དགུན་དུས་བོད་ལྗོངས་སུ་གནས་སྐོར་དུ་ཡོང་མཁན་རིམ་བཞིན་ཇེ་མང་དུ་གྱུར། གྲོང་ཚོར་དགུན་ཁའི་གུང་གསེང་གི་གསབ་སྦྱོང་འཛིན་གྲྭ་གཉེར་བ། མཚོ་སྔོན་གྱིས་ཆུ་བོ་དང་མཚོའི“གང་བྱུང་བཞིའི” གནད་དོན་756དག་ཐེར་བྱས་པ། བདེན་འཚོལ་དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལོ་རྒྱུས་དངོས་གཙོ་རིང་ལུགས་རྒྱུན་འཁྱོངས་ཀྱིས་དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་འཕེལ་རྒྱས་ཀྱི་མཐོ་ཚད་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་ཞེས་པ་སྤེལ་བ། བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པ་གཟབ་རྒྱས་ངང་འགོ་ཚུགས་པ། མང་ཚོགས་ཀྱི“མགྲིན་ཚབ་པ”ཡག་པོ་ཞིག་བྱེད་ཀྱི་ཡིན། “པེ་ཅིང་དུ་འཛོམས་པ”ཞེས་པའི་སྐབས་དང་པོའི་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་དང་འཛམ་གླིང་ཐང་གའི་སྒྱུ་རྩལ་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་སྤེལ་བ། 2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > བོད་ལྗོངས་གསར་འགྱུར།

བོད་ལྗོངས་ལྷོ་ཁ་གྲོང་ཁྱེར་སྣེ་གདོང་ཆུས་ཀྱི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་ཀྱི་སྒོ་བྱང་དངོས་སུ་བཀལ་བ།

སྤེལ་དུས 2021-01-19 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ། འབྲུག་རྒྱལ་མཁར་གྱིས་བསྒྱུར།
           ཀྲུང་གོའི་བོད་ལྗོངས་དྲ་བའི་འཕྲིན། ཟླ་དང་པོའི་ཚེས17ཉིན་བོད་རང་སྐྱོང་ལྗོངས་ལྷོ་ཁ་གྲོང་ཁྱེར་སྣེ་གདོང་ཆུས་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་ཀྱི་སྒོ་བྱང་དངོས་སུ་བཀལ་བ་རེད།

སྒོ་བྱང་འགེལ་བའི་མཛད་སྒོའི་ཡུལ་དངོས།
           སྒོ་བྱང་འགེལ་བའི་མཛད་སྒོའི་ཐོག་སྣེ་གདོང་ཆུས་ཨུའི་ཧྲུའུ་ཅི་གཞོན་པ་དང་ཆུས་ཀྲང་ཀྲང་ཝུའེ་ཡིས་སྣེ་གདོང་ཆུས་ཀྱི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་འཛུགས་སྐྲུན་བྱས་ཚུལ་སྐོར་ངོ་སྤྲོད་བྱས་པ་དང་། སྣེ་གདོང་ཀྱི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་ཀྱི་འགན་འཛིན་པ་ཚེ་བརྟན་སྒྲོལ་དཀར་གྱིས་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་ཀྱི་ལོ་གཅིག་རིང་གི་བྱ་བའི་གནས་ཚུལ་སྐོར་སྙན་སེང་ཞུས་པ་རེད།
           ལྷོ་ཁ་གྲོང་ཁྱེར་སྲིད་གཞུང་གི་འགོ་གཙོ་གཞོན་པ་དང་སྣེ་གདོང་ཆུས་ཨུའི་ཧྲུའུ་ཅི་ཉི་མ་ཚེ་རིང་གིས་ཤིས་ཚིག་གསུང་སྐབས་བརྗོད་དོན། དྲ་བའི་སྟེང་ཁྱབ་སྤེལ་བྱེད་པའི་གནས་བབ་གསར་པ་དང་བསྟུན་གང་ཐུབ་བྱས་ཏེ་རང་འགུལ་ངང་དུས་རབས་གསར་པའི་ཏང་གི་སྨྱན་སྦྱོར་གྱི་འོས་འགན་གསར་པ་ཕྲག་ཏུ་ལེན་པ་དང་། བསམ་བློའི་གླེང་ཕྱོགས་ཀྱི་མདུན་མའི་གཡུལ་ས་བརྟན་པོ་བསྲུངས་ཏེ། སྨྱན་སྦྱོར་ལྟེ་གནས་དེ་བསམ་བློ་གསར་པ་ལག་བསྟར་དོན་འཁྱོལ་བྱེད་པ་དང་། གཙོ་རྒྱུན་གླེང་ཕྱོགས་སྲ་བརྟན་དང་སྟོབས་ཆེར་གཏོང་བ། རྒྱ་ཆེའི་མི་དམངས་མང་ཚོགས་ལ་ཞབས་འདེགས་ཞུ་བ་བཅས་ཀྱི་བསམ་བློ་དང་རིག་གནས་ཀྱི་གཡུལ་ས་གལ་ཆེན་ཞིག་ཏུ་ཧུར་ཐག་སྒོས་འཛུགས་སྐྲུན་བྱེད་དགོས་ཞེས་བསྟན།

སྒོ་བྱང་འགེལ་བའི་མཛད་སྒོའི་ཡུལ་དངོས།
           ཤེས་རྟོགས་བྱུང་བར་གཞིགས་ན། སྣེ་གདོང་ཆུས་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་ཀྱི་ཁོངས་སུ། 5Gའགྲེམས་སྟོན་ཁུལ་དང་། བཀོད་འདོམས་ལྟེ་གནས་ས་ཁོངས། དཔེ་ཆ་བའི་སྣེ་གདོང་ས་ཁོངས་སོགས་ཚུད་ཡོད་པ་དང་། ཤིན་ཧྭ་གསར་འགྱུར་ཁང་གསར་འགྱུར་ཆ་འཕྲིན་ལྟེ་གནས་ཀྱིས་མཛུབ་ཁྲིད་དང་གཉེར་སྐྱོང་བྱས་ནས།            2019ལོའི་ཟླ12པར་དངོས་སུ་བསྐྲུན་ཚར་ནས་ཚོད་ལྟའི་ལས་གཉེར་བྱས་པ་རེད། སྣེ་གདོང་ཆུས་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་ཀྱིས་སྔོན་ཐོན་ལག་རྩལ་ལས་སྟེགས་ལ་བརྟེན་ནས། “ཐབས་ཇུས་འཚོལ་སྒྲིག་དང་འགྲེམས་སྤེལ”གྱི་བརྒྱུད་རིམ་བསྐྱར་བཟོ་དང་སྨྱན་སྦྱོར་ཐོན་ཁུངས་སྡེབ་སྒྲིག་བྱས་ལ། ཤིན་ཧྭ་གསར་འགྱུར་ཁང་གི“རྫོང་རིམ་པའི་མཉམ་འདྲེས་སྨྱན་སྦྱོར་ཆེད་སྐུད”ནང་དོན་གྱི་རྟེན་གཞིར་བཟུང་ནས། “ཡུལ་དངོས་སྤྲིན”དང“སྨྱན་སྦྱོར་གྱི་ཀླད་ཆེན”སོགས་ཀྱི་ཡོ་བྱད་ལ་བརྟེན་ནས་རིག་ནུས་ཅན་གྱི་ཐོན་སྐྱེད་མངོན་འགྱུར་བྱུང་བ་དང་། ཆུས་རིམ་པའི་སྨྱན་སྦྱོར་བརྒྱུད་བསྒྲགས་ལས་སྟེགས་བསྡུ་སྒྲིལ་བྱས་ཏེ། “གོང་འོག་མཉམ་འགུལ་དང་ཕྱི་ནང་མཉམ་སྤེལ”གྱི་ཆུས་དང་རྫོང་རིམ་པའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས”ཀྱི“སྣེ་གདོང་དཔེ་མཚོན”དུ་གྱུར་ཡོད།
           ངོ་སྤྲོད་བྱས་པར་གཞིགས་ན། གོམ་སྟབས་རྗེས་མར་སྣེ་གདོང་ཆུས་སྨྱན་སྦྱོར་ལྟེ་གནས་ཀྱིས“གླེང་ཕྱོགས་ཀྱི་གཡུལ་ས་གཙོ་བོ་དང་། ཕྱོགས་བསྡུས་ཞབས་ཞུའི་ལས་སྟེགས། སྡེ་ཁུལ་ཆ་འཕྲིན་ལྟེ་གནས”བཅས་དམིགས་ཚད་ཆེན་པོ་གསུམ་ལ་མུ་མཐུད་དམིགས་ནས་བཅོས་བསྒྱུར་གསར་གཏོད་བྱེད་ཤུགས་ཆེ་རུ་གཏོང་བ་དང་། རྫོང་རིམ་པའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་འཛུགས་སྐྲུན་གྱི་གཙོ་གནད་ལས་འགན་ཁག་དམ་འཛིན་ཡག་པོ་བྱས་ཏེ། མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་འཛུགས་སྐྲུན་དང་དུས་རབས་གསར་པའི་དཔལ་ཡོན་ལག་ལེན་ལྟེ་གནས་འཛུགས་སྐྲུན་གཅིག་གྱུར་འཆར་འགོད་བྱ་རྒྱུ་མཐའ་འཁྱོངས་ཀྱིས་མཐུན་སྦྱོར་སྐུལ་འདེད་དང་། བསམ་ཕྱོགས་གསར་གཏོད། དྲ་བའི་ཕྱི་ནང་གཅིག་ཏུ་སྦྲེལ་བ། ཕན་ཚུན་མཉམ་འདྲེས་མཐུན་སྦྱོར་བཅས་བྱས་ནས། ནན་ཏན་དང་ནུས་པ་ཐོན་པའི་བྱ་སྤྱོད་དང་ཕན་འབྲས་དངོས་ལ་བརྟེན་ནས་སྣེ་གདོང་གི་ཉམས་མྱོང་གསར་དུ་གཏོད་དགོས།
རྩོམ་སྒྲིག་པ། བདེ་སྒྲོལ།