲིན་ཚབ་པ”ཡག་པོ་ཞིག་བྱེད་ཀྱི་ཡིན། “པེ་ཅིང་དུ་འཛོམས་པ”ཞེས་པའི་སྐབས་དང་པོའི་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་དང་འཛམ་གླིང་ཐང་གའི་སྒྱུ་རྩལ་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་སྤེལ་བ། 2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > བོད་ལྗོངས་གསར་འགྱུར།

བོད་ལྗོངས་དངུལ་རྩའི་སྒྲིག་གཞིས་དབུལ་སྐྱོར་དངུལ་བུན་ཇེ་མང་དུ་བཏང་།

སྤེལ་དུས 2021-01-18 ཡོང་ཁུངས། མི་དམངས་དྲ་བ། རྩོམ་པ་པོ།
 
            ཀྲུང་གོ་མི་དམངས་དངུལ་ཁང་ལྟེ་གནས་ཡན་ལག་དངུལ་ཁང་གི་གཞི་གྲངས་ལས་མངོན་གསལ། མིག་སྔའི་བར། བོད་ལྗོངས་དངུལ་རྩའི་གནད་འཁེལ་དབུལ་སྐྱོར་དངུལ་བུན་སྒོར་དུང་ཕྱུར་1301(དབུལ་སྒྲོལ་ཟིན་པ་ཁོངས་སུ་གཏོགས)ལྷག་ཡོད།  དེ་ནི་2016ལོའི་དུས་མཚུངས་དང་བསྡུར་ན་191%འཕར་ཡོད། 
            ལྷ་ས་གྲོང་ཁྱེར་སྟག་རྩེ་ཆུས་ཐང་དཀར་ཤང་གི་ཕྱུགས་ཟོག་གསོ་སྤེལ་རྟེན་གཞི་ཞིག་ཏུ། ལོ་46ཡིན་པའི་ལྷོ་ཕུ་གྲོང་ཚོའི་གྲོང་མི་བསོད་ནམས་ སྔ་མོ་ནས་ཡང་ལངས་ཏེ་ཕྱུགས་རར་གད་བརྡར་བྱས་ནས་ཉིན་གཅིག་གི་ལས་འགོ་བསླངས་ཡོད། “འདི་རུ་ལས་ཀར་ཞུགས་ནས་ལོ་ཕྱེད་སོང་། ཉིན་རེར་གླ་ཕོགས་སྒོར་150ཡོད། སེམས་པ་སྤྲོ་པོ་འདུག”ཅེས་ཁོང་གིས་བཤད། 
            བསོད་ནམས་ཡོད་སའི་ཕྱུགས་ཟོག་གསོ་སྤེལ་རྟེན་གཞི་ནི་ཞིང་འབྲོག་ཀུང་སི་ཞིག་གིས་མ་རྩ་སྒོར་ཁྲི་སྟོང་ཕྲག་ཡན་བཞག་ནས་བཟོས་པའི་ཐོན་ལས་རྣམ་གྲངས་ཤིག་རེད། “ང་ཚོས་2020ལོའི་ལོ་འགོར་ཀུང་སི་འདི་ལ་དུས་བཀག་ལོ་གསུམ་ཅན་གྱི་སྒོར་ཁྲི་5000གི་དངུལ་བུན་བཏང་ནས། ལྷ་ས་གྲོང་ཁྱེར་གྱི་ཤང་གྲོང་རྡལ་5ཡི་ས་ཞིང་གཞན་སྒྱུར་དང་ཕྱུགས་རྩྭ་འདེབས་པ། ཕྱུགས་ཟོག་ཉོ་སྒྲུབ་སོགས་བྱེད་རོགས་བྱས་པ་ཡིན”ཞེས་ཀྲུང་གོ་ཞིང་ལས་འཕེལ་རྒྱས་དངུལ་ཁང་བོད་ལྗོངས་ཡན་ལག་དངུལ་ཁང་གི་འགོ་འཛིན་ཧྥུན་ཞུའེ་ཡིས་བཤད། 图片    དངུལ་ཁང་གིས་དུས་ཐོག་ཏུ་བུན་བཏང་བར་བརྟེན། ཐང་དཀར་ཤང་ཕྱུགས་ཟོག་གསོ་སྤེལ་རྟེན་གཞི་ཡིས་ཁྱོན་བསྡོམས་ཕྱུགས་ཟོག་1830ཉོ་སྒྲུབ་བྱས་ཡོད་པ་དང་། མིག་སྔར་ཕྱུགས་ཟོག་855གསོ་ཁ་བུད་པ་དང་། གསོ་སྤེལ་ར་བའི་གསོ་ཁ་བུད་ཚད་ཆེས་ཆེར་མཐོ་རུ་ཕྱིན་ཡོད། 
    “གྲོང་མི་ཚོར་ས་ཞིང་གཞན་སྒྱུར་གྱི་ཡོང་འབབ་དང་། དབྱར་ཁར་རྩྭ་འདེབས་པ། སྟོན་དགུན་དུས་ལ་རྟེན་གཞི་རུ་ཕྱུགས་གསོ་བ་བཅས་རྣམ་གྲངས་འདི་གསུམ་གྱི་ཡོང་འབབ་བསྡོམས་ན་ལོ་རེར་སྒོར་ཁྲི་3ལྷག་ཡོད་པ་རེད། ”ཅེས་བསོད་ནམས་ཀྱིས་བཤད། ཤང་གྲོང་རྡལ་གྱི་ཐོན་ལས་འཕེལ་རྒྱས་བྱུང་ན་ཡོང་འབབ་ལོ་རེར་བཞིན་ཇེ་མཐོར་འགྲོ་བཞིན་ཡོད།
  
            གཞི་གྲངས་ལས་མངོན་པར། མིག་སྔར་བོད་ལྗོངས་ཐོན་ལས་ཀྱི་གནད་འཁེལ་དབུལ་སྐྱོར་དངུལ་བུན་ལྷག་གྲངས་སྒོར་དུང་ཕྱུར་162ནི་2016ལོའི་དུས་མཚུངས་ལས་185%འཕར་བ་དང་། རྣམ་གྲངས་ཀྱི་གནད་འཁེལ་དབུལ་སྐྱོར་གྱི་དངུལ་བུན་ལྷག་གྲངས་སྒོར་དུང་ཕྱུར་1071ཟིན་པ་དེ་2016ལོའི་དུས་མཚུངས་ལས་216%འཕར་ཡོད་པ་རེད། 
            དབུལ་སྐྱོར་ཐོན་ལས་ལ་རྒྱབ་སྐྱོར་བྱས་ནས་ཡོང་འབབ་བརྟན་པོའི་ངང་འཕར་རྒྱུར་སྐུལ་ཁྲིད་བྱེད་པ་ཕུད། དངུལ་ཁང་སོགས་དངུལ་རྩའི་སྒྲིག་གཞིས་ད་དུང་བོད་ཀྱི་མང་ཚོགས་བདེ་སྡོད་ལས་བརྩོན་གྱི་འཚོ་བ་གསར་པ་སྐྱེལ་ཐུབ་པར་རོགས་རམ་ཧུར་ཐག་བྱས་ཡོད། 
            2016ལོ་ནས་ད་བར། ལྗོངས་ཡོངས་ཀྱི་ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོར་དངུལ་བུན་བཏང་ཚད་རིམ་རྩིས་བྱས་ན་སྒོར་དུང་ཕྱུར་213ཙམ་ཟིན་ཞིང་། རིམ་རྩིས་བྱས་ན་ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོ་ཁྲི་37.8ལ་རོགས་སྐྱོར་བྱས་པ་དང་། དབུལ་སྐྱོར་གྲངས་ཉུང་ཡིད་རྟོན་དངུལ་བུན་རིམ་རྩིས་བྱས་ན་སྒོར་དུང་ཕྱུར་89བཏང་བ་དང་། རིམ་རྩིས་བྱས་ན་ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོ་ཁྲི་22ལ་རོགས་སྐྱོར་བྱས་ཡོད།

རྩོམ་སྒྲིག་པ། བདེ་སྒྲོལ།