ཧྥ་རན་སེའི་ཙུང་ཐུང་མཱ་ཁེ་ལུང་གིས་དེ་རིང་ནས་བཟུང་རང་རྒྱལ་ལ་རྒྱལ་དོན་འཚམས་འདྲི་བྱེད་པ། ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་བགྲོ་གླེང་འཛིན་གྲྭ་སློབ་འགོ་ཚུགས་པ། བོད་སྐྱོད་འབུམ་རམས་པའི་ཞབས་ཞུ་ཚོགས་པས་མུ་མཐུད་རིག་སྟོབས་རོགས་སྐྱོར་བྱས་པ། བོད་ལྗོངས་ཀྱི་གཞོན་ནུ་ལོ་ཆུང་གི་ཚན་རིག་ལས་དོན་ཁང་ཐོག་མ་ལྷ་སར་བཙུགས་པ། བོད་ཀྱིས་རང་སྐྱོང་ལྗོངས་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་རྣམ་གྲངས་བརྒྱ་ལྷག་ཙམ་གསར་དུ་བསྣན་པ། ཞིང་ལས་དངུལ་ཁང་བོད་ལྗོངས་ཡན་ལག་དངུལ་ཁང་གིས“ངོ་རིས་བཤེར་ནས་དངུལ་ལེན་པའི”བྱེད་ནུས་བཏོན་པ། ཀྲུང་དབྱང་གི་ཁོར་ཡུག་སྲུང་སྐྱོབ་སྐོར་ཞིབ་རུ་ཁག་ཨང་དྲུག་པས་བོད་ལྗོངས་ལ་གྱོད་དོན་༡༧བརྒྱུད་སྤྱོད་བྱས། བོད་ལྗོངས་ཀྱི་གྲོང་གསེབ་ཀྱི་མི་སྡོད་ཁོར་ཡུག་བཅོས་སྒྲིག་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་པ། བོད་ཡིག་དཔེ་མཛོད་ཀྱི་གཞི་གྲངས་ལྟེ་གནས་དབུ་བརྙེས་པའི་མཛད་སྒོ་ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་སུ་སྤེལ།
ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > བོད་ཁུལ་གསར་འགྱུར།

མཚོ་སྔོན་དུ་ཡོངས་ཁྱབ་སྨན་བཅོས་འགན་བཅོལ་གྱི་རིག་ནུས་ལྟ་སྐུལ་ཚོད་འཛིན་མ་ལག་ཚོད་ལྟའི་ངང་སྤྱོད་འགོ་ཚུགས་པ།

སྤེལ་དུས 2018-01-12 ཡོང་ཁུངས། མི་དམངས་དྲ་བ། རྩོམ་པ་པོ། སྒྲོལ་མས་བསྒྲིགས།
          ཉེ་ཆར། མཚོ་སྔོན་ཞིང་ཆེན་མི་སྤྱི་ཐིང་གིས་ཡུལ་ཤུལ་བོད་རིགས་རང་སྐྱོང་ཀྲོའུ་དང་རྫོང་གི་སྨན་བཅོས་འགན་བཅོལ་སྒྲུབ་གཉེར་སྒྲིག་གཞིར་ས་གནས་ས་ཐོག་ཏུ་མ་ལག་སྒྲིག་སྦྱོར་དང་གསོ་སྦྱོང་གི་ལས་དོན་ལེགས་སྒྲུབ་བྱས་ཤིང་། དེའི་བར་མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་ས་ཁུལ་8དུ་མ་ལག་སྒྲིག་སྦྱོར་གྱི་ལས་དོན་འཆར་གཞི་ལྟར་ཕྱོགས་ཡོངས་ནས་ལེགས་གྲུབ་ཟིན་ནས། ཞིང་ཆེན་དེ་ཡོངས་ཀྱི་གྲོང་ཁྱེར་དང་གྲོང་རྡལ་གྱི་ལས་བཟོ་དང་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་གཞི་རྩའི་སྨན་བཅོས་འགན་བཅོལ་དང་ནད་ཆེན་འགན་བཅོལ་ཡོངས་སུ་ཁྱབ་པར་བྱ་རྒྱུ་དང་། གནས་གཏན་འཁེལ་གྱི་སྨན་དང་སྨན་བཅོས་སྒྲིག་གཞི་ཚང་མ་དང་། སྨན་བཅོས་འགན་བཅོལ་གྱི་སྨན་པའི་སྨན་བཅོས་དང་ཞབས་ཞུའི་བྱ་སྤྱོད། སྨན་བཅོས་འགན་བཅོལ་ལ་ཞུགས་མཁན་གྱི་སྨན་པ་བསྟེན་པའི་བྱ་སྤྱོད་བཅས་ལ་ལྟ་སྐུལ་ཚོད་འཛིན་བྱ་རྒྱུ། ཞིང་ཆེན་དེ་ཡོངས་ཀྱི་སྨན་བཅོས་འགན་བཅོལ་ཐེབས་རྩ་འཁོར་རྒྱུག་བྱས་ཚུལ་གྱི་ཆ་འཕྲིན་ཅན་དང་རིག་ནུས་ཅན་གྱི་ཞིབ་བཤེར་ལྟ་སྐུལ་ཚོད་འཛིན་མ་ལག་ལ་གཅིག་གྱུར་ཐོག་ལྟ་སྐུལ་དོ་དམ་བྱ་རྒྱུ་བཅས་ཀྱི་ལས་དོན་ཕྱོགས་ཡོངས་ནས་ཚོད་ལྟའི་ངང་སྤེལ་བའི་དུས་མཚམས་སུ་སླེབས་པ་རེད།
           ཤེས་རྟོགས་བྱུང་བར་གཞིགས་ན། མཚོ་སྔོན་ཞིང་ཆེན་སྨན་བཅོས་འགན་བཅོལ་གྱི་རིག་ནུས་ལྟ་སྐུལ་ཚོད་འཛིན་ཞིབ་བཤེར་མ་ལག་དེས་ད་ཡོད་ཀྱི་འགན་འཕྲིན་དང་སྨན་བཅོས་འགན་བཅོལ་གྱི་ཆ་འཕྲིན་མ་ལག་ལ་བརྟེན་རྒྱུ་དང་། མཚོ་སྔོན་གྱི་སྨན་བཅོས་འགན་བཅོལ་ལམ་ལུགས་གཞིར་འཛིན་རྒྱུ། དེང་རབས་ཅན་གྱི་རྩིས་རྒྱག་འཕྲུལ་འཁོར་གྱི་ཆ་འཕྲིན་ལག་རྩལ་གྱི་བྱ་ཐབས་སྤྱོད་རྒྱུ་ཡིན་ཞིང་། མ་ལག་གི་སྒྲིག་སྲོལ་དང་ཚད་གཞི་བཟོས་པ་བརྒྱུད་ཧའེ་ལེང་སྨན་བཅོས་འགན་བཅོལ་གྱི་བསྡོམས་རྩིས་གྲངས་གཞིའི་ཁྲོད་སྨན་བཅོས་འགན་བཅོལ་གྱི་བསྡོམས་རྩིས་འཛིན་ཤོག་ཚང་མར་རང་འགུལ་ཞིབ་བཤེར་100%ཐུབ་པ་བྱ་རྒྱུ་དང་། དོ་ཁུར་བྱེད་པའི་དུས་དབྱེའི་སྒོ་ནས་སྨན་ཁང་དུ་སྡོད་པ་དང་། གྲངས་ཚད་བཞིན་དངུལ་གཏོང་སྤྲོད་བྱེད་པ། ཚད་གཞི་ལས་བརྒལ་ནས་སྨན་ཐོ་འབྲི་བ། ལུགས་དང་མ་མཐུན་པར་སྨན་རིན་བསྡུ་བ། ཞིབ་བཤེར་ཡང་ཡང་བྱེད་པ་སོགས་རྒྱུན་གཏན་མིན་པའི་ནད་བརྟག་ཆ་འཕྲིན་ལ་གཙོ་གནད་ཐོག་འདེམས་བཤེར་དབྱེ་ཞིབ་བྱ་རྒྱུ། སྨན་བཅོས་འགན་བཅོལ་སྒྲུབ་གཉེར་སྒྲིག་གཞིར་སྒྲིག་སྲོལ་ལས་འགལ་རིགས་དུས་ཐོག་ཏུ་དྲན་སྐུལ་བྱ་རྒྱུ། མི་ཐབས་ལ་བརྟེན་ནས་ཐེ་ཇུས་དང་དག་སེལ་བྱེད་པ་སོགས་བྱ་ཐབས་སྤྱད་པ་བརྒྱུད་སྨན་ཁང་དུ་སྡོད་པ་སོགས་སྨན་བཅོས་ཞབས་ཞུའི་བརྒྱུད་རིམ་ཧྲིལ་པོར་ལྟ་སྐུལ་ཚོད་འཛིན་བྱ་རྒྱུ་རེད།
          ཤེས་རྟོགས་བྱུང་བར་གཞིགས་ན། སྨན་བཅོས་འགན་བཅོལ་གྱི་རིག་ནུས་ལྟ་སྐུལ་ཚོད་འཛིན་མ་ལག་སྤྱོད་འགོ་ཚུགས་རྗེས། མཚོ་སྔོན་གྱི་སྨན་བཅོས་འགན་བཅོལ་གནད་སྨིན་ཅན་དང་ཚན་རིག་དང་མཐུན་པ་ཞིག་ཏུ་འགྱུར་རྒྱུའི་དོ་དམ་བྱེད་ནུས་ཇེ་ཆེར་འགྲོ་རྒྱུ་དང་སྨན་བཅོས་འགན་བཅོལ་གྱི་ལྟ་སྐུལ་དོ་དམ་ལས་ཕྱོད་སྔར་བས་ཆེ་རུ་འགྲོ་རྒྱུར་སྐུལ་འདེད་ཧ་ཅང་ཆེན་པོ་ཐེབས་རྒྱུ་ཡིན་པ་རེད། གོམ་སྟབས་རྗེས་མར་མཚོ་སྔོན་ཞིང་ཆེན་མི་སྤྱི་ཐིང་གིས་ཞིབ་བཤེར་སྒྲིག་སྲོལ་འཐུས་སྒོ་ཚང་དུ་གཏོང་བ་དང་། རྨང་གཞིའི་གྲངས་གཞི་འཐུས་སྒོ་ཚང་དུ་གཏོང་བ། ཞིབ་བཤེར་བྱེད་ཐེངས་མང་དུ་གཏོང་བ། ཇུས་འགོད་དབྱེ་ཞིབ་མ་ལག་འཛུགས་པ་སོགས་ཀྱི་བྱེད་ཐབས་སྤྱད་དེ་མ་ལག་འཁོར་རྒྱུག་བྱེད་ཚད་སྔར་བས་མགྱོགས་སུ་གཏོང་རྒྱུ་དང་དམིགས་སའི་རང་བཞིན་གྱི་སྒོ་ནས་སྨན་བཅོས་འགན་བཅོལ་དོ་དམ་ཁྲོད་ཀྱི་མངོན་གསལ་དོད་པའི་གནད་དོན་ཐག་གཅོད་བྱ་རྒྱུ་རེད། སྨན་བཅོས་ཞབས་ཞུའི་ལྟ་སྐུལ་དོ་དམ་གྱི་ལས་དོན་ཡང་སྨན་བཅོས་ཞབས་ཞུ་བསྒྲུབས་རྗེས་ཀྱི་ལྟ་སྐུལ་དོ་དམ་ནས་རིམ་བཞིན་སྨན་བཅོས་ཞབས་ཞུ་སྒྲུབ་རིང་དང་མ་བསྒྲུབ་གོང་གི་ལྟ་སྐུལ་དོ་དམ་དུ་སྣུར་སྲིང་བྱ་རྒྱུ་དང་སྨན་བཅོས་ཞབས་ཞུའི་ལས་དོན་སྤེལ་རིང་གི་དེ་མཚུངས་ཀྱི་ལས་སྒོའི་ལྷུ་ཚིགས་ཁག་ཏུ་དུས་ཐོག་ཏུ་དྲན་སྐུལ་བྱས་ནས་སྒྲིག་སྲོལ་ལས་འགལ་བའི་གནད་དོན་མ་ལྷག་པ་བྱ་རྒྱུ་ཡིན་པ་རེད།