བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ལྷན་གྱི་བསྐོ་འཐེན་མིང་ཐོ་འདིར་གཟིགས་རོགས།
སྤེལ་དུས 2021-01-19
ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ།
རྩོམ་པ་པོ། པད་མ་རྒྱལ་གྱིས་བསྒྱུར།
ཚེས17ཉིན་གྱི་སྔ་དྲོར། བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་གཅིག་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་ཉེར་ལྔ་པ་ལྷ་སར་འཚོགས་ཤིང་། བོད་རང་སྐྱོང་ལྗོངས་ཏང་ཨུའི་ཧྲུའུ་ཅི་གཞོན་པ་དང་། ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་བློ་བཟང་རྒྱལ་མཚན་གྱིས་ཚོགས་འདུར་གཙོ་སྐྱོང་གནང་བར་མ་ཟད་གསུང་བཤད་ཀྱང་གནང་།
ཚོགས་འདུའི་ཐོག་བརྡས་ཐག་བཅད་པ་བརྒྱུད། ནོར་བུ་དོན་གྲུབ་ཀྱི་བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་ཀྲུའུ་ཞི་གཞོན་པའི་གོ་གནས་ཕྱིར་འཐེན་བྱས་པ་དང་། པད་མ་དབང་འདུས་ཀྱིས་བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་ཀྲུའུ་ཞི་གཞོན་པའི་ལས་གནས་འཁུར་བར་གྲོས་ཆོད་བྱུང་། ཀྲུའུ་ཡ་ཕིན་གྱིས་བོད་རང་སྐྱོང་ལྗོངས་མི་དམངས་ཞིབ་དཔྱོད་ཁང་གི་ཞིབ་དཔྱོད་འགོ་འཛིན་གྱི་ལས་གནས་དགོངས་ཞུ་འབུལ་བ་དང་ལེན་ཞུས་པ་དང་། ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གི་ཞིབ་དཔྱོད་འགོ་འཛིན་གྱིས་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ལྷན་ལ་རེ་འདུན་ཞུ་བར་སྙན་སེང་ཞུས་པར་ཆོག་མཆན་ཐོབ་རྗེས། བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་ལ་ཐོ་འགོད་སྙན་སེང་ཞུས། ཞ་ཁོ་ཆིན་གྱིས་བོད་རང་སྐྱོང་ལྗོངས་མི་དམངས་ཞིབ་དཔྱོད་ཁང་གི་ཞིབ་དཔྱོད་འགོ་འཛིན་གཞོན་པའི་ལས་གནས་འཁུར་བར་བསྐོ་བཞག་བྱས་པ་དང་། ཞིབ་དཔྱོད་འགོ་འཛིན་གཞོན་པ་ཞ་ཁོ་ཆིན་གྱིས་བོད་རང་སྐྱོང་ལྗོངས་མི་དམངས་ཞིབ་དཔྱོད་ཁང་གི་ལས་ཚབ་ཞིབ་དཔྱོད་འགོ་འཛིན་པའི་འགན་བཞེས་རྒྱུའི་གྲོས་ཆོད་བྱུང་ཞིང་། རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་དང་ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་ལ་ཐོ་འགོད་སྙན་སེང་ཞུས།
ཚོགས་འདུའི་སྟེང་བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་ཁྲིམས་ལུགས་ཨུ་ཡོན་ལྷན་ཁང་གི 《བོད་རང་སྐྱོང་ལྗོངས་རྒྱལ་ཁབ་སྐྱེ་ཁམས་དཔལ་ཡོན་གྱི་ས་མཐོའི་འཛུགས་སྐྲུན་གྱི་སྲོལ་ཡིག(འཆར་ཟིན་གྱི་མ་ཡིག་ཞུ་དག་ཐེངས་གསུམ་པ)》བཟོ་བཅོས་བྱ་རྒྱུའི་གནས་ཚུལ་སྐོར་གྱི་སྙན་སེང་ལ་ཉན་པ་དང་། བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་བཞི་པར 《བོད་རང་སྐྱོང་ལྗོངས་རྒྱལ་ཁབ་སྐྱེ་ཁམས་དཔལ་ཡོན་གྱི་ས་མཐོའི་འཛུགས་སྐྲུན་གྱི་སྲོལ་ཡིག(འཆར་ཟིན)》ལ་གྲོས་ཞིབ་ཀྱི་རེ་འདུན་ཞུ་བའི་སྐོར་གྱི་གྲོས་གཞིར་གྲོས་འཆམ་བྱུང་ནས་བརྡས་ཐག་བཅད་པ་རེད།
ཚོགས་འདུའི་སྟེང་བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ལས་དོན་སྙན་ཞུའི་མ་ཡིག་ལ་གྲོས་བསྡུར་བྱས་ནས་མོས་མཐུན་བྱུང་ཞིང་། བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་བཞི་པས་གྲོས་ཞིབ་རེ་འདུན་ཞུ་རྒྱུའི་གྲོས་འཆམ་བྱུང་བ་དང་། བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་བཞི་པའི་གྲོས་རིམ་གྱི་འཆར་ཟིན་ལ་གྲོས་འཆམ་བྱུང་སྟེ། བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་བཞི་པའི་གྲ་སྒྲིག་ཚོགས་འདུས་བརྡས་ཐག་གཅོད་པར་རེ་འདུན་ཞུ་རྒྱུའི་གྲོས་འཆམ་བྱུང་། བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་བཞི་པའི་ཀྲུའུ་ཞི་ཚོགས་པ་དང་དྲུང་ཡིག་ཆེ་མོའི་མིང་ཐོའི་འཆར་ཟིན་ལ་གྲོས་འཆམ་བྱུང་སྟེ། བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་བཞི་པའི་གྲ་སྒྲིག་ཚོགས་འདུའི་འདེམས་བསྐོའི་རེ་འདུན་ཞུ་རྒྱུའི་ཐག་བཅད། བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་བཞི་པའི་ཚོགས་ཞུགས་མི་སྣའི་མིང་ཐོར་གྲོས་འཆམ་བྱུང་བ་དང་། འཐུས་མི་ཁག་གཅིག་གི་འཐུས་མིའི་ཐོབ་ཐང་སྐོར་གྱི་སྙན་ཞུ་དང་སྤྱི་བསྒྲགས་མ་ཡིག་ལ་གྲོས་འཆམ་བྱུང་། བསྐོ་འཐེན་གྱོད་དོན་གཞན་དག་ལ་གྲོས་འཆམ་བྱུང་སྟེ་ལས་གནས་བསྐོ་བཞག་གི་དཔང་ཡིག་སྤྲད།
ཚོགས་འདུ་མཇུག་སྒྲིལ་རྗེས། བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ལྷན་གྱིས་རྩ་ཁྲིམས་ཀྱི་དམ་བཅའ་འཇོག་པའི་མཛད་སྒོ་སྤེལ་ཞིང་། ལས་གནས་གསར་པ་བསྐོ་བཞག་བྱས་པའི་རྒྱལ་ཁབ་ལས་ཁུངས་ཀྱི་ལས་དོན་མི་སྣས་བཅའ་ཁྲིམས་ལྟར་རྩ་ཁྲིམས་ཀྱི་དམ་བཅའ་བཞག་པ་རེད། བོད་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་པད་མ་དབང་འདུས་ཀྱིས་དམ་བཅའ་འཇོག་པའི་སྣེ་ཁྲིད་པ་དང་། བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་ཞུ་ཞོལ་ཀོང་གིས་མཛད་སྒོར་གཙོ་སྐྱོང་གནང་བར་མ་ཟད་དམ་བཅར་ལྟ་རྟོག་གནང་པ་རེད།
རྩོམ་སྒྲིག་པ། བདེ་སྒྲོལ།