ཧྥ་རན་སེའི་ཙུང་ཐུང་མཱ་ཁེ་ལུང་གིས་དེ་རིང་ནས་བཟུང་རང་རྒྱལ་ལ་རྒྱལ་དོན་འཚམས་འདྲི་བྱེད་པ། ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་བགྲོ་གླེང་འཛིན་གྲྭ་སློབ་འགོ་ཚུགས་པ། བོད་སྐྱོད་འབུམ་རམས་པའི་ཞབས་ཞུ་ཚོགས་པས་མུ་མཐུད་རིག་སྟོབས་རོགས་སྐྱོར་བྱས་པ། བོད་ལྗོངས་ཀྱི་གཞོན་ནུ་ལོ་ཆུང་གི་ཚན་རིག་ལས་དོན་ཁང་ཐོག་མ་ལྷ་སར་བཙུགས་པ། བོད་ཀྱིས་རང་སྐྱོང་ལྗོངས་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་རྣམ་གྲངས་བརྒྱ་ལྷག་ཙམ་གསར་དུ་བསྣན་པ། ཞིང་ལས་དངུལ་ཁང་བོད་ལྗོངས་ཡན་ལག་དངུལ་ཁང་གིས“ངོ་རིས་བཤེར་ནས་དངུལ་ལེན་པའི”བྱེད་ནུས་བཏོན་པ། ཀྲུང་དབྱང་གི་ཁོར་ཡུག་སྲུང་སྐྱོབ་སྐོར་ཞིབ་རུ་ཁག་ཨང་དྲུག་པས་བོད་ལྗོངས་ལ་གྱོད་དོན་༡༧བརྒྱུད་སྤྱོད་བྱས། བོད་ལྗོངས་ཀྱི་གྲོང་གསེབ་ཀྱི་མི་སྡོད་ཁོར་ཡུག་བཅོས་སྒྲིག་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་པ། བོད་ཡིག་དཔེ་མཛོད་ཀྱི་གཞི་གྲངས་ལྟེ་གནས་དབུ་བརྙེས་པའི་མཛད་སྒོ་ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་སུ་སྤེལ།
ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > བོད་ཁུལ་གསར་འགྱུར།

དཔལ་ཡུལ་རྫོང་ཁོ་ནར་ཡོད་པའི་མཛུབ་མོས་འཁྲབ་པའི་སྐོར་བྲོ།

སྤེལ་དུས 2018-01-09 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ། བྱམས་པས་བསྒྱུར།
 
དཔལ་ཡུལ་རྫོང་སྒྱུ་རྩལ་ཚོགས་པའི་འཁྲབ་སྟོན་པས་མཉམ་དུ་མཛུབ་མོའི་སྒོར་བྲོ་སྦྱོང་བརྡར་བྱེད་བཞིན་པ།

མངོན་མིན་ཤུལ་བཞག་རིག་གནས་རྒྱུན་འཛིན་པ་ཨ་ཞིས་(གཡོན་གྱི་དང་པོ།) སྒྱུ་རྩལ་ཚོགས་པའི་འཁྲབ་སྟོན་པར་མཛུབ་མོའི་སྐོར་བྲོའི་སྟངས་སྟབས་འགྲེལ་བཤད་རྒྱག་བཞིན་པ།

དཔལ་ཡུལ་རྫོང་གི་སྒྱུ་རྩལ་ཚོགས་པའི་ན་གཞོན་འཁྲབ་སྟོན་པ་ཚོས་ཐང་ཆེན་དུ་མང་ཚོགས་ལ་མཛུབ་མོའི་སྒོར་བྲོ་འཁྲབ་སྟོན་བྱས།

འཁྲབ་སྟོན་པ་ཚོས་ཕན་ཚུན་གྱི་ལག་པའི་སྟེང་གསོན་ཉམས་དོད་ཅིང་མི་རིགས་ཀྱི་ཁྱད་ཆོས་ལྡན་པའི་མི་སྣའི་གཟུགས་བརྙན་འབྲི་བཞིན་པ།
          2017ལོའི་ཟླ་12པའི་ཚེས་22ཉིན།   དཔལ་ཡུལ་རྫོང་གྲོང་དུ་ཉི་འོད་ཕྱོགས་བཞིར་འཕྲོ། རྫོང་སྒྱུ་རྩལ་ཚོགས་པའི་“ལོ་རབས་དགུ་བཅུ་པའི་རྗེས་”ཀྱི་བོད་རིགས་འཁྲབ་སྟོན་པས་ཚོན་རྒྱུས་ཕན་ཚུན་གྱི་གོང་མཛུབ་དང་དཀྱིལ་མཛུབ་སྟེང་།   བྱང་ཆ་ལྡན་པའི་སྒོ་ནས་ས་གནས་དེ་གའི་ཁྱད་ཆོས་ལྡན་པའི་དམངས་སྲོལ་ཀྱི་མི་སྣའི་རི་མོ་བྲིས། རོལ་མོ་གྲགས་པ་དང་མཉམ་དུ་འཁྲབ་སྟོན་པ་རྣམས་ཀྱིས་མཛུབ་མོས་དབྱངས་འགྲོས་དང་བསྟུན་ནས་གར་སྟབས་ལིང་ལིང་དུ་བསྒྱུར།    གཡོན་དུ་སྣུར་ཞིང་གཡས་སུ་འཁོར། གཞས་ཚིག་དང་དབྱངས་ཀྱི་འགྱུར་ཁུག་དང་བསྟུན་མཛུབ་མོའི་འགུལ་སྟངས་དང་འགྲོས་སྟོབས་ཀྱང་དེ་དང་བསྟུན་ནས་འགྱུར་བཞིན་ཡོད། སྒྱུ་རྩལ་པའི་བརྩེ་དུང་དང་དགའ་སྐྱོ་ཆགས་སྡང་དེ་“མི་ཆུང་”ལྟ་བུའི་མཛུབ་མོས་གང་ལེགས་ཀྱིས་མངོན་པར་བྱས་ཡོད། 
          དཔལ་ཡུལ་རྫོང་གིས་2015ལོར་མངོན་མིན་ཤུལ་བཞག་རིག་གནས་བཤེར་འགོད་ཁྲོད་“མཛུབ་མོའི་སྐོར་བྲོ་”ཞེས་པ་ཤེས་རྟོགས་བྱུང་བ་དང་། ཁམས་པའི་བོད་རིགས་ས་ཁུལ་གྱི་ཐུན་མོང་མ་ཡིན་པའི་ཞབས་བྲོའི་རྣམ་པ་ཞིག་རེད། རྒྱལ་ནང་གི་ཆེད་ལས་མཁས་པས་ཡུལ་དངོས་སུ་རྟོག་ཞིབ་བྱས་པ་བརྒྱུད་“མཛུབ་མོའི་སྐོར་བྲོ་”དེ་དཔལ་ཡུལ་རྫོང་ཁོ་ནར་ཡོད་པ་བདེན་དཔང་བྱས།  མིག་སྔར་རྙེད་ཟིན་པའི་མཛུབ་མོས་འཁྲབ་པའི་སྐོར་བྲོ་གཅིག་པུ་ཡིན། དེའི་ཐུན་མིན་གྱི་ཁྱད་ཆོས་ནི་“ མཛུབ་མོས་ལུས་ཀྱི་ཚབ་”བྱས་ཏེ།   “ལུས་ཡོངས་ཞུགས་པའི་”སྐོར་བྲོ་དེ་ལག་པའི་སྟེང་གཅིག་སྡུད་ཀྱིས་ལག་གཡས་པའི་གོང་མཛུབ་དང་དཀྱིལ་མཛུབ་ཀྱིས་ཞབས་བྲོའི་གཞི་རྟེན་གཙོ་བོ་བྱས་ཏེ།  གཞས་ཚིག་དང་ཟུང་འབྲེལ་གྱིས་གྲུབ་པ་ཡིན།
          མིག་སྔར་“མཛུབ་མོའི་སྐོར་བྲོའི་”ཞབས་བྲོའི་གཞི་རྩའི་གོམ་སྟབས་ལ་ཚན་པ་8གྱིས་གྲུབ་པ་ཡིན།   རོལ་དབྱངས་120ལྷག་ཡོད།  སྤྱིར་བཏང་གི་གཉེན་སྟོན་དང་མཆོད་འབུལ།   ལྷན་འཛོམས་ཀྱི་དུས་སུ་འཁྲབ་སྟོན་བྱེད་པ་ཡིན།   སྲོལ་རྒྱུན་གྱི་འཁྲབ་སྟོན་བྱེད་ཚུལ་ནི་སྤྱིར་བཏང་ལག་པའི་སྟེང་མི་སྣའི་རི་མོ་མི་འབྲི་བར་མཛུབ་མོ་གཅེར་བུས་འཁྲབ་སྟོན་བྱེད་པ་ཡིན།   སྒ་རྗེ་ཤང་སྤང་མགོ་གྲོང་ཚོའི་ལོ་46ལ་སླེབས་པའི་ཨ་ཞི་ནི་“མཛུབ་མོའི་སྐོར་བྲོའི་”རྒྱུན་འཛིན་པ་ཡིན།   ཁོང་གིས་“ན་གཞོན་ཚོས་ལག་པའི་སྟེང་རི་མོ་བྲིས་ནས་འཁྲབ་སྟོན་བྱེད་པས། སྐོར་བྲོའི་རྣམ་པ་ཤུགས་ཀྱིས་མངོན་ཡོད། འདི་ནི་སྲོལ་རྒྱུན་རྒྱུན་འཛིན་དང་འཕེལ་རྒྱས་བཏང་བ་ཡིན་པས།   ཁོ་ཚོས་དར་རྒྱས་གོང་འཕེལ་གཏོང་ཐུབ་པའི་རེ་བ་བྱེད་ཀྱིན་ཡོད་ཟེར།།”
          མཛུབ་མོའི་སྐོར་བྲོས་ཕྱག་ཕྲེང་རྫོང་ཕྲེང་སྨད་ཤང་ནས་ཡོང་བའི་ཁྲི་སྒྲ་སྨོན་གྱི་ཡིད་སེམས་དབང་མེད་དུ་བཀུག “ང་རང་མཐར་ཕྱིན་རྗེས་དཔལ་ཡུལ་རྫོང་སྒྱུ་རྩལ་ཚོགས་པར་ལས་ཞུགས་བྱས། ལས་རོགས་པ་རྣམས་ཀྱིས་མཛུབ་མོའི་སྐོར་བྲོ་འཁྲབ་བཞིན་མཐོང་བས་ཧ་ཅང་ཡ་མཚན་སྐྱེས་ཏེ་སློབ་སྦྱོང་བྱེད་འགོ་བརྩམས། མིག་སྔར་ལོ་གཉིས་ཀྱི་རིང་སྦྱོར་བརྡར་བྱས།” དཔལ་ཡུལ་རྫོང་རིག་གནས་ཡུལ་སྐོར་དང་རླུང་འཕྲིན་བརྙན་འཕྲིན་གློག་བརྙན་ཅུས་ཀྱི་ཅུས་ཀྲང་ཉི་མ་གཡང་སྒྲོན་གྱིས་ངོ་སྤྲོད་བྱེད་རྒྱུར། དཔལ་ཡུལ་རྫོང་གི་མཛུབ་མོའི་སྐོར་བྲོ་ནི་རྒན་རབས་ཉུང་ཤས་ཀྱིས་འཁྲབ་ཤེས་པ་ནས། ད་ལྟ་རྫོང་ཡོངས་སུ་མི་100ལྷག་ཙམ་གྱིས་འཁྲབ་ཤེས། 
          མིག་སྔར། རྫོང་རིམ་པའི་མངོན་མིན་ཤུལ་བཞག་རིག་གནས་རྣམ་གྲངས་སུ་རེ་ཞུ་ལེགས་གྲུབ་བྱུང་། རིམ་གྱིས་ཞིང་ཆེན་རིམ་པ་དང་རྒྱལ་ཁབ་རིམ་པའི་མངོན་མིན་ཤུལ་བཞག་རིག་གནས་རྣམ་གྲངས་སུ་རེ་ཞུ་བྱ་གྲབས་ཡོད།  མིག་སྔར་དཔལ་ཡུལ་རྫོང་གིས་མངོན་མིན་རིག་གནས་ཤུལ་བཞག་གཞི་མཛོད་གྲངས་ལས་གྲྭ་འཛུགས་སྐྲུན་བྱ་འགོ་ཚུགས། དུས་ཡུན་ཟླ་གཉིས་ཀྱི་རིང་བརྙན་གཟུགས། པར་རིས། རོལ་དབྱངས་ཀྱི་རྣམ་པས་རོལ་གཞས་བརྒྱ་ལྷག་བསྡུ་གསོག་བྱས། ད་དུང་“མཛུབ་མོའི་སྐོར་བྲོའི་”རོལ་དབྱངས་124རྩོམ་སྒྲིག་བྱས། རྒན་པས་གཞོན་པ་འཁྲིད་པ་སོགས་བྱ་ཐབས་བརྒྱུད་སྔར་བའི་མང་བས་མང་ཚོགས་ཀྱིས་“མཛུབ་མོའི་སྐོར་བྲོ་”རྒྱུས་ལོན་དང་རྒྱུད་འཛིན་བྱ་དགོས།