ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་མཛུབ་ཁྲིད་དུ་བྱས་ཏེ། ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་གཉིས་འཚམ་མཐུན་ཡོང་པ་བྱ་དགོས། ནུབ་བྱང་དགེ་འོས་སློབ་ཆེན་གྱིས་དགེ་འོས་སློབ་མ་བགྲང་ལས་འདས་པ་བསྐྱངས་པ། གཞིས་རྩེ་གྲོང་ཁྱེར་གྱི་གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་ཚད་སྤྱི་ལེ་ཁྲི་1.7ཟིན་པ། ལོ་རྒྱུས་ཡུན་རིང་ལྡན་པའི་ཞོ་ལེགས་ཀྱི་བོད་ཤོག བོད་ལྗོངས་གཞིས་རྩེས་གླུ་ལེན་གར་འཁྲབ་ཀྱིས་གནམ་ལོ་གསར་པ་བསུ་བ། ལྕགས་ལམ་སྡེ་ཁག་གིས་སྦྲེལ་མཐུད་དྲ་བ་བརྒྱུད་ནས་ཟས་རིགས་མངག་ཉོའི་ཞབས་ཞུ་རིམ་སྤོར་བྱས་ཏེ། མེ་འཁོར་མ་བསྐོར་གོང་གི་ཆུ་ཚོད་གཅིག་གི་སྔོན་དུ་མངག་ཉོ་བྱས་ཆོག་པ། ལྷ་སའི་ཚོགས་འདུ་གཉིས། ལྷ་ས་གྲོང་ཁྱེར་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པར་གྲོས་གཞི་106འབྱོར། ལོ་གསར་གྱི་ཚོང་ར་འཁྲུག་ཆ་དོད་པོར་འགྱུར་བཞིན་ཡོད་པ། ཁྲོན་བོད་ལྕགས་ལམ་ལྷ་ས་ནས་ཉིང་ཁྲི་བར་གྱི་ལམ་བུའི་བསམ་གྲུབ་གླིང་ཕུག་ལམ་ཤར་བགྲོད་ཐུབ་པ། ཧྥ་རན་སེའི་ཙུང་ཐུང་མཱ་ཁེ་ལུང་གིས་དེ་རིང་ནས་བཟུང་རང་རྒྱལ་ལ་རྒྱལ་དོན་འཚམས་འདྲི་བྱེད་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > བོད་ཁུལ་གསར་འགྱུར།

མཚོ་སྔོན་གྱིས"སློབ་གྲྭའི་འབྲེལ་ཐག"རིགས་ཀྱི་ངོ་བོ་འགྱུར་བའི་རིན་བསྡུའི་ལས་སྒོ་མཚམས་འཇོག་བྱས་པ།

སྤེལ་དུས 2018-02-14 ཡོང་ཁུངས། མི་དམངས་དྲ་བ། རྩོམ་པ་པོ། སྙིང་ལྕགས།
          ཉེ་ཆར། གསར་འགོད་པར་མཚོ་སྔོན་ཞིང་ཆེན་གོང་ཚད་ལྟ་སྐུལ་ཞིབ་བཤེར་དང་སྒེར་སྡེམ་ངོ་རྒོལ་ཅུས་ནས་ཤེས་རྟོགས་བྱུང་བར། ཞིང་ཆེན་དེས“སློབ་གྲྭའི་འབྲེལ་ཐག”རིགས་ཀྱི་ངོ་བོ་འགྱུར་བའི་རིན་བསྡུའི་ལས་སྒོ་ཕྱོགས་ཡོངས་ནས་གཏན་འགོག་བྱས་ཏེ་ལོ་ལྟར་ཁྱིམ་བདག་གི་དཔལ་འབྱོར་ཁུར་པོ་ཉུང་མཐར་ཡང་སྒོར་ཁྲི་1000ཡང་དུ་གཏོང་རྒྱུ་ཡིན་པ་རེད།
          ཉེ་དུས་རྒྱལ་སྲིད་སྤྱི་ཁྱབ་ཁང་ལྟ་སྐུལ་ཞིབ་བཤེར་གཞུང་དོན་ཁང་དུ་མཚོ་སྔོན་ཞིང་ཆེན་གྱི་སློབ་གྲྭ་ཁག་གཅིག་གིས་བཙན་ཐབས་སམ་ཡང་ན་ངོ་བོ་གྱུར་ནས་སློབ་མའི་ཁྱིམ་བདག་ལ“སློབ་གྲྭའི་འབྲེལ་ཐག”སོགས་ཀྱི་ལས་སྒོ་གཉེར་དུ་བཅུག་སྟེ་ཟླ་རེར་སྒོར་10བསྡུས་ནས་སློབ་མ་དང་ཁྱིམ་བདག་ལ་དགོས་པ་མེད་པའི་དཔལ་འབྱོར་ཁུར་པོ་བཟོས་པའི་ཐེར་འདོན་ཁ་པར་འབྱོར་བ་རེད།
          མཚོ་སྔོན་ཞིང་ཆེན་གོང་ཚད་ལྟ་སྐུལ་ཅུས་ཀྱིས་ཤེས་རྟོགས་བྱས་པ་བརྒྱུད། “སློབ་གྲྭའི་འབྲེལ་ཐག”རིགས་ཀྱི་ལས་སྒོ་དེས་ཐོག་མར་ཁྱིམ་ཚང་དང་སློབ་གྲྭ་འབྲེལ་བ་བྱེད་རྒྱུར་ཤུགས་སྣོན་རྒྱག་པ་དང་ཆ་འཕྲིན་འབྲེལ་མཐུད་ལ་སྐུལ་འདེད་གཏོང་བ་སོགས་ཐད་དགེ་མཚན་ལྡན་པའི་ནུས་པ་ཐོན་ཡོད་མོད། འོན་ཀྱང་ད་ཆ་ཁྱིམ་བདག་དང་དགེ་རྒན་ཚང་མས་དེའི་ཕན་ནུས་གཙོ་བོ་ཡིན་པའི“ཁྱིམ་ཚང་དང་སློབ་གྲྭ་སྤེལ་རེས”དེ་རིན་མི་དགོས་པའི་མཉེན་ཆས་སྐད་འཕྲིན་དང་QQསོགས་ཀྱིས་ཚབ་བྱས་པའི་སྐོར་བརྗོད་པ་དང་ཁྱིམ་བདག་མང་ཆེ་བ་འདོད་པ་མེད་པའི་ངང་དང་ལེན་བྱེད་དགོས་འདུག་ཅེས་བཤད། བརྟག་ཞིབ་བྱས་ནས་མངོན་པར། འབྲེལ་ཡོད་ལས་སྒོར་སྲིད་འཛིན་སྒེར་སྡེམ་དང་། ཚོང་ལས་ལྐོག་ངན། སྒྲིག་འགལ་གྲོན་བསྡུ་སོགས་ཁྲིམས་འགལ་བྱེད་སྤྱོད་དང་འབྲེལ་བ་ཡོད་པའི་དོགས་པ་ཡོད་པ་རེད།
          ངོ་སྤྲོད་བྱས་པར་གཞིགས་ན། མཚོ་སྔོན་ཞིང་ཆེན་སློབ་གསོ་ཐིང་གིས་ཞིང་ཆེན་ཡོངས་ཀྱི་སློབ་གྲྭར“སློབ་གྲྭའི་འབྲེལ་ཐག”རིགས་ཀྱི་ངོ་བོ་འགྱུར་བའི་རིན་བསྡུའི་ལས་སྒོ་མཚམས་འཇོག་བྱེད་དགོས་པའི་བཀའ་བཏང་ཡོད། དེ་གོང་མཚོ་སྔོན་ཞིང་ཆེན་གྱི“སློབ་གྲྭའི་འབྲེལ་ཐག”རིགས་ཀྱི་ལས་སྒོ་སྤྱོད་མཁན་ཁྲི་10ལྷག་ཙམ་ཟིན་པ་དང་ལས་སྒོ་དེའི་རིགས་མཚམས་འཇོག་བྱས་ནས་ལོ་ལྟར་ཁྱིམ་བདག་གི་ཁུར་པོ་ཉུང་མཐར་ཡང་སྒོར་ཁྲི་1000ཉུང་དུ་འགྲོ་གི་ཡོད་པ་རེད།