ཧྥ་རན་སེའི་ཙུང་ཐུང་མཱ་ཁེ་ལུང་གིས་དེ་རིང་ནས་བཟུང་རང་རྒྱལ་ལ་རྒྱལ་དོན་འཚམས་འདྲི་བྱེད་པ། ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་བགྲོ་གླེང་འཛིན་གྲྭ་སློབ་འགོ་ཚུགས་པ། བོད་སྐྱོད་འབུམ་རམས་པའི་ཞབས་ཞུ་ཚོགས་པས་མུ་མཐུད་རིག་སྟོབས་རོགས་སྐྱོར་བྱས་པ། བོད་ལྗོངས་ཀྱི་གཞོན་ནུ་ལོ་ཆུང་གི་ཚན་རིག་ལས་དོན་ཁང་ཐོག་མ་ལྷ་སར་བཙུགས་པ། བོད་ཀྱིས་རང་སྐྱོང་ལྗོངས་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་རྣམ་གྲངས་བརྒྱ་ལྷག་ཙམ་གསར་དུ་བསྣན་པ། ཞིང་ལས་དངུལ་ཁང་བོད་ལྗོངས་ཡན་ལག་དངུལ་ཁང་གིས“ངོ་རིས་བཤེར་ནས་དངུལ་ལེན་པའི”བྱེད་ནུས་བཏོན་པ། ཀྲུང་དབྱང་གི་ཁོར་ཡུག་སྲུང་སྐྱོབ་སྐོར་ཞིབ་རུ་ཁག་ཨང་དྲུག་པས་བོད་ལྗོངས་ལ་གྱོད་དོན་༡༧བརྒྱུད་སྤྱོད་བྱས། བོད་ལྗོངས་ཀྱི་གྲོང་གསེབ་ཀྱི་མི་སྡོད་ཁོར་ཡུག་བཅོས་སྒྲིག་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་པ། བོད་ཡིག་དཔེ་མཛོད་ཀྱི་གཞི་གྲངས་ལྟེ་གནས་དབུ་བརྙེས་པའི་མཛད་སྒོ་ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་སུ་སྤེལ།
ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > བོད་ཁུལ་གསར་འགྱུར།

མཚོ་སྔོན་གྱིས་ལོ་གཅིག་རིང་ཤིང་འཛུགས་ནགས་བཟོ་མུའུ་ཁྲི་400བྱས་ནས་སྣོད་བཅུད་སྲུང་ཡོལ་བརྟན་དུ་བཏང་བ།

སྤེལ་དུས 2018-01-16 ཡོང་ཁུངས། མི་དམངས་ཉིན་རེའི་ཚགས་པར། རྩོམ་པ་པོ། ལུའོ་ཞའོ་ཧྥེ།
            མཚོ་བོད་ས་མཐོའི་བྱང་ཤར་རྒྱུད་དུ་གནས་པའི་མཚོ་སྔོན་ཞིང་ཆེན་ནི་འབྲི་ཆུ་དང་། རྨ་ཆུ། རྫ་ཆུ་བཅས་ཀྱི་འབྱུང་ཁུངས་ཡིན་པ་མ་ཟད། “ཀྲུང་ཧྭའི་ཆུ་གསོག་མཐོ་ལྕོག”ཅེས་ཀྱང་བརྗོད་སྲོལ་ཡོད། ས་ཁུལ་དེའི་སྔོ་ཁེབས་ཐོན་ཁུངས་ཀྱི་སྲུང་སྐྱོང་ལས་གཙང་གསུམ་རྒྱུག་ཁུལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་རྒྱུན་མཐུད་འཕེལ་རྒྱས་ལ་ཤུགས་རྐྱེན་ཆེན་པོ་ཐེབས་ཀྱི་ཡོད།
            ཉེ་བའི་ལོ་ཤས་རིང་། མཚོ་སྔོན་ཞིང་ཆེན་གྱིས་ནགས་ལས་སྣོད་བཅུད་འཛུགས་སྐྱོང་དཔལ་འབྱོར་དང་སྤྱི་ཚོགས་མཐུན་སྦྱོར་ངང་འཕེལ་རྒྱས་གཏོང་བའི་བྱེད་ཐབས་གཙོ་བོར་བརྩིས་ཏེ་ཞིང་ཨུད་དང་ཞིང་ཆེན་སྲིད་གཞུང་གི་འགོ་ཁྲིད་གཙོ་བོས“ཙུའུ་ཀྲང་གཅིག་ལྕོགས”ཀྱི་སྔོ་འགྱུར་ཨུ་ཡོན་ལྷན་ཁང་གི་འགོ་ཁྲིད་ཚོགས་ཆུང་བཙུགས་ནས་རིམ་ཁག་སྲིད་གཞུང་གིས་སྔོ་འགྱུར་དམིགས་ཚད་འགན་འཁྲིའི་ཡི་གེར་མིང་རྟགས་བཀོད་པ་དང་། རིམ་པ་བཞིན་སྔོ་འགྱུར་ལས་འགན་ཁག་བགོས་དོན་འཁྱོལ་བྱས་པ་རེད།
            མཚོ་སྔོན་ཞིང་ཆེན་ནགས་ལས་ཐིང་ནགས་བཟོ་སྔོ་འགྱུར་དོ་དམ་ཁྲུའུ་ཡི་འགན་འཁུར་མི་སྣས་2017ལོར་མཚོ་སྔོན་གྱིས་ནགས་བཟོའི་ལས་འགན་དེ་དེ་སྔའི་མུའུ་ཁྲི་190ནས་མུའུ་ཁྲི་400ཡན་ཆེ་རུ་བཏང་བ་དང་། ནགས་བཟོའི་གཞི་ཁྱོན་ཆེ་བ་དང་། མ་དངུལ་གཏོང་ཤུགས་ཆེ་བ། ལས་སྒྲུབ་མགྱོགས་པ་བཅས་ནི་སྔར་འབྱུང་མྱོང་མེད་པ་ཞིག་རེད་ཅེས་ངོ་སྤྲོད་བྱས།
            དེ་དང་ཆབས་ཅིག་མཚོ་སྔོན་གྱིས་ད་དུང《ནགས་བཟོའི་ལམ་སྲོལ་གསར་གཏོད་བྱས་ཏེ་གཞུང་ཁོངས་ས་ཆ་སྔོ་འགྱུར་གྱི་འགུལ་ནུས་གསར་པར་སྐུལ་སྤེལ་གཏོང་བའི་བྱ་ཐབས》བཏོན་ཏེ་ནགས་བཟོའི་སྐུལ་སྤེལ་ལམ་སྲོལ་བཙུགས་པ་དང་སྣ་མང་ཅན་གྱི་ནགས་བཟོའི་མ་འཇོག་ལ་སྐུལ་འདེད་གཏོང་བ་སོགས་ཀྱི་ཐད་རོགས་སྐྱོར་སྲིད་ཇུས་ཁ་གསལ་བཟོས་ནས་ནགས་ར་དང་། ཁེ་ལས། ཚོགས་པ། མི་སྒེར་བཅས་གཞུང་ཁོངས་ས་ཆ་སྔོ་འགྱུར་ལ་ཞུགས་རྒྱུའི་ཧུར་བརྩོན་རང་བཞིན་སྐུལ་སློང་བྱས་པ་རེད།
            མཚོ་སྔོན་གྱིས་ཟི་ལིང་སོགས་གྲོང་ཁྱེར་དུ་ཚད་གཞི་མཐོ་པོས་ཤིང་འཛུགས་མཐའ་འཁྱོངས་དང་། ཤིང་ཐར་ཐོར་དུ་འཛུགས་པ་ནས་སྐྱེད་ཚལ་རྣམ་པའི་སྔོ་འགྱུར་ལ་སྐུལ་འདེད་བཏང་བ་དང་ཟི་ལིང་གྲོང་ཁྱེར་ཡོངས་ཀྱིས་2017ལོར་ཤིང་མུའུ་ཁྲི་35.08བཙུགས་ཡོད། གཙང་གསུམ་ཆུ་འགོའི་ས་ཁུལ་དང་མདོ་ལ་རིང་མོའི་སྣོད་བཅུད་སྲུང་སྐྱོང་ཁུལ་དུ་རི་རྒྱ་བསྡམས་ནས་ནགས་ཚལ་གསོ་བའི་བྱེད་ཐབས་གཙོ་བོ་སྤྱད་པ་དང་། ཡུལ་ཤུལ་བོད་རིགས་རང་སྐྱོང་ཀྲོའུ་ཡིས་2017ལོར་ཤིང་འཛུགས་ནགས་བཟོ་མུའུ་ཁྲི་1བྱས་པར་གསོན་ཚད་70%ཡན་ཟིན་ནས“གྲོང་ཁྱེར་ཡོངས་སུ་སྔོ་ཁེབས་ཁྱབ་པའི”ཡུལ་ལྗོངས་ཤིག་གྲུབ་ཡོད།
            གསར་འགོད་པས་དཔྱིད་སྟོན་གཉིས་སུ་གཞི་རིམ་དུ་བཅར་འདྲི་བྱེད་རིང་ས་ཆ་གང་སར་ཤིང་འཛུགས་ནགས་བཟོའི་བྲེལ་འཚུབ་ཀྱི་རྣམ་པས་ཁེངས་པ་མཐོང་བྱུང་། ཤིང་འཛུགས་མཁན་ལ་ཁེ་ལས་ཀྱི་ལས་བྱེད་ལས་བཟོ་དང་། སློབ་གྲྭའི་དགེ་སློབ། ཞིང་པ་ལ་སོགས་ཡོད།
            རྨ་ཆུའི་འགྲམ་དུ་ཆགས་པའི་རྨ་ལྷོ་བོད་རིགས་རང་སྐྱོང་ཀྲོའུ་གཅན་ཚ་རྫོང་གི་རི་བོ་མཐོ་ལ་ལུང་ཤུར་རིང་བ་མ་ཟད། རྩི་ཤིང་ཐར་ཐོར་ཙམ་ལས་མེད་པས། མཚོ་བོད་ས་མཐོའི་ས་ཆུ་ཤོར་ཚད་ཆེ་བའི་ས་ཁུལ་གྱི་གྲས་ཤིག་རེད།
            2017ལོར་གཅན་ཚ་རྫོང་གིས་ས་ཆ་ཆ་ཤས་དང་། ས་ཆ་ཧྲིལ་པོ། འདེབས་འཛུགས། སྡོང་རྐང་གསོན་ཚད། ནགས་ཚལ་གསོན་ཚད་བཅས་འགན་གཙང་བླངས་པའི་འགན་འཁྲིའི་ལམ་ལུགས་ལག་ལེན་བསྟར་བ་དང་། ཤིང་འཛུགས་དམིགས་ཚད་ཀྱི་ལས་འགན་མུའུ་ཁྲི་1ཡན་གྱི་རྨང་གཞིའི་ཐོག་རང་སོ་སོས་མུའུ་ཁྲི་4.2མང་དུ་བཏང་བ་དེ་ལོ་བཅུའི་གོང་གི་ནགས་བཟོའི་རྒྱ་ཁྱོན་གྱི་བསྡོམས་འབོར་དང་གཅིག་མཚུངས་རེད། རྫོང་ཡོངས་ཀྱི་སྔོ་ཁེབས་ཁྱབ་ཚད་དེ་དེ་སྔོན་གྱི་28.2%ནས་29.9%བར་འཕར་ཡོད།
            སྔོ་འགྱུར་ནགས་བཟོ་དེ་མང་ཚོགས་དབུལ་པོའི་ཕྱུག་འགྱུར་གྱི་ཐབས་ལམ་དུ་གྱུར་ཅིང་། གཅན་ཚ་རྫོང་གི་ཁོར་ཡུག་སྲུང་སྐྱོང་དང་ནགས་ལས་ཅུས་ཀྱི་ཅུས་ཀྲང་ཏ་ཡུས་ཡུན་གྱིས་ས་གནས་དེ་གའི་གྲོང་ཚོ་དབུལ་པོ་11ལ་སྡོང་ཕྲུག་ལྗང་གསོའི་རྟེན་གཞི་དང་ཆེད་ལས་མཉམ་ལས་ཁང་སྔ་རྗེས་སུ་བཙུགས་པ་མ་ཟད། སྣོད་བཅུད་དོ་དམ་སྲུང་སྐྱོང་བའི་ལས་གནས་1100ཙམ་བཀོད་སྒྲིག་བྱས་པར་མི་རེའི་ཆ་སྙོམས་ཡོང་འབབ་སྒོར་2000ཙམ་ཟིན་གྱི་ཡོད་ཅེས་བཤད།
            མཚོ་སྔོན་ཞིང་ཆེན་ནགས་ལས་ཐིང་གི་ཐིང་ཀྲང་གཞོན་པ་བསྟན་ཕུན་གྱིས“ནགས་བཟོ་དང་བདག་སྲུང་གལ་ཆེ་མཉམ་འཛིན་དང་གཞི་ཁྱོན་དང་སྤུས་ཚད་གལ་ཆེ་མཉམ་འཛིན་མཐའ་འཁྱོངས་བྱས་པ་དང་ཆབས་ཅིག ང་ཚོས་ཤིང་འཛུགས་ས་ཆ་དང་། ལྗང་གསོན། ཇུས་འགོད། འདེབས་འཛུགས། བསྡུ་ལེན་བཅས་ཀྱི་བརྒྱུད་རིམ་ཧྲིལ་པོར་དོ་དམ་བྱས་ཏེ། ལྗོན་ཤིང་གཅིག་བཏབ་ཚེ་དེ་གསོན་ཐུབ་པ་དང་ནགས་ཁུལ་ཞིག་ཆགས་ན་དེ་མ་ཉམས་པའི་ངང་གསོན་ཐུབ་པ་བྱས་ནས། མཐོ་གྲང་སྐམ་ཁུལ་དུ་གཞི་ཁྱོན་ལྡན་པའི་སྔོ་འགྱུར་ནགས་བཟོ་བྱེད་སྟངས་ཤིག་འཚོལ་ཞིབ་རགས་ཙམ་ཐུབ་ནས་རྒྱལ་ཁབ་ཀྱི་སྣོད་བཅུད་བདེ་འཇགས་སྲུང་ཡོལ་སྔར་བས་བརྟན་དུ་གཏོང་རྒྱུ་ཡིན”ཞེས་བརྗོད།