ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > བོད་ལྗོངས་གསར་འགྱུར།

ནགས་ཚལ་དང་རྩྭ་ཐང་གི་མེ་སྐྱོན་གྱི་མངོན་མེད་རྐྱེན་ངན་སེལ་བའི་ཆེད་དོན་ཞིབ་བཤེར་བྱས་པ།

སྤེལ་དུས 2022-11-29 ཡོང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ། རྩོམ་པ་པོ།
  ཉིན་ཤས་བསྟུད་མར་ཆབ་མདོ་གྲོང་ཁྱེར་ནགས་ཚལ་མེ་ཟོན་ཉིང་ལག་རུ་ཁག་མཛོ་སྒང་རྫོང་རུ་འབྲིང་གིས་འཕྲལ་སྡོམ་དང་། ནགས་ཚལ་རྩྭ་ཐང་སོགས་སྡེ་ཚན་དང་མཉམ་དུ་ནགས་ཚལ་དང་རྩྭ་ཐང་གི་མེ་སྐྱོན་འགོག་པའི་ལྟ་སྐུལ་ཞིབ་བཤེར་ཚོགས་ཆུང་བཙུགས་ནས་གྲོང་ཚོ་དང་གྲོང་རྡལ་ཁག་ལ་བསྐྱོད་དེ་ནགས་ཚལ་དང་རྩྭ་ཐང་གི་མེ་སྐྱོན་གྱི་མངོན་མེད་རྐྱེན་ངན་སེལ་བའི་ཆེད་དོན་ཞིབ་བཤེར་བྱས་པ་རེད།
  ཤེས་རྟོགས་བྱུང་བར་གཞིགས་ན། ལྟ་སྐུལ་ཞིབ་བཤེར་ཚོགས་ཆུང་གིས་སྔ་རྗེས་སུ་མཛོ་སྒང་རྫོང་གི་ཕུ་རོང་གྲོང་ཚོ་དང་མོ་ཁུ་གྲོང་ཚོ་སོགས་གྲོང་ཚོ(གྲོང་ལྷན)30ལྷག་ཙམ་ལ་བསྐྱོད་དེ་ས་གནས་ས་ཐོག་ཏུ་ནགས་ཚལ་གྱི་མེ་སྐྱོན་འགོག་པ་དང་གསོད་པའི་གནས་ཚུལ་ཉན་པ་དང་འབྲེལ་ཡོད་ཀྱི་འཕྲལ་སྡོམ་ཇུས་གཞི་དང་སྔོན་ཇུས་ཞིབ་བཤེར་བྱས་པ་མ་ཟད། ས་གནས་ས་ཐོག་ཏུ་དོ་དམ་སྲུང་སྐྱོང་ས་ཚིགས་དང་མེ་སྐྱོན་སྔོན་འགོག་གི་སྡོད་བྱའི་ལས་རེས་དང་སྣེ་ཁྲིད་ལས་རེས་དང་ལས་འགན་བསྒྲུབས་ཚུལ་སོགས་ཀྱི་ལས་དོན་ལ་འདྲི་རྩད་བྱས་ནས་ཤང་དང་གྲོང་རྡལ་དང་། ནགས་ཚལ་མེ་སྐྱོན་སྔོན་འགོག་རུ་ཁག་གིས་ལས་རེས་བརྟན་སྲུང་ལ་ཤུགས་སྣོན་དང་། ནགས་ཚལ་གྱི་མེ་སྐྱོན་སྔོན་འགོག་དང་མེ་གསོད་ཀྱི་དྲིལ་བསྒྲགས་བྱེད་ཤུགས་ཆེ་རུ་གཏོང་བ། ནགས་ཚལ་གྱི་མེ་སྐྱོན་སྔོན་འགོག་དང་མེ་གསོད་ཀྱི་སྒྲིག་ཆས་གྲ་སྒྲིག་གསབ་སྣོན་བྱེད་དགོས་པ་བཅས་ལ་སྐུལ་འདེད་བཏང་བ་དང་ཆབས་ཅིག ལྟ་སྐུལ་ཞིབ་བཤེར་ཚོགས་ཆུང་གིས་གཙོ་གནད་ནགས་ཁུལ་དུ་ནགས་ཚལ་གྱི་མེ་སྐྱོན་སྔོན་འགོག་བྱེད་དགོས་པའི་འཕྲེད་འགེལ་སྦྱར་ཡིག་བཀལ་བ་དང་། མི་སེར་གྱི་སྡོད་ཁང་དང་ཨར་སྐྲུན་བྱ་ཡུལ་དུ་བསྐྱོད་ནས་གློག་སྐུད་རང་མཚམས་སུ་ཁྲིད་མིན་དང་སྐུད་ལམ་རྙིང་པ་ཆགས་ཡོད་མེད་སོགས་བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་ལ་ཞིབ་བཤེར་བྱས་པ་དང་། ཨར་སྐྲུན་བྱ་ཡུལ་དུ་མེ་བེད་སྤྱོད་སོགས་ལ་དམིགས་པའི་ཆེད་དོན་བཅོས་སྒྲིག་བྱས་པ། ཤང(གྲོང་རྡལ)དང་གྲོང་ཚོའི་རིམ་ཁག་ཏང་ཡོན་ལས་བྱེད་པས་ནགས་ཚལ་གྱི་མེ་སྐྱོན་སྔོན་འགོག་ལས་དོན་གྱི་འགན་འཁྲི་དོན་འཁྱོལ་ཞིབ་ཕྲ་ཡོང་བར་སྐུལ་འདེད་གཏོང་བ་བཅས་ཀྱི་སྒོ་ནས་མེ་སྐྱོན་ཐོན་རྒྱུ་མཐའ་གཅིག་ཏུ་སྔོན་འགོག་བྱས་པ་རེད།