ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > བོད་ལྗོངས་གསར་འགྱུར།

ལྗོངས་ཡོངས་ཀྱི་ཆོས་ལུགས་ལས་རིགས་ཀྱི་རྒྱལ་ཁབ་ཀྱི་འདུ་ཤེས་དང་། སྤྱི་དམངས་ཀྱི་འདུ་ཤེས། ཁྲིམས་སྐྱོང་གི་འདུ་ཤེས་བཅས་ཀྱི་སློབ་གསོ་སྒྲོག་འགྲེལ་པའི་གསོ་སྦྱོང་འཛིན་གྲྭ་དངོས་སུ་སློབ་འགོ་ཚུགས་པ།

ཀྲོང་ཡན་སློབ་འགོ་ཚུགས་པའི་མཛད་སྒོར་ཞུགས་པ།

སྤེལ་དུས 2022-05-18 ཡོང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ། རྩོམ་པ་པོ།
  བོད་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་བཀོད་སྒྲིག་གཞིར་བཟུང་། ཚེས་16ཉིན་གྱི་སྔ་དྲོ། ལྗོངས་ཡོངས་ཀྱི་ཆོས་ལུགས་ལས་རིགས་ཀྱི་རྒྱལ་ཁབ་ཀྱི་འདུ་ཤེས་དང་། སྤྱི་དམངས་ཀྱི་འདུ་ཤེས། ཁྲིམས་སྐྱོང་གི་འདུ་ཤེས་བཅས་ཀྱི་སློབ་གསོ་སྒྲོག་འགྲེལ་པའི་གསོ་སྦྱོང་བགྲོ་གླེང་འཛིན་གྲྭ་དངོས་སུ་སློབ་འགོ་ཚུགས་པ་རེད།
  བོད་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ལས་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་སྲིད་གྲོས་ཏང་ཙུའི་ཧྲུའུ་ཅི་ཀྲོང་ཡན་སློབ་འགོ་ཚུགས་པའི་མཛད་སྒོར་ཞུགས་པ་མ་ཟད་གསུང་བཤད་ཀྱང་གནང་བ་རེད།
  བོད་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་འཐབ་ཕྱོགས་གཅིག་གྱུར་པུའི་པུའུ་ཀྲང་ཀརྨ་ཚེ་བརྟན་གྱིས་གཙོ་སྐྱོང་གནང་བ་རེད།
  ཀྲོང་ཡན་གྱིས་གསུངས་དོན། ལྗོངས་ཡོངས་ཀྱི་ཆོས་ལུགས་ལས་རིགས་སུ་རྒྱལ་ཁབ་ཀྱི་འདུ་ཤེས་དང་། སྤྱི་དམངས་ཀྱི་འདུ་ཤེས། ཁྲིམས་སྐྱོང་གི་འདུ་ཤེས་བཅས་ཀྱི་སློབ་གསོ་གཏིང་ཟབ་སྤེལ་རྒྱུ་ནི་བོད་རང་སྐྱོང་ལྗོངས་ཏང་ཨུད་ཀྱིས་བཏོན་པའི་ཐབས་ཇུས་གལ་ཆེན་ཞིག་རེད། ཧྲུའུ་ཅི་ཝང་ཅུན་ཀྲེང་གིས་སྐུལ་སློང་བཀོད་སྒྲིག་ཚོགས་འདུའི་ཐོག་གནང་བའི་གསུང་བཤད་དེར་མཛུབ་ཁྲིད་རང་བཞིན་དང་། དམིགས་སའི་རང་བཞིན། བཀོལ་སྤྱོད་རང་བཞིན་བཅས་ཆེན་པོ་ལྡན་པ་དེས་ཆོས་ལུགས་ལས་རིགས་སུ"འདུ་ཤེས་གསུམ"གྱི་སློབ་གསོ་སྒྲིག་འཛུགས་བྱས་ནས་ཡག་པོ་སྤེལ་རྒྱུར་འབད་འཐབ་ཀྱི་ཁ་ཕྱོགས་གསལ་སྟོན་དང་ཞིབ་ཕྲའི་མཛུབ་ཁྲིད་བྱས་ཡོད། ང་ཚོས་ངེས་པར་དུ་སློབ་སྦྱོང་དང་ལག་བསྟར་ལ་ནན་ཏན་ངང་དམ་འཛིན་ཡག་པོ་བྱེད་དགོས།
  ཀྲོང་ཡན་གྱིས་གསུངས་དོན། ཆོས་ལུགས་ལས་རིགས་སུ"འདུ་ཤེས་གསུམ"གྱི་སློབ་གསོ་སྒྲིག་འཛུགས་བྱས་ནས་ཡག་པོ་སྤེལ་རྒྱུ་ནི་མིག་སྔ་དང་སླད་ཕྱིན་དུས་སྐབས་ཤིག་རིང་གི་ལས་འགན་གལ་ཆེན་ཞིག་རེད། རིམ་པ་ཁག་དང་སྡེ་ཚན་ཁག་གིས་ཆབ་སྲིད་ཀྱི་ཚུགས་གནས་མཐོ་རུ་གཏོང་བ་དང་ཆབ་སྲིད་ཀྱི་འགན་འཁྲི་ཕྲག་ཏུ་ཁུར་ནས། བསམ་བློ་དང་བྱ་སྤྱོད་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དང་བོད་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ལས་དོན་གྱི་བླང་བྱའི་ཐོག་གཅིག་གྱུར་ཏན་ཏིག་ཡོང་བ་བྱེད་པ་དང་། ཆོས་ལུགས་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་བརྒྱུད་རིམ་ལྡན་པའི་སྒོ་ནས་ཁོང་དུ་ཆུད་པར་བྱེད་པ། བོད་བརྒྱུད་ནང་བསྟན་ཁྱབ་ཁོངས་ཀྱི་འགལ་ཟླ་གཙོ་བོར་ངོས་འཛིན་གསལ་པོ་བྱེད་པ། "འདུ་ཤེས་གསུམ"གྱི་སློབ་གསོ་སྤེལ་བའི་དོན་སྙིང་གལ་ཆེན་ལ་གོ་བ་གཏིང་ཟབ་ལེན་པ། ལས་དོན་གྱི་བླང་བྱ་ཁོང་དུ་ཡང་དག་ཆུད་པ་བཅས་བྱས་ཏེ། སློབ་གསོའི་བྱེད་སྒོའི་ཕན་འབྲས་དངོས་ལ་བརྟེན་ནས་ཆོས་ལུགས་ཁྱབ་ཁོངས་ཀྱི་ཞི་མཐུན་བརྟན་ལྷིང་གི་རྣམ་པ་བཟང་པོ་སྲ་བརྟན་དང་འཕེལ་རྒྱས་གཏོང་དགོས།
  ཀྲོང་ཡན་གྱིས་ནན་བཤད་གནང་དོན། ཡང་དག་པའི་ཆབ་སྲིད་ཀྱི་ཁ་ཕྱོགས་ལ་བརྟེན་ནས་དབང་གྲགས་ལྡན་པའི་སྒྲོག་འགྲེལ་མཐའ་འཁྱོངས་དང་། ཟབ་སྦྱོང་མཐིལ་རྟོགས་ཀྱིས་གནད་སྨིན་སྒྲོག་འགྲེལ་མཐའ་འཁྱོངས། “ཁྲིད་སྟོན”གྱི་བྱེད་ཐབས་ལ་བརྟེན་ནས་ཚན་རིག་དང་མཐུན་པའི་སྒྲོག་འགྲེལ་མཐའ་འཁྱོངས། དགོན་བསྟུན་ཇུས་འདོན་གྱིས་རིགས་དབྱེའི་སྒྲོག་འགྲེལ་མཐའ་འཁྱོངས། ལས་ཀ་བྱེད་སྟངས་དང་བྱེད་ཐབས་ལ་དོ་སྣང་བཅས་བྱས་ཏེ། ནང་དོན་སྒྲོག་འགྲེལ་ཆ་ཚང་བ་དང་། དགོངས་དོན་སྒྲོག་འགྲེལ་ཡང་དག་པ། གཙོ་གནད་སྒྲོག་འགྲེལ་མཐིལ་རྟོགས། དཀའ་གནད་སྒྲོག་འགྲེལ་གསལ་པོ། བླང་བྱ་སྒྲོག་འགྲེལ་ཏན་ཏིག་བཅས་བྱས་ནས“འདུ་ཤེས་གསུམ”གྱི་སློབ་གསོའི་སྒྲོག་འགྲེལ་དེ་ནང་སེམས་རྒྱུད་ལ་འཇགས་པ་དང་ཕྱི་ལག་ལེན་དུ་འཁྱོལ་བའི་འགན་ལེན་བྱེད་དགོས། སྒྲིག་འཛུགས་ཀྱི་དོ་དམ་ལ་ཤུགས་སྣོན་རྒྱག་པ་དང་། སྒྲོག་འགྲེལ་གྱི་སྒྲིག་ཁྲིམས་ནན་དུ་གཏོང་བ། རིམ་པ་བཞིན་འགན་འཁྲི་ནན་དུ་གཏོང་བ་བཅས་བྱས་ཏེ། བོད་རང་སྐྱོང་ལྗོངས་ཀྱི་སྒྲོག་འགྲེལ་ཚོགས་པའི་དཔེ་སྟོན་སྣེ་ཁྲིད་ཀྱི་ནུས་པ་དང་། རིམ་ཁག་སྒྲོག་འགྲེལ་ཚོགས་པའི་ཁྲོད་ཀྱི་ཏང་སྲིད་ལས་བྱེད་པའི་བྱེད་པོའི་ནུས་པ། ཆོས་ལུགས་ལས་རིགས་ཀྱི་འཐུས་མིའི་རང་ངོས་ཀྱི་དམིགས་བསལ་ནུས་པ་བཅས་འདོན་སྤེལ་ཧུར་ཐག་དང་། གཏོགས་ཁོངས་དོ་དམ་ལ་ཤུགས་སྣོན་དང་། ལྟ་སྐུལ་མཛུབ་ཁྲིད་ལ་ཤུགས་སྣོན། དུས་ཐོག་ཏུ་ཉམས་མྱོང་ཕྱོགས་སྡོམ། བརྟན་པོའི་ངང་སྐུལ་འདེད་གཏོང་བ་བཅས་བྱས་ནས། ལྗོངས་ཡོངས་ཀྱི་གོང་འོག་ཚང་མར་སློབ་གསོའི་མཉམ་ཤུགས་ཆེན་པོ་ཞིག་ཆགས་པར་བྱེད་དགོས། སློབ་སྲོལ་བཟང་པོ་འཛུགས་པ་དང་། སྒྲིག་འཛུགས་ཇུས་འགོད་ཞིབ་ཚགས་བྱེད་པ། གསོ་སྦྱོང་གི་དམིགས་ཚད་ཁ་གསལ་བཟོ་བ། སློབ་སྦྱོང་གི་སྒྲིག་ཁྲིམས་ནན་དུ་གཏོང་བ། ཆོས་ལུགས་ལས་རིགས་ཀྱི“འདུ་ཤེས་གསུམ”གྱི་སློབ་གསོའི་སྒྲོག་འགྲེལ་པའི་གསོ་སྦྱོང་འཛིན་གྲྭ་ཡག་པོ་གཉེར་བ། སྒྲོག་འགྲེལ་ལས་དོན་ཏན་ཏིག་ངང་སྤེལ་བ་བཅས་བྱས་ཏེ། བོད་ཀྱི་ཆོས་ལུགས་ལས་དོན་གྱི་རྣམ་པ་གསར་པ་ཧུར་ཐག་གཏོད་ཆེད་ལེགས་སྐྱེས་ཧུར་ཐག་ཕུལ་ནས་བྱ་སྤྱོད་དངོས་ལ་བརྟེན་ནས་ཏང་གི་ཚོགས་ཆེན་ཉི་ཤུ་པ་རྒྱལ་ཁའི་ངང་འཚོག་རྒྱུར་བསུ་བ་ཞུ་དགོས།
  གསོ་སྦྱོང་འཛིན་གྲྭར་ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་ཀྱི་འབྲེལ་ཡོད་རིགས་གཅིག་མཁས་ཅན་གདན་དྲངས་ནས་སློབ་ཁྲིད་བྱས་པ་རེད།