ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > བོད་ལྗོངས་གསར་འགྱུར།

ཝང་ཅུན་ཀྲེང་གིས་བོད་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུའི(རྒྱ་ཆེ)ཚོགས་འདུ་གཙོ་སྐྱོང་གནང་བ།

སྤེལ་དུས 2022-05-20 ཡོང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ། རྩོམ་པ་པོ།
  ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱེད་རྒྱུ་མཐའ་འཁྱོངས་བྱས་ཏེ་ཚད་མཐོའི་ཆབ་སྲིད་ཀྱི་འགན་འཁྲི་འཁུར་སེམས་ལ་བརྟེན་ནས་འདུ་ཤེས་འཛིན་སྟངས་ཀྱི་ལས་དོན་ཏན་ཏིག་བསྒྲུབས་ནས་ཏང་གི་ཚོཌ་ཆེན་ཉི་ཤུ་པ་རྒྱལ་ཁའི་ངང་འཚོག་རྒྱུར་ཁོར་ཡུག་བཟང་པོ་གཏོད་དགོས།
  ཚེས་18ཉིན་གྱི་སྔ་དྲོ། བོད་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་གིས་བོད་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུའི(རྒྱ་ཆེ)ཚོགས་འདུ་གཙོ་སྐྱོང་གནང་སྟེ། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱེད་རྒྱུ་མཐའ་འཁྱོངས་བྱས་ཏེ་བོད་ཀྱི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་པ་དང་བརྟན་ཐོག་ཡར་འཕེལ་དང་དྲང་སྲུང་གསར་གཏོད་མཐའ་འཁྱོངས་ཀྱིས་ཚད་མཐོའི་ཆབ་སྲིད་ཀྱི་འགན་འཁྲི་འཁུར་སེམས་ལ་བརྟེན་ནས་འདུ་ཤེས་འཛིན་སྟངས་ཀྱི་ལས་དོན་ཏན་ཏིག་བསྒྲུབས་ཏེ་ཏང་གི་ཚོགས་ཆེན་ཉི་ཤུ་པ་རྒྱལ་ཁའི་ངང་འཚོག་རྒྱུར་ཁོར་ཡུག་བཟང་པོ་གཏོད་དགོས་པའི་ནན་བཤད་གནང་བ་རེད།
  ཚོགས་འདུའི་ཐོག་བོད་ལྗོངས་ཀྱིས་འདུ་ཤེས་འཛིན་སྟངས་ཀྱི་ལས་དོན་སྔར་བས་ཡག་པོ་བསྒྲུབ་རྒྱུར་ཞིབ་འཇུག་བྱས་པ་རེད། ཝང་ཅུན་ཀྲེང་གིས་རིམ་པ་ཁག་དང་སྡེ་ཚན་ཁག་གིས་བསམ་བློའི་དར་ཆ་བློ་བརྟན་འགྱུར་མེད་ངང་མཐོན་པོར་སྒྲེང་བ་དང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པར་བརྟེན་ནས་བསམ་བློ་དང་། བྱ་སྤྱོད། བློ་སྟོབས་བཅས་གཅིག་གྱུར་བྱེད་རྒྱུ་མཐའ་འཁྱོངས། རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་ཚོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་རྩོམ་གལ་ཆེན་དང་གསུང་བཤད་ཀྱི་དགོངས་དོན་སློབ་སྦྱོང་ནན་ཏན་བྱ་རྒྱུར་སྣེ་ཁྲིད་བཅས་བྱས་ཏེ་རང་རྟོགས་ངང་ཏང་གི་གསར་གཏོད་རིགས་པའི་གཞུང་ལུགས་ཀྱི་བློ་བརྟན་འགྱུར་མེད་ཀྱི་དད་ལྡན་པ་དང་ལྷག་བསམ་རྣམ་དག་གི་ལག་ལེན་པ་ཞིག་བྱེད་དགོས། དུས་རབས་ཀྱི་བརྗོད་དོན་གཙོ་བོ་མཆོག་ཏུ་འཛིན་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་བྱེད་པའི་བསམ་བློའི་སྒུལ་ཤུགས་ཆེན་པོ་འདོན་སྤེལ་གང་ལེགས་དང་རིགས་པའི་གཞུང་ལུགས་དང་། གླེང་ཕྱོགས། རིག་རྩལ། དྲ་རྒྱའི་དྲིལ་བསྒྲགས། བསམ་པའི་དཔལ་ཡོན་སྲོལ་གཏོད་སོགས་ཀྱི་ལས་དོན་སྤྱི་འདོམས་བྱས་ནས། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་བོད་ལྗོངས་ཀྱི་ལས་རིགས་ཁག་ལ་ཐོབ་པའི་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཕྱོགས་ཡོངས་ནས་མངོན་པ་དང་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་ནང་ཞུགས་པའི་ཚ་ཚ་འུར་འུར་གྱི་ལག་ལེན་རྣམ་པ་མངོན་པར་བྱེད་དགོས། ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་གཏིང་ཟབ་སྤེལ་ཏེ་འགོ་ཁྲིད་ལས་བྱེད་པའི་རྩོད་སྒྲུབ་བསམ་གཞིག་གི་ནུས་པ་ཆེ་རུ་གཏོང་བ་དང་། ཏང་གི་ལོ་རྒྱུས་ཀྱི་ལྟ་བ་ཡང་དག་འཛུགས་པ། ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་རྒྱུན་རྣམ་ཅན་དང་ཕུགས་ཕན་ཅན་གྱི་ལམ་ལུགས་ལམ་སྲོལ་འཛུགས་པ། ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཀྱི་སློབ་གསོ་དང་། རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོ། མི་རིགས་མཐུན་སྒྲིལ་གྱི་སློབ་གསོ། བོད་ས་གནས་དང་མེས་རྒྱལ་དབར་གྱི་འབྲེལ་བའི་ལོ་རྒྱུས་ཀྱི་སློབ་གསོ་གཏིང་ཟབ་སྤེལ་བ་བཅས་བྱས་ནས་མི་རིགས་ཁག་ཐུན་མོང་ཐོག་མཐུན་སྒྲིལ་འབད་འཐབ་དང་། ཐུན་མོང་ཐོག་དར་རྒྱས་གོང་འཕེལ། ཐུན་མོང་ཐོག་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་ཕྱོགས་སུ་བསྐྱོད་པ་བཅས་ཀྱི་བསམ་བློའི་རྨང་གཞི་བརྟན་དུ་གཏོང་དགོས། མཐའ་ཚད་ཀྱི་བསམ་བློ་བརྟན་པོ་བཙུགས་ནས་བརྟག་དཔྱད་ཞིབ་འཇུག་ལ་ཤུགས་སྣོན་རྒྱག་པ་དང་། གནས་ཚུལ་གསར་པར་ཞིབ་འཇུག་དང་གནད་དོན་གསར་པ་ཐག་གཅོད། ཉེན་ཁ་སྔོན་འགོག་དང་སེལ་བའི་ནུས་པ་ཟམ་མི་ཆད་པར་ཆེ་རུ་གཏོང་བ། འདུ་ཤེས་འཛིན་སྟངས་ཁྱབ་ཁོངས་ཀྱི་ཉེན་ཁར་ཚན་རིག་དང་མཐུན་ལ་དབྱེ་ཞིབ་གནད་སྨིན་དང་བརྡར་ཤ་གཅོད་པ་བཅས་བྱས་ནས་མངོན་མེད་རྐྱེན་ངན་ཐོན་བཟོ་ཡོད་དུས་ནས་སེལ་དགོས། འཐབ་རྩོད་ཀྱི་སྙིང་སྟོབས་དར་སྤེལ་གཏོང་རྒྱུ་མཐའ་འཁྱོངས་བྱས་ནས་འཐབ་རྩོད་ཀྱི་འཇོན་ཐང་ཆེ་རུ་གཏོང་བ་དང་། རྒྱལ་ཁབ་དང་མི་དམངས་ཀྱི་ཁེ་ཕན་ལ་གནོད་འཚེ་གཏོང་བའི་བྱེད་སྤྱོད་དང་འཐབ་རྩོད་མཐའ་གཅིག་ཏུ་བྱས་ནས་ཆབ་སྲིད་ཀྱི་རྩ་དོན་གལ་ཆེན་དང་ཡིན་མིན་ཆེན་པོའི་གནད་དོན་ཐད་གདོང་ཐུག་བྱེད་ཕོད་པ་དང་རལ་གྲི་འཕྱར་ཕོད་པ་བྱེད་དགོས། ཏང་གི་ཕྱོགས་ཡོངས་ཀྱི་འགོ་ཁྲིད་ལ་ཤུགས་སྣོན་བརྒྱབ་ནས་ཏང་གི་ཕྱོགས་ཡོངས་ཀྱི་འགོ་ཁྲིད་འདུ་ཤེས་འཛིན་སྟངས་ཕྱོགས་ཁག་ཏུ་ཁྱབ་པར་བྱེད་པ་དང་། ཏང་གིས་དྲིལ་བསྒྲགས་ལ་དོ་དམ་དང་། ཏང་གིས་འདུ་ཤེས་འཛིན་སྟངས་ལ་དོ་དམ། ཏང་གིས་སྨྱན་སྦྱོར་ལ་དོ་དམ་བཅས་ཀྱི་རྩ་དོན་ཕྱོགས་ཡོངས་ནས་ལག་བསྟར་བྱས་ཏེ་ཏང་ཨུད་ཀྱིས་གཅིག་སྡུད་གཅིག་གྱུར་གྱི་འགོ་ཁྲིད་དང་། ཏང་སྲིད་ཀྱིས་འཁུར་མཉམ་ལེན་དང་དོན་སྤྱི་སྒྲུབ། དྲིལ་བསྒྲགས་སྡེ་ཚན་གྱིས་སྒྲིག་འཛུགས་མཐུན་སྦྱོར། སྡེ་ཚན་ཁག་གིས་རང་འགན་གཙང་སྒྲུབ། མང་ཚོགས་ཚོགས་པའི་རྩ་འཛུགས་ཐུན་མོང་ཐོག་ཞུགས་པ་བཅས་ཀྱི་དྲིལ་བསྒྲགས་ལས་དོན་གྱི་རྣམ་པ་ཟབ་མོ་ཞིག་ཧུར་ཐག་གཏོད་དགོས་ཞེས་གསུངས་པ་རེད།
  ཚོགས་འདུའི་ཐོག བོདང་ལྗོངས་ཀྱི་གཞུང་ཁོངས་དཔལ་འབྱོར་གྱི་བཀོད་པ་ལེགས་གཏོང་དང་གྲུབ་ཆ་ལེགས་སྒྲིག་གི་ ལས་དོན་ལ་ཞིབ་འཇུག་བྱས་ཤིང་། ཝང་ཅུན་ཀྲེང་གིས་ལྗོངས་ཡོངས་ཀྱི་རིམ་པ་ཁག་གི་གཞུང་ཁོངས་རྒྱུ་ནོར་དང་གཞུང་ཁོངས་ཁེ་ལས་ཀྱིས“རྒྱལ་ཁབ་ཀྱི་དོན་ཆེན”བློ་ལ་བཅངས་ནས་སྤྱི་ཡོངས་ལ་ཞབས་འདེགས་ཞུ་བའི་ལས་དོན་གྱི་ངེས་གནས་ལ་སྟངས་འཛིན་གནད་སྨིན་བྱས་ཏེ་འཐབ་ཇུས་བདེ་འཇགས་དང་། ཐོན་ལས་ཀྱིས་སྣེ་ཁྲིད། རྒྱལ་ཇུས་དམངས་འཚོ། སྤྱི་པའི་ཞབས་ཞུའི་ནུས་པ་བཅས་ལ་དམིགས་ཏེ་ལྟེ་བའི་འགྲན་རྩོད་ནུས་པ་དང་། གསར་གཏོད་སྒུལ་ཤུགས། ཤུགས་རྐྱེན་དང་སྣེ་ཁྲིད་ནུས་པ། ཉེན་ཁ་འགོག་པའི་ནུས་པ། སྤྱི་ཡོངས་ལ་ཞབས་འདེགས་ཞུ་བའི་ནུས་པ་བཅས་ཆེ་རུ་ཧུར་ཐག་གཏོང་བ་དང་། རྒྱལ་ནང་དང་རྒྱལ་སྤྱིའི་འཁོར་རྒྱུག་གཉིས་དང་རྒྱལ་ཡོངས་གཅིག་གྱུར་གྱི་ཁྲོམ་ར་ཆེན་པོ་དང་མཉམ་འདྲེས་ཧུར་ཐག་བྱེད་པ། བོད་ཀྱི་ཁྱད་ལྡན་ཐོན་ལས་མངོན་པ། ལེགས་ཆ་གསབ་རེས་དང་དགེ་སྤེལ་སྐྱོན་སྤངས་བཅས་བྱས་ཏེ། དགེ་མཚན་ཆེ་རིགས་འཕེལ་རྒྱས་ཀྱི་ལེགས་ཆ་དང་དཔལ་འབྱོར་གྱི་ལེགས་ཆར་ཏན་ཏིག་འགྱུར་བར་བྱེད་དགོས། བོད་ཀྱི་དོན་དངོས་ལ་གཞི་ཚུགས་པ་དང་། གསར་དར་ཐོན་ལས་མགྱོགས་མྱུར་སྐྱེད་སྲིང་། གསོག་ཐེབས་ཕན་སྒྱུར་དང་འཕར་གཞི་ཆེན་པོ་གཏོད་རྒྱུ་མཐའ་འཁྱོངས། མ་དངུལ་དང་། ཤེས་ལྡན་མི་སྣ། ལག་རྩལ་སོགས་རྒྱུ་རྐྱེན་གཙོ་བོའི་ཐོན་ཁུངས་དེ་གཙོ་གནད་ཁྱབ་ཁོངས་དང་། ལེགས་ཆའི་ཁེ་ལས། ཁྱད་ལྡན་ཐོན་ལས། གཙོ་གཉེར་ལས་སྒོ་བཅས་སུ་གཅིག་སྡུད་ཡོང་བར་སྐུལ་འདེད་གཏོང་བ་བཅས་བྱས་ནས། སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལམ་བུའི་ཐོག་གཞུང་ཁོངས་ཁེ་ལས་འཕེལ་རྒྱས་བརྟན་པོ་འགྲོ་བར་སྐུལ་འདེད་གཏོང་དགོས་པའི་ནན་བཤད་གནང་བ་རེད།
  ཚོགས་འདུའི་ཐོག བོད་རང་སྐྱོང་ལྗོངས་ཀྱི་གྲོང་གསེབ་དར་རྒྱས་ཀྱི་སྐུལ་འདེད་སྲོལ་ཡིག་དང་། དུས་བདེ་འཛུགས་སྐྱོང་སྲོལ་ཡིག སྤྱི་བདེ་ལས་ཁུངས་ཀྱི་ཉེན་རྟོག་ལས་དོན་ལས་རོགས་མི་སྣའི་དོ་དམ་སྲོལ་ཡིག་བཅས་བཟོ་ཚུལ་གྱི་སྙན་སེང་གསན་ཞིང་། ཝང་ཅུན་ཀྲེང་གིས་ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པ་སློབ་སྦྱོང་ནན་ཏན་བྱས་ཏེ་མི་དམངས་མང་ཚོགས་ཀྱི་འཕྲལ་མཁོ་དང་། དཀའ་ངལ། སེམས་ཁྲལ། རེ་སྒུག་བཅས་ཐག་གཅོད་ཧུར་ཐག་བྱས་ནས། སྤུས་ཚད་མཐོ་བའི་ཁྲིམས་འཛུགས་ལ་བརྟེན་ནས་བོད་ལྗོངས་ཀྱི་བཅོས་སྐྱོང་བྱེད་ཐབས་སྒྱུར་བ་དང་བཅོས་སྐྱོང་ནུས་པ་ཆེ་རུ་གཏོང་རྒྱུར་སྐུལ་འདེད་གཏོང་དགོས། ཁྲིམས་འཛུགས་ཀྱི་ཆོས་ཉིད་འཚོལ་ཞིབ་དང་ཁོང་དུ་ཆུད་པར་བྱས་ཏེ། ཁྲིམས་འཛུགས་ཀྱི་དམིགས་སའི་རང་བཞིན་དང་བཀོལ་སྤྱོད་རང་བཞིན་ཆེ་རུ་ཏན་ཏིག་གཏོང་དགོས། གཙོ་གནད་ཁྱབ་ཁོངས་ཀྱི་ཁྲིམས་འཛུགས་ལ་ཤུགས་སྣོན་བརྒྱབ་ནས། བཅོས་སྐྱོང་ཐད་འཕྲལ་མཁོ་ཆེ་བ་དང་ཉིན་བཞིན་ཆེ་རུ་འགྲོ་བའི་མི་དམངས་ཀྱི་མཛེས་སྡུག་ལྡན་པའི་འཚོ་བའི་དགོས་མཁོ་སྐོང་བར་མཁོ་བའི་བཅའ་ཁྲིམས་ལམ་ལུགས་འཐུས་སྒོ་ཚང་དུ་ཧུར་ཐག་བཏང་སྟེ། ཆུ་ཚད་མཐོ་བའི་ཁྲིམས་འཛུགས་ལ་བརྟེན་ནས་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས་པའི་ནན་བཤད་གནང་བ་རེད།