ཧྥ་རན་སེའི་ཙུང་ཐུང་མཱ་ཁེ་ལུང་གིས་དེ་རིང་ནས་བཟུང་རང་རྒྱལ་ལ་རྒྱལ་དོན་འཚམས་འདྲི་བྱེད་པ། ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་བགྲོ་གླེང་འཛིན་གྲྭ་སློབ་འགོ་ཚུགས་པ། བོད་སྐྱོད་འབུམ་རམས་པའི་ཞབས་ཞུ་ཚོགས་པས་མུ་མཐུད་རིག་སྟོབས་རོགས་སྐྱོར་བྱས་པ། བོད་ལྗོངས་ཀྱི་གཞོན་ནུ་ལོ་ཆུང་གི་ཚན་རིག་ལས་དོན་ཁང་ཐོག་མ་ལྷ་སར་བཙུགས་པ། བོད་ཀྱིས་རང་སྐྱོང་ལྗོངས་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་རྣམ་གྲངས་བརྒྱ་ལྷག་ཙམ་གསར་དུ་བསྣན་པ། ཞིང་ལས་དངུལ་ཁང་བོད་ལྗོངས་ཡན་ལག་དངུལ་ཁང་གིས“ངོ་རིས་བཤེར་ནས་དངུལ་ལེན་པའི”བྱེད་ནུས་བཏོན་པ། ཀྲུང་དབྱང་གི་ཁོར་ཡུག་སྲུང་སྐྱོབ་སྐོར་ཞིབ་རུ་ཁག་ཨང་དྲུག་པས་བོད་ལྗོངས་ལ་གྱོད་དོན་༡༧བརྒྱུད་སྤྱོད་བྱས། བོད་ལྗོངས་ཀྱི་གྲོང་གསེབ་ཀྱི་མི་སྡོད་ཁོར་ཡུག་བཅོས་སྒྲིག་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་པ། བོད་ཡིག་དཔེ་མཛོད་ཀྱི་གཞི་གྲངས་ལྟེ་གནས་དབུ་བརྙེས་པའི་མཛད་སྒོ་ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་སུ་སྤེལ།
ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > བོད་ཁུལ་གསར་འགྱུར།

བོད་ལྗོངས་ཀྱིས་དཔེ་རྙིང་ཡོངས་ཁྱབ་ཞིབ་བཤེར་སྲུང་སྐྱོབ་ཀྱི་གྲུབ་འབྲས་ཕྱོགས་བསྒྲིགས་དེབ་བཀྲམ་པ།

སྤེལ་དུས 2018-01-15 ཡོང་ཁུངས། ཤིན་ཧྭ་གསར་འགྱུར་ཁང་། རྩོམ་པ་པོ། བསོད་ནམས་སྟོབས་ལགས།
              གསར་འགོད་པས་བོད་རང་སྐྱོང་ལྗོངས་དཔེ་རྙིང་སྲུང་སྐྱོབ་ལྟེ་གནས་ནས་ཤེས་རྟོགས་བྱས་པར། 《གངས་ལྗོངས་གནའ་དཔེའི་གཏེར་མཛོད་ཀྱི་དེབ་2པ། བོད་རང་སྐྱོང་ལྗོངས་ཀྱི་རྒྱལ་ཁབ་ཀྱི་རྩ་ཆེའི་དཔེ་རྙིང་དཀར་ཆག་ཁག་བཞི་པ་དང་པར་རིས》སོགས་བོད་ཀྱི་དཔེ་རྙིང་ཡོངས་ཁྱབ་ཞིབ་བཤེར་གྲུབ་འབྲས་ཀྱི་དེབ་དྲུག་ཉིན་ཤས་གོང་མི་རིགས་དཔེ་སྐྲུན་ཁང་གིས་དངོས་སུ་བཀྲམ་པ་རེད། དེ་ལས་བོད་རང་སྐྱོང་ལྗོངས་དཔེ་རྙིང་སྲུང་སྐྱོབ་ལྟེ་གནས་ཀྱིས་ལྗོངས་ཡོངས་ཀྱི་ཁྱབ་ཁོངས་སུ་སྤེལ་བའི་དཔེ་རྙིང་ཡོངས་ཁྱབ་ཞིབ་བཤེར་ལས་དོན་ལ་དུས་མཚམས་རང་བཞིན་གྱི་གྲུབ་འབྲས་ཐོབ་པ་མངོན་ཡོད།
              བོད་རང་སྐྱོང་ལྗོངས་དཔེ་རྙིང་སྲུང་སྐྱོབ་ལྟེ་གནས་ཀྱིས་རྩོམ་སྒྲིག་བྱས་པའི་དཔེ་རྙིང་ཡོངས་ཁྱབ་ཞིབ་བཤེར་གྱི་དེབ་དྲུག་པོ་དེ་དག་ནི《གངས་ལྗོངས་གནའ་དཔེའི་གཏེར་མཛོད་ཀྱི་དེབ་2པ། བོད་རང་སྐྱོང་ལྗོངས་ཀྱི་རྒྱལ་ཁབ་ཀྱི་རྩ་ཆེའི་དཔེ་རྙིང་དཀར་ཆག་ཁག་བཞི་པ》དང་། 《གངས་ལྗོངས་གནའ་དཔེའི་གཏེར་མཛོད་ཀྱི་དེབ་3པ། བོད་ལྗོངས་མངའ་རིས་ས་ཁུལ་གྱི་རྩ་ཆེའི་དཔེ་རྙིང་པར་རིས》 《གངས་ལྗོངས་གནའ་དཔེའི་གཏེར་མཛོད་ཀྱི་དེབ་4པ། བོད་ལྗོངས་ནག་ཆུ་ས་ཁུལ་གྱི་རྩ་ཆེའི་དཔེ་རྙིང་པར་རིས》 《བོད་ལྗོངས་མངའ་རིས་ས་ཁུལ་གྱི་དཔེ་རྙིང་དཀར་ཆག》 《བོད་ལྗོངས་ནག་ཆུ་ས་ཁུལ་གྱི་དཔེ་རྙིང་དཀར་ཆག》《བོད་ཀྱི་སྔོན་བྱོན་མཁས་དབང་གི་ལོ་ཚིགས》བཅས་རེད།
              བོད་རང་སྐྱོང་ལྗོངས་དཔེ་རྙིང་སྲུང་སྐྱོབ་ལྟེ་གནས་ཀྱི་ཀྲུའུ་རེན་གཞོན་པ་སྤེན་པ་ཚེ་རིང་གིས་ད་ཐེངས་ལེགས་སྒྲིག་བྱས་ནས་དཔེ་སྐྲུན་བྱས་པའི་དཔེ་རྙིང་གི་དཀར་ཆག་དེ་དག་སྲོལ་རྒྱུན་དཀར་ཆག་རིག་པའི་རྨང་གཞིའི་ཐོག་དེང་རབས་དཔེ་རྙིང་ཚད་ལྡན་ཡིག་ཆའི་དཀར་ཆག་གི་བྱེད་ཐབས་སྤྱད་ཡོད། དེབ་དེ་དག་དཔེ་སྐྲུན་བྱས་པ་དེས་རྒྱ་ཆེའི་བོད་རིག་པར་ཞིབ་འཇུག་བྱེད་མཁན་དང་ལྷག་པར་དུ་བོད་ཡིག་དཔེ་རྙིང་ལ་ཞིབ་འཇུག་བྱེད་མཁན་དང་དེར་དགའ་ཞེན་ཡོད་མཁན་བཅས་ལ་དཔྱད་གཞི་མཁོ་འདོན་བྱས་ཡོད་པས། ཉར་ཚགས་ཀྱི་དོན་སྙིང་གལ་ཆེན་ལྡན་ཡོད་ཅེས་ངོ་སྤྲོད་བྱས་བྱུང་།