དགུན་དུས་བོད་ལྗོངས་སུ་གནས་སྐོར་དུ་ཡོང་མཁན་རིམ་བཞིན་ཇེ་མང་དུ་གྱུར། གྲོང་ཚོར་དགུན་ཁའི་གུང་གསེང་གི་གསབ་སྦྱོང་འཛིན་གྲྭ་གཉེར་བ། མཚོ་སྔོན་གྱིས་ཆུ་བོ་དང་མཚོའི“གང་བྱུང་བཞིའི” གནད་དོན་756དག་ཐེར་བྱས་པ། བདེན་འཚོལ་དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལོ་རྒྱུས་དངོས་གཙོ་རིང་ལུགས་རྒྱུན་འཁྱོངས་ཀྱིས་དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་འཕེལ་རྒྱས་ཀྱི་མཐོ་ཚད་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་ཞེས་པ་སྤེལ་བ། བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པ་གཟབ་རྒྱས་ངང་འགོ་ཚུགས་པ། མང་ཚོགས་ཀྱི“མགྲིན་ཚབ་པ”ཡག་པོ་ཞིག་བྱེད་ཀྱི་ཡིན། “པེ་ཅིང་དུ་འཛོམས་པ”ཞེས་པའི་སྐབས་དང་པོའི་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་དང་འཛམ་གླིང་ཐང་གའི་སྒྱུ་རྩལ་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་སྤེལ་བ། 2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > བོད་ལྗོངས་གསར་འགྱུར།

དམངས་གཅེས་ཀྱི་བརྗིད་ཆེའི་གླུ་དབྱངས་ཤིག

སྤེལ་དུས 2021-04-16 ཡོང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ། རྩོམ་པ་པོ།
      1976ལོའི་ཟླ་7ཚེས་1ཉིན་གྱི་ཕྱི་དྲོའི་ཆུ་ཚོད་5པ་ལྷག་ཙམ་དུ་ལྷ་ས་གྲོང་ཁྱེར་བཟོ་ཞིང་དམག་སློབ་ཆུང་གི་ཧོ་ཧུའེ་དང་། ཧོང་ཐའོ། ཧུང་ལེང་། ཁྲེན་ཀོང་ཧྥུའུ་བཅས་སློབ་མ་4ལྷ་ས་སྐྱིད་ཆུའི་འགྲམ་གྱི་ཆུ་དཔྱད་ཚད་འཇལ་གྲུ་གཟིངས་ཐོག་རྩེད་མོ་རྩེ་བཞིན་ཡོད། ཤིང་གྲུ་འདོགས་སའི་ཕུར་པ་བུད་པས་ཤིང་གྲུ་དེ་རླུང་གིས་དེད་པའི་ཤོག་བྱ་བཞིན་ཕྲུ་གུ་བཞི་པོ་དང་མཉམ་དུ་གཙང་པོའི་དཀྱིལ་དུ་འཁྱེར། ཟླ་དྲུག་པ་དང་བདུན་པ་ནི་ལྷ་སའི་ཆར་དུས་ཡིན་ཞིང་། ལྷ་ས་སྐྱིད་ཆུའི་ཆུ་ཁ་རྒྱས་པས་ཤིང་གྲུ་གཙང་པོའི་དཀྱིལ་དུ་སླེབས་སྐབས་མགོ་རྟིང་ལོག་ནས་སློབ་མ་གཅིག་མྱུར་དུ་གྲུ་གཟིངས་ཀྱི་རྒྱབ་ཏུ་འཛེགས་ཐུབ་པ་ཕུད། དེ་བྱིངས་ཀྱི་སློབ་མ་གསུམ་པོ་དེ་དག་གཙང་པོའི་ནང་ལྷུངས། ཁོང་ཚོས་འཕག་འཚག་རྒྱག་བཞིན་གྲུ་གཟིངས་འགྲམ་དུ་བསྐྱོད་དེ་གྲུའི་ཟུར་ཞིག་བཟུང་ནས་བསྡད། འོན་ཀྱང་གྲུ་གཟིངས་མགོ་རྟིང་ལོག་རྗེས་ཆུ་བོའི་ཤུགས་ཀྱིས་འདེད་ནས་མྱུར་དུ་སྨད་རྒྱུད་དུ་འཁྱེར་སྟབས་ཕྲུ་གུ་ཚོའང་ཆུའི་ནང་དིམ་ཉེན་ཆེན་པོ་ཡོད་པ་རེད།
      “ཆུ་ལ་ཟགས་པའི་སློབ་ཆུང་སློབ་མ་མགྱོགས་པོ་སྐྱོབ་རོགས་གནང་དང”ཞེས་པའི་ཛ་དྲག་གི་སྲོག་སྐྱོབ་འབོད་སྒྲ་ཞིག་ལྷ་སར་བཅའ་སྡོད་མི་དམངས་བཅིངས་འགྲོལ་དམག་གི་དཔུང་སྡེ་ཞིག་གི་ལེན་ཤོག་དང་པོའི་དམག་སྒར་དུ་གྲགས། སྐབས་དེ་དུས་འཐབ་འཛིང་པ་ཚོ་ཁ་ལག་ཟ་རྩིས་བྱེད་བཞིན་ཡོད་ཀྱང་། སྲོག་སྐྱོབ་འབོད་སྒྲ་ཐོས་མ་ཐག་བཀོད་འཐབ་པས་ལམ་སེང་ཕོར་པ་དང་ཁོའོ་ཙེ་བཞག་སྟེ་མདའ་མོ་གཞུ་ལས་བྲལ་བ་བཞིན་ཐད་ཀར་གཙང་འགྲམ་དུ་རྒྱུག བཀོད་འདོམས་པ་ཚོས་རྒྱུག་ཞོར་དུ་གྱོན་ཆས་ཕུད་ནས་ཕྲུ་གུ་ཚོར“དངངས་སྐྲག་མ་བྱེད། གྲུ་གཟིངས་བཟུང་ནས་སྡོད་ཅིག”ཅེས་སྐད་བརྒྱབ། མགོ་རྟིང་ལོག་པའི་གྲུ་གཟིངས་དེ་བཟུང་ནས་ཕྲུ་གུ་ཚོ་སྐྱོབ་ཆེད། ཚང་མས་སྨད་རྒྱུད་དུ་རང་ནུས་ཡོད་རྒུས་རྒྱུག་ཕྱིན། དེ་དུས་ཏག་ཏག་གཙང་འགྲམ་དུ་ཡོད་པའི་དཔུང་སྡེ་ཞིག་གི་ལེན་ཤོག་གཉིས་པའི་འཐབ་འཛིང་པ་ལིའུ་ཧྭ་ཡུན་གྱིས་སྣང་ཚུལ་དེ་མཐོང་མ་ཐག་ལམ་སེང་རོགས་སྐྱོབ་ནང་ཞུགས། 
      མདུན་ཤོས་སུ་ཡོད་པའི་ཝུའུ་ཆང་གོ་དང་། ཁྲང་སུང་པའེ། ཧྥེང་ཏེ་ཤིང་། ལི་མིང་ཆང་བཅས་འཐབ་འཛིང་པ་4ཡིས་དེ་མ་ཉིད་དུ་ཆུ་རྒྱུན་དྲག་པོའི་ནང་མཆོངས། ལས་བྱེད་པ་དང་འཐབ་འཛིང་པ་གཞན་དག་གིས་ཀྱང་མུ་མཐུད་ཆུ་རགས་བརྒྱུད་ནས་སྨད་རྒྱུད་དུ་རྒྱུག་རྗེས་ཚང་མས་གཙང་པོའི་སྨད་རྒྱུད་ཀྱི་སྨི་200ལྷག་ཙམ་གྱི་སར་ཆུ་བོའི་བཞུར་རྒྱུན་དེ་བས་དྲག་པ་དང་ཀློང་འཁོར་དེ་བས་མང་བས། གལ་ཏེ་མགོ་རྟིང་ལོག་པའི་གྲུ་གཟིངས་དེ་གར་འཁྱེར་ན་ཆུ་རགས་ལ་རྡུང་ཁ་ཐེབས་ནས་ཕྲུ་གུ་ཚོ་འཆི་རྒྱུ་ལས་མེད་པ་ཤེས། ལས་བྱེད་པ་དང་འཐབ་འཛིང་པ་ཚོའི་བླ་ན་མེད་པའི་རང་དོར་གཞན་གཅེས་ཀྱི་སྙིང་སྟོབས་ཀྱིས་བོད་ལྗོངས་དགེ་འོས་སློབ་གླིང་གི་སློབ་མ་བློ་བཟང་དོན་གྲུབ་ལ་སེམས་འགུལ་ཆེན་པོ་ཐེབས་ཏེ་འཐབ་འཛིང་པ་དང་མཉམ་དུ་ཆུར་ལྷུང་པའི་ཕྲུ་གུ་སྐྱོབ་ཆེད་ཆུའི་ནང་མཆོངས། མདུན་ཤོས་སུ་ཆུ་བརྒལ་ནས་འགྲོ་བཞིན་པའི་ལིའུ་ཧྭ་ཡུན་ནི་དམག་ལ་ཞུགས་ནས་ལོ་2ཀྱང་མ་སོང་བའི་འཐབ་འཛིང་པ་ཞིག་ཡིན་ཞིང་། ཁོང་གིས་ནུས་ཤུགས་ཡོད་རྒུ་བཏོན་ཏེ་ཀློང་འཁོར་དང་རྦ་རླབས་དྲག་པོ་མང་པོ་ལས་གཡོལ་ཏེ་གྲུ་གཟིངས་ཀྱི་འཁྲིས་སུ་ཐེངས་མང་བཅར་རྩིས་བྱས་ཀྱང་། རྦ་རླབས་དྲག་པོས་འཁྲིས་སུ་བསྐྱོད་མ་ཐུབ་པ་དང་མཐར་ཁོང་ཡང་དྲག་ཏུ་བཞུར་བའི་ཆུ་རྒྱུན་གྱིས་སྨི་150ལྷག་ཙམ་གྱི་སྨད་རྒྱུད་དུ་འཁྱེར་བ་དང་ཆུ་ངོགས་སུ་སླེབས་གྲབས་ཡོད་པའི་སྐབས་སུ་རྦ་རླབས་དྲག་པོ་ཞིག་གིས་ཁོང་ཀློང་འཁོར་གྱི་ངོས་སུ་འཐེན་པ་དང་གཙང་ཆུ་གྲང་མོའི་ནང་ཡུན་རིང་ལུས་པས་རྐང་པའི་ཉྭའང་འགྱུར་བས་ལིའུ་ཧྭ་ཡུན་ཆུ་ཁར་གཏན་ནས་ཐོན་ཐུབ་མེད།
      ཆུར་ལྷུང་བའི་སློབ་ཆུང་སློབ་མ་སྔར་བཞིན་ཛ་དྲག་ངང་སྐྱོབ་བཞིན་ཡོད། ཝང་ཀྲེང་ཀྲུང་ཆུ་རྒྱུན་དྲག་པོས་གཙང་འགྲམ་དུ་དེད་པས་མང་ཚོགས་ཚོས་ཁོང་ཆུ་ངོགས་སུ་འཐེན་ཡོད། ཁོང་གིས་ངོ་གདོང་སྟེང་གི་ཆུ་ཐིགས་འཕྱིས་ནས་ལྟ་སྐབས་ཕྲུ་གུ་ཚོ་ཆུ་རྒྱུན་དྲག་པོའི་ཁྲོད་འཕག་འཚག་རྒྱག་པ་དང་འཐབ་གྲོགས་ཚོས་ནུས་ཤུགས་ཡོད་རྒུས་སྐྱོབ་བཞིན་པ་མཐོང་བས་ཁོང་གིས་ཁ་ཕྱིར་བསྐོར་ཏེ་མང་ཚོགས་ཚོས་བཀག་འགོག་བྱས་ཀྱང་མ་ཉན་པར་སླར་ཡང་ཆུའི་ནང་མཆོངས།
      སྐབས་དེ་དུས་ཆུ་རྒྱུན་དྲག་པོའི་ཁྲོད་ཕྲུ་གུ་དེ་དག་ཡམ་ཡོམ་བྱེད་བཞིན་པའི་གྲུ་གཟིངས་དང་མཉམ་དུ་ཆུ་གཞུང་གི་རྦ་རླབས་ཆེན་པོ་ཞིག་གི་དཀྱིལ་དུ་དིམ་གྲབས་བྱེད་པའི་སྐབས་ཆུ་རྒྱུན་དྲག་པོ་ལས་ཐར་བའི་ཝང་ཀྲེང་ཀྲུང་དང་། ཝུའུ་ཆང་གོ ཁྲང་སུང་པའེ། ཧྥེང་ཏེ་ཤིང་བཅས་དང་བོད་ལྗོངས་དགེ་འོས་སློབ་གླིང་གི་སློབ་མ་བློ་བཟང་དོན་གྲུབ་སོགས་བློ་མཐུན་གྱིས་རང་སྲོག་ལ་མ་བལྟོས་པར་མགོ་རྟིང་ལོག་པའི་གྲུ་གཟིངས་བཀག་པ་དང་འབྲེལ་ཆུ་རྒྱུན་དང་བསྟུན་ནས་ཕྲུ་གུ་ཚོ་དང་མགོ་རྟིང་ལོག་པའི་གྲུ་གཟིངས་གཙང་འགྲམ་གྱི་གྲམ་ཐང་དུ་འདྲུད། ཆུ་དཔྱད་སྤྱི་ཁྱབ་ས་ཚིགས་ཀྱི་ལས་དོན་པས་ཤིང་གྲུ་ཆུང་ཆུང་བཏང་སྟེ་ཕྲུ་གུ་ཚོ་དང་། ཝུའུ་ཆང་གོ ཁྲང་སུང་པའེ། ཧྥེང་ཏེ་ཤིང་། བློ་བཟང་དོན་གྲུབ་བཅས་པ་བདེ་འཇགས་ལྡན་པའི་ངང་ཆུ་ངོགས་སུ་དབོར་ཡོད། ཆུ་ཁ་ཇེ་མཐོར་ཕྱིན་ཡང་ཆུ་དཔྱད་སྤྱི་ཁྱབ་ས་ཚིགས་ཀྱི་ལས་དོན་པ་གཅིག་གིས་སླར་ཡང་ཤིང་གྲུ་ཆུང་ཆུང་བཏང་སྟེ་གཙང་པོའི་དཀྱིལ་དུ་ལུས་པའི་ཝང་ཀྲེང་ཀྲུང་དང་ལི་མིང་ཆང་ལེན་པར་བསྐྱོད། སྐབས་དེ་དུས་གློ་བུར་དུ་གྲུ་གཟིངས་ཆུ་རྒྱུན་དྲག་པོའི་ཁྲོད་འཁྱེར་བ་དང་རླབས་རྒྱུན་ཆེ་རུ་ཕྱིན་པས་གྲུ་མགོ་ཆུ་ནང་དུ་དིམ་སྟེ་གྲུ་སྟེང་གི་མི་གསུམ་པོ་ཆུ་རྒྱུན་དྲག་པོའི་ནང་ལྷུངས། མི་གསུམ་པོས་ཆུ་རྒྱུན་དྲག་པོའི་ཁྲོད་དུ་ནུས་ཤུགས་ཡོད་རྒུས་རྐྱལ་བརྒྱབ་ནས་ཆུ་ངོགས་སུ་སྐྱོད། ཝང་ཀྲེང་ཀྲུང་གིས་གྲུ་ཆུང་ཐོག་ནས་ཟགས་པའི་སྐྱ་བ་ལི་མིང་ཆང་ལ་སྤྲད་པ་དང་འབྲེལ་ནུས་ཤུགས་ཡོད་རྒུས་ལི་མིང་ཆང་ཆུ་ངོགས་སུ་འབུད་རྒྱག་བརྒྱབ། ཆུ་དཔྱད་སྤྱི་ཁྱབ་ས་ཚིགས་ཀྱི་ལས་དོན་པ་ཞིག་དང་ལི་མིང་ཆང་བདེ་འཇགས་ལྡན་པའི་ངང་ཆུ་ངོགས་སུ་སླེབས་ཀྱང་ལུས་ཤུགས་རྦད་དེ་ཉམས་པའི་ཝང་ཀྲེང་ཀྲུང་སྟབས་མི་ལེགས་པར་ཆུ་རྒྱུན་དྲག་པོས་ཁྱེར་ནས་ན་སོ་གཞོན་པའི་ཚེ་སྲོག་ཤོར་བ་རེད།
      ལྷ་སར་བཅའ་སྡོད་མི་དམངས་བཅིངས་འགྲོལ་དམག་གི་དཔུང་སྡེ་དེས་ཝང་ཀྲེང་ཀྲུང་དང་ལིའུ་ཧྭ་ཡུན་ལ་མྱ་ངན་ཞུ་བའི་ཚོགས་ཆེན་གཟབ་རྒྱས་འཚོགས་པ་རེད། བོད་དམག་ཁུལ་ཁང་ཏང་ཨུད་ཀྱིས་ལེན་ཤོག་དང་པོར་མཉམ་སྡེབ་ཀྱི་བྱས་རྗེས་རིམ་པ་གཉིས་པ་སྤྲོད་རྒྱུ་དང་ཝང་ཀྲེང་ཀྲུང་དང་ལིའུ་ཧྭ་ཡུན་ལ་བྱས་རྗེས་རིམ་པ་དང་པོ་རྗེས་སྤྲོད་བྱ་རྒྱུའི་གཏན་འབེབས་བྱས་པ་རེད།
རྩོམ་སྒྲིག་པ། སངས་སྐྱབས།