ཧྥ་རན་སེའི་ཙུང་ཐུང་མཱ་ཁེ་ལུང་གིས་དེ་རིང་ནས་བཟུང་རང་རྒྱལ་ལ་རྒྱལ་དོན་འཚམས་འདྲི་བྱེད་པ། ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་བགྲོ་གླེང་འཛིན་གྲྭ་སློབ་འགོ་ཚུགས་པ། བོད་སྐྱོད་འབུམ་རམས་པའི་ཞབས་ཞུ་ཚོགས་པས་མུ་མཐུད་རིག་སྟོབས་རོགས་སྐྱོར་བྱས་པ། བོད་ལྗོངས་ཀྱི་གཞོན་ནུ་ལོ་ཆུང་གི་ཚན་རིག་ལས་དོན་ཁང་ཐོག་མ་ལྷ་སར་བཙུགས་པ། བོད་ཀྱིས་རང་སྐྱོང་ལྗོངས་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་རྣམ་གྲངས་བརྒྱ་ལྷག་ཙམ་གསར་དུ་བསྣན་པ། ཞིང་ལས་དངུལ་ཁང་བོད་ལྗོངས་ཡན་ལག་དངུལ་ཁང་གིས“ངོ་རིས་བཤེར་ནས་དངུལ་ལེན་པའི”བྱེད་ནུས་བཏོན་པ། ཀྲུང་དབྱང་གི་ཁོར་ཡུག་སྲུང་སྐྱོབ་སྐོར་ཞིབ་རུ་ཁག་ཨང་དྲུག་པས་བོད་ལྗོངས་ལ་གྱོད་དོན་༡༧བརྒྱུད་སྤྱོད་བྱས། བོད་ལྗོངས་ཀྱི་གྲོང་གསེབ་ཀྱི་མི་སྡོད་ཁོར་ཡུག་བཅོས་སྒྲིག་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་པ། བོད་ཡིག་དཔེ་མཛོད་ཀྱི་གཞི་གྲངས་ལྟེ་གནས་དབུ་བརྙེས་པའི་མཛད་སྒོ་ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་སུ་སྤེལ།
ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > བོད་ཁུལ་གསར་འགྱུར།

ཀྲུང་ཧྭའི་ཆུ་མཛོད་ཀྱི་སྣོད་བཅུད་སྲུང་སྐྱོང་ཐད་ད་ལོར་མ་དངུལ་དུང་ཕྱུར༧གཏོང་འཆར་ཡོད་པ།

སྤེལ་དུས 2018-01-16 ཡོང་ཁུངས། མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བ། རྩོམ་པ་པོ། སྒྲོལ་མས་བསྒྲིགས།

གཙང་གསུམ་ཆུ་འགོ། གཙང་གསུམ་འགོ་ཁུངས།
          གསར་འགོད་པས་མཚོ་སྔོན་ཞིང་ཆེན་སྣོད་བཅུད་གཞུང་སྒྲུབ་ཁང་ནས་ཤེས་རྟོགས་བྱུང་བ་ལྟར་ན།  ༢༠༡༧ལོར་གཙང་གསུམ་ཆུ་འགོའི་སྣོད་བཅུད་སྲུང་སྐྱོབ་དང་འཛུགས་སྐྱོང་གི་དུས་སྐབས་གཉིས་པའི་ལས་གཞིས་མ་དངུལ་དུང་ཕྱུར༩ཡི་འཛུགས་སྐྲུན་དམིགས་འབེན་ཡོངས་འགྲུབ་བྱས། ད་ལོར་སྲུང་སྐྱོབ་དང་འཛུགས་སྐྱོང་གི་དུས་སྐབས་གཉིས་པའི་ལས་གཞིར་མ་དངུལ་དུང་ཕྱུར༧བཏང་ནས་སྣོད་བཅུད་སྲུང་སྐྱོབ་དང་འཛུགས་སྐྱོང་ལས་གཞི་སྐོར་ཞིག་ཕྱོགས་བསྡུས་ཐོག་ལག་བསྟར་བྱས་ཏེ། གཙང་གསུམ་ཆུ་འགོའི་རྩྭ་ཆུ་མོད་པོ་ཡོང་བ་དང་། རོང་འབྲོག་པའི་ཡོང་འབབ་འཕར་སྣོན།   ཀྲུང་ཧྭའི་ཆུ་མཛོད་ཀྱི་སྣོད་བཅུད་བདེ་འཇགས་སྲུང་སྐྱོང་བཅས་བྱེད་པ་ལ་རྨང་གཞི་བརྟན་པོ་འདིང་བའི་འཆར་གཞི་བཟོས་འདུག
         མ་དངུལ་དུང་ཕྱུར་བདུན་པོ་དེ་གཙོ་བོ་ས་ནག་ཞན་འགྱུར་བཅོས་སྐྱོང་དང་། མི་བཟོས་ནགས་འདེབས།  རི་བསྡམས་ནགས་སྐྱོང་། རྩྭ་ས་དང་ནགས་ལས་ལ་གནོད་པའི་སྐྱེ་དངོས་ཚོད་འཛིན་དང་བཀག་འགོག   བྱེ་འགྱུར་འགོག་བཅོས། དེ་མིན་མིས་ཕབ་ཆར་བ།  སྣོད་བཅུད་ལྟ་སྐུལ་ཚད་འཇལ།  ཚན་ཞིབ་ཁྱབ་གདལ།  ཚན་རྩལ་ཟབ་སྦྱོང་ལ་སོགས་ཀྱི་རྣམ་གྲངས་ཐད་བཀོལ་རྒྱུ་རེད།  ད་ལོ་ནི་གཙང་གསུམ་ཆུ་འགོའི་སྣོད་བཅུད་སྲུང་སྐྱོབ་དང་འཛུགས་སྐྱོང་གི་འོས་འགན་ཆེས་ལྕི་བའི་ལོ་ཞིག་ཡིན་ལ།  དུས་སྐབས་གཉིས་པའི་འཆར་འགོད་ལེགས་འགྲུབ་ཀྱི་ལོ་མཐའ་མ་ཡིན་པས། ས་གནས་ཁག་དང་སྡེ་ཚན་ཁག་གིས་དམིགས་འབེན་འོས་འགན་དང་དམིགས་འབེན་ཞིབ་དཔྱད་ལ་གཙིགས་སུ་བཟུང་ནས་ལས་གཞིའི་ཉམས་ཞན་པའི་གནད་འགག་གི་ཆ་ལ་དམ་འཛིན་དང་། དུས་མཚམས་སོ་སོར་འཐུས་ཤོར་མི་ཡོང་བར་ཐབས་རྒྱ་ཇུས་སྟོང་གིས་ལས་ཀ་སོ་སོ་མྱུར་བ་མྱུར་དུ་འགྲུབ་ཐུབ་དགོས་པ་དང་།  གཙང་གསུམ་ཆུ་འགོའི་སྣོད་བཅུད་སྲུང་སྐྱོབ་དང་འཛུགས་སྐྱོང་གི་འོས་འགན་འཁུར་དུ་འཁྱེར་ཞིང་དམ་འཛིན་ནན་འཛིན་བྱེད་པ་མཐའ་འཁྱོངས་ལྷོད་མེད་བྱས་ཏེ།  གཙང་གསུམ་ཆུ་འགོའི་སྣོད་བཅུད་སྲུང་སྐྱོབ་དང་འཛུགས་སྐྱོང་ལས་གཞིར་ཕན་འབྲས་གསར་བ་དང་གྲུབ་འབྲས་གསར་བ་ལོན་པར་སྐུལ་སྤེལ་བྱེད་དགོས།
          གཙང་གསུམ་ཆུ་འགོ་ས་ཁུལ་གྱི་སྣོད་བཅུད་ལ་ཡུན་རིང་སྲུང་སྐྱོབ་དང་།  ལས་གཞི་འཛུགས་སྐྱོང་གེགས་མེད་བདེ་བླག་ངང་འགྲུབ་པར་སྐུལ་སྤེལ་བྱེད་དགོས་ན་ཚན་རྩལ་གྱི་རམ་འདེགས་སྟོབས་དང་ལྡན་པ་དགོས།  ད་ལོར་ཚན་རྩལ་གྱི་ཕྱོགས་ལ་ཤུགས་ཆེན་པོ་འདོན་རྒྱུ་སྟེ།  གཙང་གསུམ་ཆུ་འགོའི་ལས་གཞི་གལ་ཆེན་གྱི་ཁྱབ་ཁོངས་ལས་གནད་འགག་གི་ཆ་སོ་སོར་དམིགས་ནས་ཚན་རིག་ཞིབ་འཇུག་བྱ་གཞི་དང་ལག་ལེན་གྱི་ཐད་ལ་ཤུགས་རྒྱབ་ནས་ཚན་ཞིབ་ཀྱི་གྲུབ་འབྲས་བརྗེ་སྒྱུར་དང་། གྲུབ་འབྲས་བེད་སྤྱོད་ཁྱབ་གདལ་བཏང་ནས་ཕན་འབྲས་འབྱུང་ཐུབ་པ་བྱ་རྒྱུ།   རྒྱལ་ཁབ་ཕྱི་ནང་གི་ཚན་ཞིབ་ལས་ཁུངས་དང་། མཐོ་རིམ་སློབ་གྲྭ།  རྒྱལ་སྤྱིའི་སྣོད་བཅུད་སྲུང་སྐྱོང་ཚོགས་པ་བཅས་བར་གྱི་མཉམ་ལས་ལ་ཤུགས་བསྣན་ཏེ།  ཆེད་མཁས་པའི་ཕན་ནུས་འདོན་སྤེལ་གང་ལེགས་བགྱིས་ནས་གཙང་གསུམ་ཆུ་འགོར་བརྟག་དཔྱད་དང་།  ཇུས་ཐབས་བཟང་བོ་བཏོན་ནས་དཀའ་གནད་སེལ་གྲོལ་བྱེད་དུ་བཅུག་ནས་སྣོད་བཅུད་སྲུང་སྐྱོབ་དང་བཅོས་སྐྱོང་གི་སྔོན་ཐོན་བསམ་བློ་དང་གསར་གཏོད་གྲུབ་འབྲས་སྣ་ཚོགས་འདི་གར་གཞི་ཚུགས་སུ་འཇུག་རྒྱུ་བཅས་གཙང་གསུམ་ཆུ་འགོའི་སྣོད་བཅུད་སྲུང་སྐྱོབ་དང་འཛུགས་སྐྱོང་ལ་ལག་རྩལ་གྱི་རམ་འདེགས་སྟོབས་དང་ལྡན་པ་ཞིག་མཁོ་འདོན་བྱེད་རྒྱུ་རེད།