ཧྥ་རན་སེའི་ཙུང་ཐུང་མཱ་ཁེ་ལུང་གིས་དེ་རིང་ནས་བཟུང་རང་རྒྱལ་ལ་རྒྱལ་དོན་འཚམས་འདྲི་བྱེད་པ། ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་བགྲོ་གླེང་འཛིན་གྲྭ་སློབ་འགོ་ཚུགས་པ། བོད་སྐྱོད་འབུམ་རམས་པའི་ཞབས་ཞུ་ཚོགས་པས་མུ་མཐུད་རིག་སྟོབས་རོགས་སྐྱོར་བྱས་པ། བོད་ལྗོངས་ཀྱི་གཞོན་ནུ་ལོ་ཆུང་གི་ཚན་རིག་ལས་དོན་ཁང་ཐོག་མ་ལྷ་སར་བཙུགས་པ། བོད་ཀྱིས་རང་སྐྱོང་ལྗོངས་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་རྣམ་གྲངས་བརྒྱ་ལྷག་ཙམ་གསར་དུ་བསྣན་པ། ཞིང་ལས་དངུལ་ཁང་བོད་ལྗོངས་ཡན་ལག་དངུལ་ཁང་གིས“ངོ་རིས་བཤེར་ནས་དངུལ་ལེན་པའི”བྱེད་ནུས་བཏོན་པ། ཀྲུང་དབྱང་གི་ཁོར་ཡུག་སྲུང་སྐྱོབ་སྐོར་ཞིབ་རུ་ཁག་ཨང་དྲུག་པས་བོད་ལྗོངས་ལ་གྱོད་དོན་༡༧བརྒྱུད་སྤྱོད་བྱས། བོད་ལྗོངས་ཀྱི་གྲོང་གསེབ་ཀྱི་མི་སྡོད་ཁོར་ཡུག་བཅོས་སྒྲིག་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་པ། བོད་ཡིག་དཔེ་མཛོད་ཀྱི་གཞི་གྲངས་ལྟེ་གནས་དབུ་བརྙེས་པའི་མཛད་སྒོ་ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་སུ་སྤེལ།
ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > བོད་ཁུལ་གསར་འགྱུར།

གཟི་ཚ་སྡེ་དགུའི་མཛེས་ལྗོངས་ཁུལ་གྱིས་ཁུལ་ཕྱེ་ནས་རིམ་གྱིས་སྒོ་མོ་འབྱེད་རྒྱུ་དང་སྤ་སེའི་རིན་གོང་དམའ་རུ་གཏོང་རྒྱུ་ཡིན་པ།

སྤེལ་དུས 2018-01-09 ཡོང་ཁུངས། མི་དམངས་དྲ་བ། རྩོམ་པ་པོ། མཁའ་འགྲོ།
           ཟླ་1ཚེས་7ཉིན། གཟི་ཚ་སྡེ་དགུའི་མཛེས་ལྗོངས་ཁུལ་གྱིས་ཁུལ་དང་དུས་མཚམས་ཕྱེ་ནས་རིམ་གྱིས་སྒོ་མོ་འབྱེད་རྒྱུ་མ་ཟད། སྤ་སེའི་རིན་གོང་ཡང་དམའ་རུ་བཏང་སྟེ་མཛེས་ལྗོངས་ཁུལ་སྤྱི་ཕན་གྱི་ངོ་བོར་འགྱུར་རྒྱུ་རེད།
           འདི་ནི་ཉིན་ཤས་གོང་སི་ཁྲོན་ཞིང་ཆེན་རྔ་པ་བོད་རིགས་དང་ཆའང་རིགས་རང་སྐྱོང་ཁུལ་ཨུད་ཀྱི་ཧྲུའུ་ཅི་ལིའུ་ཙུའོ་མིང་གི་ས་ནས་ཤེས་པའི་གནས་ཚུལ་ཞིག་རེད། ཁོང་གིས་ཁྲེང་ཏུའུ་རུ་འཚོགས་པའི་2018ལོའི་རྔ་པ་ཁུལ་ཡུལ་སྐོར་ཁྲོམ་ར་བསྐྱར་དར་ལས་དོན་བཞུགས་མོལ་ཚོགས་འདུའི་ཐོག“གཟི་ཚ་སྡེ་དགུས་ས་ཁོངས་དང་དུས་མཚམས་ཕྱེ་ནས་རིམ་གྱིས་སྒོ་མོ་འབྱེད་རྒྱུ་དང་ལོ་གསུམ་གྱི་རྗེས་སུ་སླར་གསོ་ཡག་པོ་ཐུབ་རྒྱུ་རེད། ང་ཚོས་བློ་རིག་ལྡན་པའི་མཛེས་ལྗོངས་ཁུལ་ཧུར་ཐག་བསྐྲུན་ནས་སྤ་སེ་མངགས་ཉོའི་ལམ་ལུགས་ཕྱོགས་ཡོངས་ནས་ལག་ལེན་བསྟར་རྒྱུ་ཡིན”ཞེས་བཤད།
           གསར་འགོད་པས་བཅར་འདྲི་བྱས་ནས་ཤེས་རྟོགས་བྱུང་བར། རྔ་པ་ཁུལ་གྱིས་གཟི་ཚ་སྡེ་དགུའི་སྤ་སེའི་རིན་གོང་ལ་ཞིབ་འཇུག་བྱེད་བཞིན་ཡོད་པ་དང་། བསྐྱར་སྐྲུན་བྱས་རྗེས་མཛེས་ལྗོངས་ཁུལ་རྒྱལ་ཁབ་སྤྱི་གླིང་གི་མཛེས་ལྗོངས་གྲགས་ཅན་གྱི་སྤྱི་ཕན་ངོ་བོར་འགྱུར་རེ་ཡོད་པ་རེད།
          སི་ཁྲོན་ཞིང་ཆེན་སྲིད་གཞུང་གིས་2017ལོའི་ཟླ་11ལ་བཀྲམ་པའི《“8·8”གཟི་ཚ་སྡེ་དགུའི་གེགས་རྗེས་ཀྱི་སླར་གསོ་བསྐྱར་སྐྲུན་གྱི་སྤྱིའི་འཆར་འགོད》གཞིར་བཟུང་། ཀྲུང་དབྱང་ནོར་སྲིད་ཀྱི་རྒྱབ་སྐྱོར་འོག སི་ཁྲོན་གྱིས་མ་དངུལ་སྒོར་དུང་ཕྱུར་118བཏང་ནས་ལོ་གསུམ་གྱི་དུས་ཡུན་རིང་གཟི་ཚ་སྡེ་དགུའི་གེགས་རྗེས་སླར་གསོ་བསྐྱར་སྐྲུན་གྱི་ལས་འགན་སྤྱིར་ན་ལེགས་སྒྲུབ་ཐུབ་རྒྱུ་མ་ཟད། བདེ་འཇགས་ཚོད་སྐོར་གྱི་རྨང་གཞིའི་ཐོག་མཛེས་ལྗོངས་ཁུལ་གྱི་སྒོ་མོ་སྔ་ཙམ་འབྱེད་རྩིས་ཡོད་པ་རེད།
          ངོ་སྤྲོད་བྱས་པར་གཞིགས་ན། གོམ་སྟབས་རྗེས་མར་རྔ་པ་ཁུལ་གྱིས་ཡུལ་སྐོར་དར་རྒྱས་དང་འཕེལ་རྒྱས་གཏོང་བའི་བསམ་འཆར་བཏོན་ནས་བསྐྱར་སྐྲུན་གྱི་བླང་བྱ་དང་འཕེལ་རྒྱས་ཀྱི་དུས་མཚམས་སྔར་བས་ཁ་གསལ་དུ་བཏང་སྟེ་ཁྲོམ་རར་སྔོན་དཔག་དང་ཁྲིད་སྟོན་གསལ་པོ་བྱ་རྒྱུ་ཡིན་པ་རེད།