ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་མཛུབ་ཁྲིད་དུ་བྱས་ཏེ། ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་གཉིས་འཚམ་མཐུན་ཡོང་པ་བྱ་དགོས། ནུབ་བྱང་དགེ་འོས་སློབ་ཆེན་གྱིས་དགེ་འོས་སློབ་མ་བགྲང་ལས་འདས་པ་བསྐྱངས་པ། གཞིས་རྩེ་གྲོང་ཁྱེར་གྱི་གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་ཚད་སྤྱི་ལེ་ཁྲི་1.7ཟིན་པ། ལོ་རྒྱུས་ཡུན་རིང་ལྡན་པའི་ཞོ་ལེགས་ཀྱི་བོད་ཤོག བོད་ལྗོངས་གཞིས་རྩེས་གླུ་ལེན་གར་འཁྲབ་ཀྱིས་གནམ་ལོ་གསར་པ་བསུ་བ། ལྕགས་ལམ་སྡེ་ཁག་གིས་སྦྲེལ་མཐུད་དྲ་བ་བརྒྱུད་ནས་ཟས་རིགས་མངག་ཉོའི་ཞབས་ཞུ་རིམ་སྤོར་བྱས་ཏེ། མེ་འཁོར་མ་བསྐོར་གོང་གི་ཆུ་ཚོད་གཅིག་གི་སྔོན་དུ་མངག་ཉོ་བྱས་ཆོག་པ། ལྷ་སའི་ཚོགས་འདུ་གཉིས། ལྷ་ས་གྲོང་ཁྱེར་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པར་གྲོས་གཞི་106འབྱོར། ལོ་གསར་གྱི་ཚོང་ར་འཁྲུག་ཆ་དོད་པོར་འགྱུར་བཞིན་ཡོད་པ། ཁྲོན་བོད་ལྕགས་ལམ་ལྷ་ས་ནས་ཉིང་ཁྲི་བར་གྱི་ལམ་བུའི་བསམ་གྲུབ་གླིང་ཕུག་ལམ་ཤར་བགྲོད་ཐུབ་པ། ཧྥ་རན་སེའི་ཙུང་ཐུང་མཱ་ཁེ་ལུང་གིས་དེ་རིང་ནས་བཟུང་རང་རྒྱལ་ལ་རྒྱལ་དོན་འཚམས་འདྲི་བྱེད་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > བོད་ཁུལ་གསར་འགྱུར།

ལོ་སར་ལ་ཉེ་དུས། བོད་ཁུལ་གྱི་མང་ཚོགས་ཀྱིས་ལོ་སར་མཁོ་ཆས་ཅི་ཞིག་ཉོས་ཡོད་དམ།

སྤེལ་དུས 2018-01-30 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ། བཀྲ་རྒྱལ་གྱིས་བསྒྱུར།
           ཀྲུང་གོའི་བོད་ལྗོངས་དྲ་བར་གནས་ཚུལ་འབྱོར་གསལ། སི་ཁྲོན་དཀར་མཛེས་ཁུལ་རྟའུ་རྫོང་གི་ཁྲོམ་གཞུང་གང་སར་ལོ་སར་གྱི་རྣམ་པས་ཡོངས་སུ་ཁེངས་ཡོད།   ཆ་ཡིག་དང་ཁ་གདན། ཟངས་ཁོག  ཀ་ར། བོད་ཆས། རྩེད་ཆས་ཆུང་ཆུང་སོགས་གཅིག་རྗེས་གཉིས་མཐུད་ངང་ཚོང་ར་ནས་བྲིན་ཚོང་བྱེད་ཀྱི་ཡོད་ཅིང་། ཁྲོམ་གཞུང་དུ་དུས་ཆེན་གྱི་ཡོ་ལང་རྣམ་པར་རྒྱས་འདུག

དཔྱིད་གསར་དུས་ཆེན་རྒྱན་ཆ། བཀྲ་ཤིས་གཡང་རྟེན་ཉོ་ཚོང་བྲིན།
          ཟླ1ཚེས23ཉིན།  གསར་འགོད་པས་རྟའུ་རྫོང་གི་བོད་བཟོའི་ཆ་ཡིག་འཚོང་སའི་ཚོང་སྟེགས་ཤིག་ཏུ་མི་རིགས་ཀྱི་ཁྱད་ཆོས་ལྡན་པའི་བོད་བཟོའི་ཆ་ཡིག་དང་བོད་ཆས་ཀྱི་གྱོན་ཆས་ཀྱིས་ཀུན་གྱི་ཡིད་དབང་འཕྲོག་ནས་ཆུ་ཚོད་སྐར་མ་འགའི་རིང་མི་གྲངས་བཅུ་ལྷག་དེ་གར་འདུས་པ་མཐོང་།"མགྱོགས་པོར་ལོ་གསར་ལ་ཉེ། རྣམ་པ་གསར་ལ་བཟོ་ལྟ་ཡག་པའི་བོད་ལྭ་འདི་དག་དང་ཆ་ཡིག་ཁ་ཤས་ཉོས་ནས་ག་ལེར་ལོ་སར་གྱི་མཁོ་དངོས་ལ་གྲ་སྒྲིག་བྱེད་དགོས”ཞེས་ཚོང་སྟེགས་སུ་བོད་ལྭ་འདེམས་མཁན་ཞིག་གིས་དེ་སྐད་བརྗོད་བྱུང་།
          “དེང་ཆར་རྒྱན་ཆ་ནི་ཉིན་རེ་ལས་ཉིན་རེར་སྤུས་དག་ཡིན་པས། ཡིད་དུ་འོང་པ་འགའ་ཉོས་ནས་སྡོད་ཁང་གསར་པར་མཛེས་ཆ་དོད་བསམ་ཡོད་ལ།  དེའི་འཕྲོར་བྱིས་པར་འཚམ་པའི་གྱོན་གོས་གསར་པ་ཞིག་ལ་ལྟ་རྩིས་ཡོད” ཅེས་ཡ་མ་མཚོས་གསར་འགོད་པར་བཤད་བྱུང་། སྔོན་ཆད་ས་ཆ་ཐག་རིང་ན་བསྡད་ཡོད་ལ། ན་ནིང་ཡུལ་གཞན་དུ་དབུལ་སྐྱོར་གནས་སྤོ་ཡིས་གྲོང་ཚོ་ཡོངས་རི་མགོ་ནས་འདི་གར་སྤར་ཡོང་ཡོད་པས། ཁོ་མོ་ཉིན་ལྟར་ཕྱི་ལ་འཁོར་གྱི་ཡོད་ཅིང་། ལོ་སར་གྱི་མཁོ་ཆས་བཙོང་སར་འཕྲད་ན་དེ་ག་ནས་འོས་འཚམས་ཀྱི་མཁོ་དངོས་མཐོང་ཚེ་ཉོས་ནས་དཔྱིད་གསར་དུས་ཆེན་ལ་གྲ་སྒྲིག་བྱེད་ཀྱི་ཡོད་ཟེར།
          དེའི་འཕྲོར།  གསར་འགོར་པ་རྫོང་མཁར་གྱི་སྒོ་རྩིས་ཚོང་ཁང་ཆེ་གྲས་ཁག་གཅིག་ཏུ་ཕྱིན་པ་ཡིན་ལ། སྒོ་རྩིས་ཚོང་ཁང་དུ་འཛུལ་མ་ཐག བཀྲག་མདངས་འཚེར་བའི་ཁ་དོག་དམར་པོ་མང་པོས་མཐོང་སྣང་ཡོངས་སུ་སྤྲས་འོང་ལ། གསར་འགོད་པས་རྟེན་འབྲེལ་གྱི་ཡིག་བྱང་དང་། ཆ་ཡིག    ཀྲུང་གོའི་མདུད་པ།  ལྒང་ཞུ་དམར་པོ་སོགས་མཐོང་པ་དང་། དཔྱིད་གསར་དུས་ཆེན་རྒྱན་སྤྲས་འདི་དག་ནི་མངོན་གསལ་དོད་པའི་གནས་སུ་བཤམས་འདུག “ང་ཚོས་སྔ་ས་ནས་གྲ་སྒྲིག་གི་མགོ་བརྩམས་པ་མ་ཟད། དུས་མཚུངས་སུ་རྟའུ་ཡི་མང་ཚོགས་ཀྱི་འཛད་སྤྱོད་དགའ་ཕྱོགས་ལྟར་ལོ་སར་གྱི་མཁོ་དངོས་མང་པོ་གྲ་སྒྲིག་བྱས་ཡོད” ཅེས་སྒོ་རྩིས་ཚོང་ཁང་གི་ཕྱིར་ཚོང་མི་སྣས་གསར་འགོད་པར། དཔྱིད་གསར་དུས་ཆེན་བསུ་བའི་ཆེད་དུ། སྒོ་རྩིས་ཚོང་ཁང་གི་ཚོང་སྟེགས་མང་ཤོས་སུ་དུས་ཆེན་གྱི་རྣམ་པ་མངོན་པའི་བཀོད་སྒྲིག་བྱས་ཡོད་པ་མ་ཟད་ཚོང་གཉེར་གནང་ནས་མང་ཚོགས་ཀྱིས་ལོ་སར་མཁོ་ཆས་ཉོ་བར་སྟབས་བདེ་བསྐྲུན་ཡོད་ཅེས་ཟེར།

གྲོང་མིས་ལོ་སར་གྱི་མཁོ་ཆས་སྒྲིག་པའི་སྤྲོ་སེམས་རབ་ཏུ་རྒྱས་པ།
          “གཟའ་མཇུག་ལ་དུས་ཚོད་ཡོད་ན་སྒོ་རྩིས་ཚོང་ཁང་ནས་ལོ་སར་གྱི་མཁོ་ཆས་ཉོ་བཅའ་རྒྱག་དགོས། དེ་ལྟར་མིན་ཚེ་མཇུག་མཐར་ཤིང་ཏོག་བཙིར་པ་དང་།  ཁང་བའི་ནང་རྡུལ་ཕྱག་པ་བཅས་ཀྱི་ལས་བྲེལ་ཆེ་བས་དུས་ཚོད་མི་འདུག”ཅེས་ཐར་མོས་གསར་འགོད་པར་བཤད་བྱུང་།  ལོ་སར་ནི་ཀྲུང་གོའི་མང་ཚོགས་ཀྱི་སེམས་ཁོངས་ཀྱི་གལ་ཆེའི་རང་བཞིན་ནི་སྨོས་མི་དགོས་པ་ཞིག་ཡིན་ལ། ལོ་སར་གྱི་མཁོ་ཆས་སྒྲིག་པ་ནི་ལས་སླ་མོར་འཛིན་མི་རུང་། “ད་ལོར་ལས་ཀའི་དབང་གིས་རང་ཉིདགཅིག་པུས་རྟའུ་ནས་ལོ་སར་དགོས་པས་སྔོན་ལ་ཕག་ཤ་དང་སྐམས་ཤ་ཏོག་ཙམ་ཉོས་ནས་འཁྱགས་སྒམ་ནང་བཞག་ནས་འཁྱག་ཏུ་འཇུག་དགོས་ཤིང་། སྔོ་ཚོད་དང་སིལ་ཏོག་གསོག་འཇོག་མི་བདེ་བས་ཉིན་ཤས་ནས་བསྐྱར་དུ་ཉོས་ཆོག་ལ། རང་ཉིད་མི་གཅིག་པུ་ཡིན་ཡང་བློ་བདེ་བག་ཕེབས་ཀྱི་ལོ་ཞིག་སར་དགོས”ཞེས་ལི་ཡུས་ཀྱིས་དེ་སྐད་བཤད་བྱུང།

     གསར་འགོད་པས་ཁྲོམ་སྲང་ནས་མང་ཚོགས་མི་ཉུང་བ་ཞིག་གིས་སླེ་བོའི་ནང་དངོས་ཟོག་ལྟེམ་མེ་ཞིག་འཁུར་འདུག་པ་མཐོང་། རྫོང་མཁར་གྱི་ཞིང་ལས་ཉོ་ཚོང་ཁྲོམ་རར་གསར་འགོད་པས་གྲོང་མི་མི་ཉུང་པ་ཞིག་གིས་ཚོང་སྟེགས་སུ་རྩིབ་ཤ་དང་ཕག་ཤ་ཉོ་བཞིན་པ་མཐོང་ལ།" མགྱོགས་པོར་ལོ་སར་ལ་ཉེ་བས།  ཚང་མས་སྔོན་ལ་ཤ་ཉོས་ནས་འཁྱགས་སྒམ་ནང་ཉར་ནས་ལོ་སར་སྐབས་ཟས་ཆོག་ལ” ཚོང་པ་ཀྲང་གིས་དེང་སྐབས་ཤ་གོང་ནི་ནམ་རྒྱུན་དང་འདྲ་པོ་ཡིན་ཕྱིར། ཤ་ཉོ་མཁན་མང་པོ་ཡོད་ལ“ཞོགས་པ་ནས་ད་ལྟ་ཁོམ་པ་མ་བྱུང་”ཞེས་ཟེར།