ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > བོད་ལྗོངས་གསར་འགྱུར།

དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་རྒྱ་བསྐྱེད་དང་གྲོང་གསེབ་དར་རྒྱས་འབྲེལ་མཐུད་ནུས་ལྡན་བྱེད་པའི་ཀྲུང་དབྱང་གི་དཔྱད་ཞིབ་ཚོད་སྐོར་བསུ་བ་དང་བོད་རང་སྐྱོང་ལྗོངས་ཀྱི་དཔྱད་ཞིབ་ལས་དོན་གྱི་སྐུལ་སློང་བཀོད་སྒྲིག་ཚོཌ་འདུ་འཚོཌ་པ།

སྤེལ་དུས 2022-11-29 ཡོང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ། རྩོམ་པ་པོ།
  ཚེས་24ཉིན། དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་རྒྱ་བསྐྱེད་དང་གྲོང་གསེབ་དར་རྒྱས་འབྲེལ་མཐུད་ནུས་ལྡན་བྱེད་པའི་ཀྲུང་དབྱང་གི་དཔྱད་ཞིབ་ཚོད་སྐོར་བསུ་བ་དང་དེ་བཞིན་བོད་རང་སྐྱོང་ལྗོངས་ཀྱི་དཔྱད་ཞིབ་ལས་དོན་གྱི་སྐུལ་སློང་བཀོད་སྒྲིག་ཚོགས་འདུ་འཚོགས་ནས་ཀྲུང་དབྱང་དང་བོད་རང་སྐྱོང་ལྗོངས་ཀྱི་དཔྱད་ཞིབ་ཚོད་སྐོར་ལས་དོན་གྱི་ཇུས་གཞི་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་ཏེ་འབྲེལ་ཡོད་ལས་དོན་བཀོད་སྒྲིག་བྱས་པ་རེད།
  བོད་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་འཇམ་དཔལ་ཚོགས་འདུར་ཞུགས་པ་མ་ཟད་སྐུལ་སློང་གསུང་བཤད་ཀྱང་གནང་བ་རེད།
  ཚོགས་འདུའི་ཐོག འགག་རྩ་དམ་འཛིན་དང་བཀོད་སྒྲིག་ཞིབ་ཚགས་བྱས་ནས་ནན་ཏན་ངང་ཇུས་གཞི་བཟོ་བ་དང་། ལས་ཀའི་བྱེད་ཐབས་ཞིབ་ཚགས་སུ་བཏང་སྟེ་ནུས་ཤུགས་ཡོད་རྒུས་དཔྱད་ཞིབ་ཚོད་སྐོར་བསུ་བ་དང་དཔྱད་ཞིབ་ཚོད་སྐོར་གྱི་གྲ་སྒྲིག་ལས་དོན་ཡག་པོ་སྒྲུབ་དགོས། ཚད་གཞི་སྟངས་འཛིན་དང་ནན་ཏན་བྱས་ཏེ་དམིགས་ཚད་ལྷུག་ཏུ་མི་གཏོང་བ་དང་། “གཙོ་གནད”ལ་དམ་པོར་དམིགས་རྒྱུར་ལྷོད་གཡེང་དུ་མི་གཏོང་བ། དཔྱད་ཞིབ་བརྒྱུད་རིམ“རྣམ་པ་ཙམ་མི་བྱེད་པ” གནད་དོན་དག་ཐེར་ནར་འགྱངས་མི་བྱེད་པ་བཅས་བྱེད་དགོས། འགན་འཁྲི་ནན་དུ་དང་སྒྲིག་ཁྲིམས་ནན་དུ་བཏང་ནས་ནན་པོ་དང་ཏན་ཏིག་དེ“དཔྱད་ཞིབ་བརྒྱུད་རིམ་ཧྲིལ་པོར་ཁྱབ་པར་བྱེད་པ་དང་། སྤྱོད་ཚུལ་ལེཌ་སུ་གཏོང་བ་དང་དོན་འཁྱོལ་ལ་དམ་འཛིན་བྱེད་པ། གནས་ཚུལ་དངོས་བརྟག་དཔྱད། ཕན་འབྲས་དངོས་འདྲི་བ་བཅས་བྱས་ནས་དུས་ཐོག་དང་ཕན་ཆེའི་ངང་དཔྱད་ཞིབ་དམིགས་ཚད་ཀྱི་ལས་འགན་ཁག་ལེགས་སྒྲུབ་བྱེད་དགོས་པ་བཅས་ཀྱི་བླང་བྱ་བཏོན་པ་རེད།