ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > བོད་ལྗོངས་གསར་འགྱུར།

མི་དང་རང་བྱུང་ཁམས་ཞི་མཐུན་མཉམ་གནས་ཀྱི་རྣམ་པ་བཟང་པོ།

སྤེལ་དུས 2022-06-29 ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས། རྩོམ་པ་པོ།
        དུས་བྱ་འདམ་རར་འཁོར་ཞིང་། འབྲོག་པ་མང་ཚོགས་དང་ཞི་མཐུན་འཚོ་གནས་བྱུང་ཡོད། འདི་ནི་བོད་ལྗོངས་ལྷ་རི་རྫོང་སྨི་ཏི་ཁ་ཤང་རྒྱལ་སྤྱིའི་གཙོ་གནད་འདམ་རར་ཐོན་པའི་རྣམ་པ་ཞིག་ཡིན་ཞིང་། དེ་གར་དུས་བྱ་མང་པོ་འཚོ་སྡོད་བྱེད་ཀྱི་ཡོད། 
      ཉེ་བའི་ལོ་ཤས་ནང་། སྨི་ཏི་ཁ་འདམ་རར་སྲུང་སྐྱོབ་བྱེད་ཤུགས་ཆེ་རུ་ཕྱིན་པ་དང་། ས་གནས་དེ་གའི་མང་ཚོགས་ཀྱི་སྲུང་སྐྱོབ་འདུ་ཤེས་ཟབ་ཏུ་ཕྱིན་པས་མི་དང་རང་བྱུང་ཁམས་ཞི་མཐུན་མཉམ་གནས་ཀྱི་རྣམ་པ་བཟང་པོ་ཡོད། 

        སྨི་ཏི་ཁ་འདམ་ར་ནི་བོད་ལྗོངས་ནག་ཆུ་གྲོང་ཁྱེར་ལྷ་རི་རྫོང་སྨི་ཏི་ཁ་ཤང་དུ་གནས་ཡོད་པ་དང་སྤྱིའི་རྒྱ་ཁྱོན་ལ་སྤྱི་ཆིངས་88052.37ཡོད་པ་དང་ས་བབ་མཐོ་ཚད་སྨི་4900ཟིན་པ་དེ་ཁྲུང་ཁྲུང་སྐེ་ནག་སོགས་དཀོན་ཅིང་རྩ་ཆེའི་བྱ་རིགས་གནས་སྤོ་དང་སྐྱེ་འཕེལ་བྱ་ཡུལ་ཞིག་ཡིན་ལ། ས་མཐོའི་མཚེའུ་ཡི་འདམ་རའི་སྐྱེ་ཁམས་དང་། ཆུ་བོའི་འདམ་རའི་སྐྱེ་ཁམས་ལ་ཞིབ་འཇུག་བྱ་ཡུལ་ཡག་པོ་ཞིག་ཀྱང་ཡིན་པས། ཚན་རིག་རྟོག་ཞིབ་ཀྱི་རིན་ཐང་ཧ་ཅང་ཆེན་པོ་ལྡན་ཡོད། 2016ལོའི་ཟླ་5པར་སྨི་ཏི་ཁ་འདམ་ར་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་ནང་བཅུག་པ་རེད།

           ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་ཚོགས་ཚུན་དུ། རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་སྲུང་ཡོལ་གལ་ཆེན་ཞིག་ཡིན་པའི་ངོས་ནས་བོད་ལྗོངས་ཀྱིས་སྐྱེ་ཁམས་སྲུང་སྐྱོབ་ལས་དོན་ལ་ཚད་མཐོའི་མཐོང་ཆེན་དང་། བྱ་ཐབས་མང་པོ་མཉམ་དུ་སྤྱད་ནས་སྐྱེ་ཁམས་ཁོར་ཡུག་ལ་སྲུང་སྐྱོབ་བྱས་པས་ཕན་འབྲས་ཡག་པོ་ཐོན་ཡོད། 2004ལོར་རྒྱལ་སྤྱིའི་འདམ་རའི་སྤྱི་ཆིངས་རྩ་འཛུགས་ཀྱིས་སྨི་ཏི་ཁའི་འདམ་ར་དེ་ཉིད་རྒྱལ་སྤྱིའི་གལ་ཆེའི་འདམ་རར་དམིགས་འཛུགས་བྱས་ཡོད་པ་རེད།
རྩོམ་སྒྲིག་པ། བདེ་སྒྲོན།