ཁྲོན་བོད་ལྕགས་ལམ་ལྷ་ས་ནས་ཉིང་ཁྲི་བར་གྱི་ལམ་བུའི་བསམ་གྲུབ་གླིང་ཕུག་ལམ་ཤར་བགྲོད་ཐུབ་པ། ཧྥ་རན་སེའི་ཙུང་ཐུང་མཱ་ཁེ་ལུང་གིས་དེ་རིང་ནས་བཟུང་རང་རྒྱལ་ལ་རྒྱལ་དོན་འཚམས་འདྲི་བྱེད་པ། ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་བགྲོ་གླེང་འཛིན་གྲྭ་སློབ་འགོ་ཚུགས་པ། བོད་སྐྱོད་འབུམ་རམས་པའི་ཞབས་ཞུ་ཚོགས་པས་མུ་མཐུད་རིག་སྟོབས་རོགས་སྐྱོར་བྱས་པ། བོད་ལྗོངས་ཀྱི་གཞོན་ནུ་ལོ་ཆུང་གི་ཚན་རིག་ལས་དོན་ཁང་ཐོག་མ་ལྷ་སར་བཙུགས་པ། བོད་ཀྱིས་རང་སྐྱོང་ལྗོངས་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་རྣམ་གྲངས་བརྒྱ་ལྷག་ཙམ་གསར་དུ་བསྣན་པ། ཞིང་ལས་དངུལ་ཁང་བོད་ལྗོངས་ཡན་ལག་དངུལ་ཁང་གིས“ངོ་རིས་བཤེར་ནས་དངུལ་ལེན་པའི”བྱེད་ནུས་བཏོན་པ། ཀྲུང་དབྱང་གི་ཁོར་ཡུག་སྲུང་སྐྱོབ་སྐོར་ཞིབ་རུ་ཁག་ཨང་དྲུག་པས་བོད་ལྗོངས་ལ་གྱོད་དོན་༡༧བརྒྱུད་སྤྱོད་བྱས། བོད་ལྗོངས་ཀྱི་གྲོང་གསེབ་ཀྱི་མི་སྡོད་ཁོར་ཡུག་བཅོས་སྒྲིག་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་པ། བོད་ཡིག་དཔེ་མཛོད་ཀྱི་གཞི་གྲངས་ལྟེ་གནས་དབུ་བརྙེས་པའི་མཛད་སྒོ་ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་སུ་སྤེལ།
ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > བོད་ཁུལ་གསར་འགྱུར།

《མཚོ་སྔོན་སྤྱི་ཚོགས་ཚན་རིག》(བོད་ཡིག)གསར་དུ་འགྲེམ་སྤེལ་བྱེད་པའི་མཛད་སྒོ་དང“བོད་ཁུལ་གྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཞབས་ཞུའི་གླེང་སྟེགས”མཚོ་སྔོན་ཟི་ལིང་དུ་བསྡུས།

སྤེལ་དུས 2018-01-18 ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ། རྩོམ་པ་པོ། མཁའ་འགྲོ་ཚེ་བརྟན། ལྷ་སྒྲོན་མཚོ།

          2018ལོའི་ཟླ1པོའི་ཚེས17ཉིན《མཚོ་སྔོན་སྤྱི་ཚོགས་ཚན་རིག》(བོད་ཡིག)གསར་དུ་འགྲེམ་སྤེལ་བྱེད་པའི་མཛད་སྒོ་དང“བོད་ཁུལ་གྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཞབས་ཞུའི་གླེང་སྟེགས”མཚོ་སྔོན་ཞིང་ཆེན་ཟི་ལིང་གྲོང་ཁྱེར་གྱི་རྣམ་རྒྱལ་མགྲོན་ཁང་དུ་བསྡུས།
          མཛད་སྒོ་ལ་མཚོ་སྔོན་ཞིང་ཆེན་སྤྱི་ཚོགས་ཚན་རིག་གླིང་གི་གླིང་གཙོ་གཞོན་པ་མཱ་ཆི་ཞུང་གིས་མགོ་འཛིན་བྱས། མཚོ་སྔོན་ཞིང་ཆེན་ཏང་ཨུའི་དྲིལ་སྒྲོག་པུའུ་ཡི་ལས་དོན་ཚོགས་པའི་ཁོངས་མིའམ་ཞིང་ཆེན་དཔལ་ཡོན་གཞུང་སྒྲུབ་ཁང་གི་ཆེད་ལས་ཀྲུའུ་རེན་གཞོན་པ་ཀྲུའུ་ཧི་ཡིས་ཞིང་ཆེན་ཏང་ཨུའི་རྒྱུན་ལས་སམ་དྲིལ་སྒྲོག་པུའུ་ཡི་པུའུ་ཀྲང་ཀྲང་ཞི་མེན་གྱིས《མཚོ་སྔོན་སྤྱི་ཚོགས་ཚན་རིག》(བོད་ཡིག)གསར་སྤེལ་བྱེད་པའི་མཛད་སྒོར་ཕུལ་པའི་ཤིས་ཚིག་སྒྲོག་འདོན་བྱས་པ་མ་ཟད། 《མཚོ་སྔོན་སྤྱི་ཚོགས་ཚན་རིག》(བོད་ཡིག)གསར་སྤེལ་བྱེད་པའི་རྒྱལ་ལྗོངས་དང་བསྒྲུབ་པའི་དམིགས་ཡུལ། བསམ་ཕྱོགས་བཅས་ཀྱི་ཐད་ལ་གནད་བསྡུས་སྒོས་ངོ་སྤྲོད་བྱས་ཤིང་། དུས་དེབ་འདི་གསར་སྤེལ་བྱས་པ་རྒྱུད་བོད་ཁུལ་གྱི་དཔལ་འབྱོར་སྤྱི་ཚོགས་གོང་སྤེལ་དང་རིག་གཞུང་ཞིབ་འཇུག་ཐད་ནུས་པ་གང་ལེགས་འདོན་རྒྱུ་དང་ཧུར་ཐག་སྒོས་རིག་གཞུང་ཞིབ་འཇུག་དང་ཆབ་སྲིད་བློ་འདྲི་ཞབས་ཞུའི་ནུས་པ་འདོན་པའི་མཐོ་རིམ་རིག་མཛོད་ཀྱི་གར་སྟེགས་ཤིག་བསྐྲུན་དགོས་པའི་རེ་བ་བཏོན།
          རྒྱུས་ལོན་བྱུང་བ་ལྟར་ན། 《མཚོ་སྔོན་སྤྱི་ཚོགས་ཚན་རིག》(བོད་ཡིག)དེ་རྒྱལ་ཡོངས་ནས་གྲངས་ཚད་ཅུང་ཉུང་བའི་བོད་ཡིག་གི་སྤྱི་ཚོགས་ཚན་རིག་སྐོར་གྱི་ཕྱོགས་བསྡུས་རང་བཞིན་གྱི་རིག་གཞུང་དུས་དེབ་ཅིག་ཡིན་པའི་ཆ་ནས། གཙོ་བོ་བོད་ཡིག་གི་ལམ་ནས་གསར་རྩོམ་བྱས་ཤིང་ཞིབ་འཇུག་རང་བཞིན་གྱི་ཆུ་ཚད་ཅུང་མཐོ་བའི་དཔྱད་རྩོམ་དང་བརྟག་དཔྱད་སྙན་ཞུ། རིག་གཞུང་གྲུབ་འབྲས་བཅས་འགོད་རྒྱུ་ཡིན་ལ། ལེ་ཚན་གཙོ་བོར་ཆབ་སྲིད་རིག་པ་དང་དཔལ་འབྱོར་རིག་པ། སྐྱེ་ཁམས་རིག་པ། མི་རིགས་རིག་པ། ཆོས་ལུགས་རིག་པ། ཁྲིམས་ལུགས་རིག་པ། ལོ་རྒྱུས་རིག་པ། མིའི་རིགས་རིག་པ། དམངས་སྲོལ་རིག་པ། སློབ་གསོ་རིག་པ། སྐད་བརྡ་རིག་པ། བོད་སྨན་སྨན་རྫས་རིག་པ། རྩོམ་རིག་སྒྱུ་རྩལ་སོགས་ཁྱད་ལྡན་གྱི་ལེ་ཚན་མང་པོ་བཀོད་སྒྲིག་བྱས་ཡོད་པ་རེད།
           ཚོགས་ཐོག་ཏུ《རྩེར་སྙེགས》རྩོམ་སྒྲིག་ཁང་དང《སྤྲང་ཆར》རྩོམ་སྒྲིག་ཁང་། 《མཚོ་སྔོན་མི་རིགས་སློབ་ཆེན་གྱི་སློབ་དེབ》རྩོམ་སྒྲིག་ཁང་། 《མཚོ་སྔོན་སློབ་ཆེན་གྱི་སློབ་དེབ》རྩོམ་སྒྲིག་ཁང་བཅས་ཀྱི་རྩོམ་སྒྲིག་པས་དུས་དེབ་སྒྲུབ་པའི་ཉམས་མྱོང་དང་དངོས་ཡོད་གནས་ཚུལ་སོགས་ཀྱི་ཐད་ལ་བསམ་ཚུལ་ལྷུག་བརྗོད་བྱས་པ་མ་ཟད། ཚོགས་ཞུགས་ཆེད་ལས་མཁས་པ་དང་མཁས་དབང་རྣམས་ཀྱིས་བོད་ཁུལ་གྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ལ་ཅི་ལྟར་ཞབས་ཞུ་བསྒྲུབ་དགོས་པའི་ཐད་ནས་བགྲོ་གླེང་བྱས།
          དུས་དེབ་འདི་ནི་རྒྱལ་ཁབ་གསར་འགྱུར་རྒྱང་སྒྲོག་བརྙན་འཕྲིན་དཔེ་སྐྲུན་སྤྱི་ཁྱབ་ཅུའུ་ཡིས་ཆོག་མཆན་བཀོད་པ་དང་། མཚོ་སྔོན་ཞིང་ཆེན་སྤྱི་ཚོགས་ཚན་རིག་གླིང་གིས་གཙོ་སྒྲུབ་བྱ་རྒྱུ་རེད།