ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > བོད་ལྗོངས་གསར་འགྱུར།

བོད་ལྗོངས་ཀྱི་ཐོན་རྫས་ཀྱི་ཐོག་མའི་ཐོན་ཁུལ་དཔང་ཡིག་རེ་ཞུའི་བརྒྱུད་རིམ་ཧྲིལ་པོ་གློག་རྡུལ་ཅན་དུ་གྱུར་པ།

སྤེལ་དུས 2021-09-15 ཡོང་ཁུངས། མི་དམངས་ཉིན་རེའི་ཚགས་པར། རྩོམ་པ་པོ།
          ཉེ་ཆར། བོད་ལྗོངས་ནོར་འཛོམས་ཁུ་ལུ་ལས་རིགས་ཚད་ཡོད་ཀུང་སིས་ལྷ་ས་གྲོང་ཁྱེར་གྱི་བར་སྐོར་དུ་ཡོད་པའི་འགག་སྒོ་ཁོངས་གཏོགས་ཚན་པ་ནས་བོད་ལྗོངས་ཀྱི“རིག་ནུས་ཞིབ་དཔྱད”+“རང་འདེམས་པར་འདེབས”ཀྱི་ཐོན་རྫས་ཐོན་ཁུལ་གྱི་ལག་ཁྱེར་ཐོག་མ་བདེ་བླག་ངང་རེ་ཞུ་བྱས་པ་ལས་བོད་ལྗོངས་ཀྱི་ཐོན་རྫས་ཀྱི་ཐོག་མའི་ཐོན་ཁུལ་གྱི་ལག་ཁྱེར་རེ་ཞུ་བྱེད་པའི་བརྒྱུད་རིམ་ཧྲིལ་པོ་གློག་རྡུལ་ཅན་དུ་གྱུར་པ་མཚོན་གྱི་ཡོད།
          “རིག་ནུས་ཞིབ་དཔྱད་དང་རང་འདེམས་པར་འདེབས་མངོན་འགྱུར་བྱུང་རྗེས་ཀུང་སིས་རང་འགུལ་ངང་འཐུས་མཆན་འགོད་པའི་རེ་ཞུ་དང་རང་འདེམས་པར་འདེབས་བྱེད་ཆོག་པས། ཀུང་སི་དང་འགག་སྒོ་ལས་ཁུངས་དབར་ཕར་འགྲོ་ཚུར་འོང་བྱེད་མི་དགོས་པར་ཧ་ཅང་སྟབས་བདེ་པོ་འདུག”ཅེས་བོད་ལྗོངས་ནོར་འཛོམས་ཁུ་ལུ་ལས་རིགས་ཚད་ཡོད་ཀུང་སིའི་རྡོ་རྗེ་ཚེ་རིང་གིས་བཤད། ཐོན་རྫས་ཀྱི་ཐོག་མའི་ཐོན་ཁུལ་གྱི་ལག་ཁྱེར་ནི་དངོས་ཟོག་གི“རྒྱལ་ཁོངས”ཀྱི་དཔང་རྟགས་ཤིག་ཡིན་པ་དང་། ལྷག་པར་དུ་རང་མོས་ཉོ་ཚོང་གི་གྲོས་ཆོད་འོག་གི་གཟིགས་སྐྱོང་གི་ཐོག་མའི་ཐོན་ཁུལ་གྱི་ལག་ཁྱེར་ཡིན་ན། ནང་འདྲེན་བྱ་ཡུལ་ནས་དངོས་ཟོག་འགག་སྒོ་སྒྲོལ་བར་ཕན་པ་ཐོབ་པའི་ལག་ཁྱེར་གལ་ཆེན་ཞིག་དེ་བས་རེད།
          ཤེས་རྟོགས་བྱུང་བར་གཞིགས་ན། ཚོང་གཉེར་ཁོར་ཡུག་སྔར་བས་ལེགས་སུ་གཏོང་བ་དང་། ཐོག་མའི་ཐོན་ཁུལ་གྱི་ལག་ཁྱེར་གྱི་འཐུས་མཆན་འགོད་པའི“རིག་ནུས་ཞིབ་དཔྱད”+“རང་འདེམས་པར་འདེབས”ཀྱི་སྒྱུར་བཅོས་ཁྱབ་གདལ་གཏོང་ཆེད། ལྷ་ས་འགག་སྒོ་ལས་ཁུངས་ཀྱིས“ངས་མང་ཚོགས་ལ་བྱ་བ་དངོས་སྒྲུབ་པའི”ལག་ལེན་བྱེད་སྒོ་དང་ཟུང་འབྲེལ་བྱས་ཏེ་རང་འགུལ་ངང་ཁེ་ལས་དང་འབྲེལ་བ་བྱེད་པ་དང་སྒོ་རྩར་བསྐྱོད་དེ“གཅིག་གཏད་གཅིག”གི་སྒོ་ནས་ཁེ་ལས་ལ་གློག་རྡུལ་མིང་རྟགས་དང་ཐམ་ག་སྲུང་སྐྱོང་དང་། ལས་དོན་མི་སྣའི་མིང་རྟགས་འགོད་པའི་ཡིག་གཟུགས་བརྒྱུད་བསྐུར། རང་འདེམས་པར་འདེབས་སྒྲིག་ཆས་བཀོད་སྒྲིག་སོགས་ཀྱི་དུས་འགོའི་གྲ་སྒྲིག་ལས་དོན་ལ་ཁྲིད་སྟོན་བྱེད་ཀྱི་ཡོད། ལྷ་ས་འགག་སྒོ་ལས་ཁུངས་ཕྱོགས་བསྡུས་ལས་སྒོ་ཁྲུའུ་གཉིས་པའི་འགན་འཁུར་བས། “རིག་ནུས་ཞིབ་དཔྱད”+“རང་འདེམས་པར་འདེབས”ཀྱི་སྒྱུར་བཅོས་བྱེད་ཐབས་སྤྱད་པར་བརྟེན་ཁེ་ལས་ཀྱི་ཐོན་རྫས་ཀྱི་ཐོག་མའི་ཐོན་ཁུལ་ལག་ཁྱེར་གྱི་རིག་ནུས་ཞིབ་དཔྱད་འཕྲལ་དུ་གཉེར་ཐུབ་པ་བྱུང་བ་མ་ཟད། ལས་སྒྲུབ་དུས་ཚོད་ཐུང་དུ་ཕྱིན་ཏེ་ལས་ཕྱོད་ཀྱང་ཆེ་རུ་སོང་ཡོད་ཅེས་ངོ་སྤྲོད་བྱས་པ་རེད།
རྩོམ་སྒྲིག་པ། བདེ་སྒྲོལ།