ཧྥ་རན་སེའི་ཙུང་ཐུང་མཱ་ཁེ་ལུང་གིས་དེ་རིང་ནས་བཟུང་རང་རྒྱལ་ལ་རྒྱལ་དོན་འཚམས་འདྲི་བྱེད་པ། ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་བགྲོ་གླེང་འཛིན་གྲྭ་སློབ་འགོ་ཚུགས་པ། བོད་སྐྱོད་འབུམ་རམས་པའི་ཞབས་ཞུ་ཚོགས་པས་མུ་མཐུད་རིག་སྟོབས་རོགས་སྐྱོར་བྱས་པ། བོད་ལྗོངས་ཀྱི་གཞོན་ནུ་ལོ་ཆུང་གི་ཚན་རིག་ལས་དོན་ཁང་ཐོག་མ་ལྷ་སར་བཙུགས་པ། བོད་ཀྱིས་རང་སྐྱོང་ལྗོངས་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་རྣམ་གྲངས་བརྒྱ་ལྷག་ཙམ་གསར་དུ་བསྣན་པ། ཞིང་ལས་དངུལ་ཁང་བོད་ལྗོངས་ཡན་ལག་དངུལ་ཁང་གིས“ངོ་རིས་བཤེར་ནས་དངུལ་ལེན་པའི”བྱེད་ནུས་བཏོན་པ། ཀྲུང་དབྱང་གི་ཁོར་ཡུག་སྲུང་སྐྱོབ་སྐོར་ཞིབ་རུ་ཁག་ཨང་དྲུག་པས་བོད་ལྗོངས་ལ་གྱོད་དོན་༡༧བརྒྱུད་སྤྱོད་བྱས། བོད་ལྗོངས་ཀྱི་གྲོང་གསེབ་ཀྱི་མི་སྡོད་ཁོར་ཡུག་བཅོས་སྒྲིག་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་པ། བོད་ཡིག་དཔེ་མཛོད་ཀྱི་གཞི་གྲངས་ལྟེ་གནས་དབུ་བརྙེས་པའི་མཛད་སྒོ་ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་སུ་སྤེལ།
ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > བོད་ཁུལ་གསར་འགྱུར།

མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་གྱིས་ནུས་ཡོད་སྒོས་ཞིང་བ་ཞོར་ལས་པའི་གླ་ཕོགས་དུས་འགྱངས་ཆད་ལུས་བྱས་པའི་གནད་དོན་ཐག་གཅོད་བཟང་བོ་བྱས།

སྤེལ་དུས 2018-01-09 ཡོང་ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། རྩོམ་པ་པོ། ལྷ་མོ་ཚེ་རིང་།
          མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་གྱིས་ངལ་རྩོལ་འགན་སྲུང་ལྟ་སྐུལ་བྱ་བ་གཞི་རིམ་དུ་ལག་བསྟར་བྱེད་པར་ཤུགས་ཆེན་པོས་སྐུལ་འདེད་བཏང་བ་དང་རྒྱ་ཆེའི་ཞིང་བ་ཞོར་ལས་པའི་ཁེ་ཕན་རྐང་འཛུགས་སར་བྱས་ཏེ་ཉིས་སྟོང་བཅུ་བདུན་ལོའི་ལོ་མཇུག་བར་དུ། བསྡོམས་པས་ཞིང་བ་ཞོར་ལས་པའི་གླ་ཕོགས་དུས་འགྱངས་ཆད་ལུས་བྱས་པའི་གྱོད་གཞི་སུམ་བརྒྱ་དང་གསུམ་ཞིབ་བཤེར་ཐག་གཅོད་དང་གཙང་བཤེར་བྱས་པ་དང་ཆད་ལུས་བྱས་པའི་གླ་ཕོགས་ཕྱིར་སྤྲད་ཚད་བརྒྱ་ཆའི་གོ་དགུ་དང་གྲངས་ཆུང་དྲུག་ལ་སླེབས།
          ཞིང་བ་ཞོར་ལས་པའི་གླ་ཕོགས་དུས་འགྱངས་ཆད་ལུས་བྱས་པའི་གནད་དོན་ལ་ཆེད་དོན་བཅོས་སྐྱོང་བྱེད་པའི་ཁྲོད། མཚོ་ནུབ་ཁུལ་གྱིས་ཁོངས་གཏོགས་ས་ཁུལ་གྱིས་དོ་དམ་བྱེད་པ་དང་རིམ་པ་བགོས་ཏེ་འགན་ཁུར་བ། སུ་གཙོ་གཉེར་བ་ཡིན་ན་དེས་འགན་ཁུར་བའི་རྩ་དོན་ལྟར། ཤུགས་ཆེན་པོས་ཁུལ་ཁོངས་སུ་ཞིང་བ་ཞོར་ལས་པ་བཀོལ་སྤྱོད་བྱེད་ཚད་ཅུང་མང་པོའི་འཛུགས་སྐྲུན་བཟོ་སྐྲུན་དང་གཏེར་རིའི་ཁེ་ལས། ཟ་ཁང་གི་ཞབས་ཞུ། སྒེར་གཉེར་བཟོ་ཚོང་ཁང་སོགས་ལ་ཞིབ་བཤེར་བྱས་ཏེ་དུས་ཐོག་ཏུ་ཞོར་ལས་པའི་གླ་ཕོགས་ཆད་ལུས་བྱེད་པའི་གནད་དོན་ཐག་བཅད། ལས་རིགས་གཙོ་བོ་དང་ཁུལ་ཁོངས་གཙོ་བོ། ཞིང་བ་ཞོར་ལས་པའི་གླ་ཕོགས་དུས་འགྱངས་ཆད་ལུས་བྱས་མྱོང་བའི་མི་བཀོལ་སྡེ་ཁག་བཅས་ལ་དམིགས་སའི་རང་བཞིན་ཡོད་པའི་སྒོ་ནས་ཆེད་དམིགས་ཞིབ་བཤེར་བྱས་ཏེ་ཁེ་ལས་གྱི་ཚད་ལྡན་གླ་ཕོགས་སྟེར་བ་དང་དུས་ལྟར་གླ་ཕོགས་སྟེར་བར་འགན་སྲུང་བྱས། དེའི་ཁྲོད། མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་གྱིས་བསྡོམས་པས་མི་བཀོལ་སྡེ་ཁག་ལྔ་བརྒྱ་གྱ་བཞིར་ཞིབ་བཤེར་བྱས་པ་དང་དེ་ཞིང་བ་ཞོར་ལས་པ་ཁྲི་གསུམ་ལྷག་དང་འབྲེལ་བ་ཡོད་པ་དང་། ཆེས་དམའ་བའི་གླ་ཕོགས་ཀྱི་ཚད་གཞི་དང་འགལ་ཡོད་པ་དང་གླ་ཕོགས་དུས་འགྱངས་ཆད་ལུས་བྱས་པའི་གྱོད་གཞི་ཞེ་ལྔ་ཞིབ་བཤེར་ཐག་གཅོད་བྱས།
          ངལ་རྩོལ་པའི་འཚོ་བའི་དཀའ་གནད་ཀྱི་བབ་བསྟུན་མ་དངུལ་གྱི་གནད་དོན་ཐག་གཅོད་བྱས་ཏེ་ནུས་ཡོད་སྒོས་ཞིང་བ་ཞོར་ལས་པར་གླ་ཕོགས་ཆད་ལུས་བྱས་པའི་འགལ་བ་ཚོད་འཛིན་བྱེད་ཆེད། མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་གྱིས་མཚོ་ནུབ་ཁུལ་གྱི་ཆད་ལུས་བྱས་པའི་གླ་ཕོགས་བབ་བསྟུན་འཁོར་རྒྱུག་དངུལ་གྱི་དོ་དམ་བྱེད་ཐབས་ཕྱིར་བཏོན་ཏེ། གྲོང་ཁྱེར་རིམ་པར་མ་དངུལ་སྒོར་ས་ཡ་གསུམ་ལས་མི་ཉུང་བ་དང་རྫོང་རིམ་པར་མ་དངུལ་སྒོར་ས་ཡ་གཉིས་ལས་མི་ཉུང་བ། སྲིད་འཛིན་ས་ཁུལ་ལ་མ་དངུལ་སྒོར་ས་ཡ་གཅིག་ལས་མི་ཉུང་བའི་ཚད་གཞི་ལྟར་གླ་ཕོགས་ཆད་ལུས་བྱས་པའི་བབ་བསྟུན་འཁོར་རྒྱུག་དངུལ་གྲབས་གསོག་བྱས་པ་དང་། ཁེ་ལས་ཀྱི་གསོག་དངུལ་དང་སྲིད་གཞུང་གིས་མ་དངུལ་བྱིན་པ་བརྒྱུད་སྔར་ལས་ལྷག་པའི་སྒོ་ནས་ཞིང་བ་ཞོར་ལས་པའི་གླ་ཕོགས་ཆད་ལུས་བྱེད་པའི་གནད་དོན་ཐག་གཅོད་བཟང་བོ་བྱེད་པར་རྨང་གཞི་བརྟན་པོ་བཏིངས།