ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་མཛུབ་ཁྲིད་དུ་བྱས་ཏེ། ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་གཉིས་འཚམ་མཐུན་ཡོང་པ་བྱ་དགོས། ནུབ་བྱང་དགེ་འོས་སློབ་ཆེན་གྱིས་དགེ་འོས་སློབ་མ་བགྲང་ལས་འདས་པ་བསྐྱངས་པ། གཞིས་རྩེ་གྲོང་ཁྱེར་གྱི་གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་ཚད་སྤྱི་ལེ་ཁྲི་1.7ཟིན་པ། ལོ་རྒྱུས་ཡུན་རིང་ལྡན་པའི་ཞོ་ལེགས་ཀྱི་བོད་ཤོག བོད་ལྗོངས་གཞིས་རྩེས་གླུ་ལེན་གར་འཁྲབ་ཀྱིས་གནམ་ལོ་གསར་པ་བསུ་བ། ལྕགས་ལམ་སྡེ་ཁག་གིས་སྦྲེལ་མཐུད་དྲ་བ་བརྒྱུད་ནས་ཟས་རིགས་མངག་ཉོའི་ཞབས་ཞུ་རིམ་སྤོར་བྱས་ཏེ། མེ་འཁོར་མ་བསྐོར་གོང་གི་ཆུ་ཚོད་གཅིག་གི་སྔོན་དུ་མངག་ཉོ་བྱས་ཆོག་པ། ལྷ་སའི་ཚོགས་འདུ་གཉིས། ལྷ་ས་གྲོང་ཁྱེར་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པར་གྲོས་གཞི་106འབྱོར། ལོ་གསར་གྱི་ཚོང་ར་འཁྲུག་ཆ་དོད་པོར་འགྱུར་བཞིན་ཡོད་པ། ཁྲོན་བོད་ལྕགས་ལམ་ལྷ་ས་ནས་ཉིང་ཁྲི་བར་གྱི་ལམ་བུའི་བསམ་གྲུབ་གླིང་ཕུག་ལམ་ཤར་བགྲོད་ཐུབ་པ། ཧྥ་རན་སེའི་ཙུང་ཐུང་མཱ་ཁེ་ལུང་གིས་དེ་རིང་ནས་བཟུང་རང་རྒྱལ་ལ་རྒྱལ་དོན་འཚམས་འདྲི་བྱེད་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > བོད་ཁུལ་གསར་འགྱུར།

དཀར་མཛེས་ཁུལ་གྱི་རྫོང་སོ་སོས་ལོ་སར་ལ་གྲ་སྒྲིག་བྱེད་པའི་ཚུལ།

སྤེལ་དུས 2018-02-12 ཡོང་ཁུངས། ཁམས་པའི་དྲ་བ། རྩོམ་པ་པོ། སྒྲོལ་མས་བསྒྲིགས།

ལྕགས་ཟམ་ཁ།
      དཔྱིད་གསར་དུས་ཆེན་དང་བོད་ཀྱི་ལོ་སར་འཆར་ཉེར་ཡོད་པའི་སྐབས་སུ། ལྕགས་ཟམ་ཁའི་ཁྲོམ་གཞུང་དུ་ལོ་སར་གྱི་རྣམ་པས་ཁེངས་ཤིང་། དམར་ལྒང་དང་བཀྲ་ཤིས་པའི་ཀྲུང་གོའི་ཤིས་མདུད་བཅས་ནི་གྲོང་མི་ཚོའི་ལོ་སར་གྱི་མཁོ་ཆས་དགོས་ངེས་སུ་གྱུར་འདུག
རྟའུ།
      རྟའུ་རྫོང་རྡོ་སྤུངས་གཞའ་གྲོང་ཚོའི་དོན་གྲུབ་ཚེ་རིང་ཚང་ནི་སྔོན་མར་ཆེས་དབུལ་པོའི་དུད་ཚང་ཞིག་ཡིན། 2017ལོར་དོན་གྲུབ་ཚེ་རིང་དང་ཆུང་མ་གཉིས་ཀྱིས་གྲོང་ཚོའི་མཉམ་ལས་ཁང་གི་ནོར་གནག40ལྷག་ཙམ་བདག་གཉེར་བྱས་པ་དང་། བུ་ཆེ་བ་རྡོ་རྗེས་མགྲོན་ཁང་གི་གུས་ལུགས་གསོ་སྦྱོང་བྱས་རྗེས། དར་རྩེ་མདོར་མགྲོན་ཁང་ཞིག་ཏུ་ལས་ཀར་ཞུགས་བཞིན་ཡོད། བུ་ཆུང་བ་རྡོ་རྗེ་ནོར་བུ་གྲངས་གཞི་བཤུ་མཁན་གྱི་ལས་ཀར་ཞུགས་ནས་ཁྱིམ་ཚང་གང་པོའི་ལོ་གཅིག་གི་ཡོང་འབབ་སྒོར་ཁྲི4ལྷག་ལ་ཟིན་པས་དབུལ་པོའི་ལམ་བུ་ལས་ཐར་བ་རེད།
      ད་ལོ་སར་ཤར་རན་པས་ཁྱིམ་ལ་བརྙན་འཕྲིན་གསར་པ་ཤིག་བརྗེས་པ་དང་། ལོ་སར་གྱི་ཅ་དངོས་ཀྱང་ཧ་ལམ་གྲ་སྒྲིག་བྱེད་ཚར་ཞེས་དོན་གྲུབ་ཚེ་རིང་གི་གདོང་ལ་འཛུམ་པའི་ཉམས་ཀྱིས་ཁེངས་ནས་དེ་ལྟར་བཤད།
འབའ་ཐང་།
      ཟླ2པའི་ཚེས3ཉིན། འབའ་ཐང་རྫོང་གཙང་ཆེན་རོང་ཤང་རྔ་གླིང་སྟེང་གྲོང་ཚོའི་བྱེད་སྒོ་ཁང་དུ་མཉམ་ལས་ཁང་གི་ཁུག་དམར་བླངས་བཞིན་པའི་སྒང་རེད། དེ་ནི་འབའ་ཐང་རྫོང་གཙང་ཆེན་རོང་ཤང་རྔ་གླིང་སྟེང་གྲོང་ཚོའི་བོད་ཕག་དང་བོད་བྱ་གསོ་བའི་མཉམ་ལས་ཁང་གིས་ལོ་མཇུག་ལ་ཡོང་འབབ་བགོ་བཤའ་བརྒྱབ་པའི་ཁུག་དམར་རེད།
      སྔོན་ཆད་ཕག་གསོས་པ་ནི་ལོ་སར་སྐབས་ཤ་ཟ་རྒྱུ་ཡོད་པ་ཙམ་རེད། དེང་སྐབས་ཕག་གསོས་པ་ནི་ཁྱིམ་ཚང་སོ་སོའི་ཡོང་འབབ་འཕར་བྱེད་ཀྱི་ཕྱུག་འགྱུར་ལམ་བུ་གཙོ་བོ་ཞིག་ཏུ་གྱུར་ཡོད་ཅེས་གཙང་ཆེན་རོང་ཤང་གི་ཏང་ཨུའི་ཧྲུའུ་ཅིས་དེ་ལྟར་བཤད། 2017ལོར་ཁྱོན་བསྡོམས་བོད་ཕག་བཤས་གཏོང་ཚད120ལྷག་ཙམ་དང་། དུད་ཚང་རེར་ཆ་སྙོམས་ཡོང་འབབ་སྒོར6000ལྷག་ལ་ཟིན་པ་རེད།
བྲག་མགོ།
      ཉེ་ཆར། བྲག་མགོ་རྫོང་ཤིས་མདོ་གྲོང་རྡལ་ཚྭ་ནང་གྲོང་ཚོའི་དུད་ཚང77གྱི་རྐང་འཛིན་ཉོ་མི341གིས་གྲོང་གསེབ་ཀྱི་ཐུན་མོང་དཔལ་འབྱོར་ཁྲོད་ནས་ཁེ་སྤོགས་ཀྱི་བྲོ་བ་ཐོག་མར་མྱོང་བ་རེད། མཉམ་སྡེབ་དཔལ་འབྱོར་གྱི་ཡོང་འབབ་སྒོར་ཁྲི6ཐོབ་པར་བརྟེན། ཐུན་མོང་དཔལ་འབྱོར་གྱི་འཐེན་འཇོག་བརྒྱ་ཆའི30ཕུད་རྗེས།  མ་རྐང་གི་མང་ཉུང་ལྟར་སྒོར42000ཀྱི་ཁེ་སྤོགས་བགོ་བཤའ་བརྒྱབ་པ་རེད།
དཀར་མཛེས་ཁུལ་ཡོངས་ཀྱི་བཟོ་ཚོང་སྡེ་ཚན།
      དཔྱིད་གསར་དུས་ཆེན་དང་བོད་ཀྱི་ལོ་སར་སླེབས་ལ་ཉེ་ཤིང་། དཀར་མཛེས་ཁུལ་ཡོངས་ཀྱི་རྒྱ་ཆེའི་འཛད་སྤྱོད་པ་དང་ཡུལ་སྐོར་བར་དུས་ཆེན་རིང་ཐུགས་བློ་བདེ་པོ་དང་འཛད་སྤྱོད་ཁོར་ཡུག་ལེགས་པོ་ཞིག་བསྐྲུན་ཆེད། དཀར་མཛེས་ཁུལ་ཡོངས་ཀྱི་བཟོ་ཚོང་དང་ཁྲོམ་རའི་ལྟ་སྐུལ་དོ་དམ་སྡེ་ཚན་གྱིས་ཁྲོམ་རའི་ཆེད་དོན་བཅོས་སྒྲིག་གི་བྱ་སྤྱོད་སྤེལ་བ་དང་། ནུས་ཤུགས་ཡོད་རྒུས་མང་ཚོགས་ལ་དུས་ཆེན་རིང་གི་འཛད་སྤྱོད་ཚོང་ར་ལ་སྲུང་སྐྱོབ་བྱེད་པ་སྟེ། དཀར་མཛེས་ཁུལ་ཡོངས་ཀྱི་བཟོ་ཚོང་དང་ཁྲོམ་རའི་ལྟ་སྐུལ་དོ་དམ་སྡེ་ཚན་གྱིས་བསྡོམས་པས་གྱོད་དོན་ངོ་གྲངས140གྱོད་ཐག་བཅད་པ་དང་། ཁྲིམས་འགལ་གྱིས་ཕྱིར་འཚོང་བྱེད་པའི་ས་ངོས་འཁོར་སྐར་སྡུད་ཆས་ཀྱི་ནག་ཚང8གཏོར་བ་དང་འཁོར་སྐར་སྡུད་ཆས65ཞིབ་བཤེར་བསྡུ་ལེན་དང་གཞུང་བཞེས་བྱས་པ། གྱོད་དོན8ཐོ་འགོད་བྱས་པ་དང་། ཁྲིམས་འགལ་གྱི་དཔེ་སྐྲུན་དངོས་པོ600དང་པར་གཞི་བརྐུས་པའི་སྒྲ་བརྙན་བཟོ་སྦྱོར200ལྷག་ཙམ་ཞིབ་བཤེར་བསྡུ་ལེན་བྱས་པ་རེད།