ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་མཛུབ་ཁྲིད་དུ་བྱས་ཏེ། ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་གཉིས་འཚམ་མཐུན་ཡོང་པ་བྱ་དགོས། ནུབ་བྱང་དགེ་འོས་སློབ་ཆེན་གྱིས་དགེ་འོས་སློབ་མ་བགྲང་ལས་འདས་པ་བསྐྱངས་པ། གཞིས་རྩེ་གྲོང་ཁྱེར་གྱི་གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་ཚད་སྤྱི་ལེ་ཁྲི་1.7ཟིན་པ། ལོ་རྒྱུས་ཡུན་རིང་ལྡན་པའི་ཞོ་ལེགས་ཀྱི་བོད་ཤོག བོད་ལྗོངས་གཞིས་རྩེས་གླུ་ལེན་གར་འཁྲབ་ཀྱིས་གནམ་ལོ་གསར་པ་བསུ་བ། ལྕགས་ལམ་སྡེ་ཁག་གིས་སྦྲེལ་མཐུད་དྲ་བ་བརྒྱུད་ནས་ཟས་རིགས་མངག་ཉོའི་ཞབས་ཞུ་རིམ་སྤོར་བྱས་ཏེ། མེ་འཁོར་མ་བསྐོར་གོང་གི་ཆུ་ཚོད་གཅིག་གི་སྔོན་དུ་མངག་ཉོ་བྱས་ཆོག་པ། ལྷ་སའི་ཚོགས་འདུ་གཉིས། ལྷ་ས་གྲོང་ཁྱེར་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པར་གྲོས་གཞི་106འབྱོར། ལོ་གསར་གྱི་ཚོང་ར་འཁྲུག་ཆ་དོད་པོར་འགྱུར་བཞིན་ཡོད་པ། ཁྲོན་བོད་ལྕགས་ལམ་ལྷ་ས་ནས་ཉིང་ཁྲི་བར་གྱི་ལམ་བུའི་བསམ་གྲུབ་གླིང་ཕུག་ལམ་ཤར་བགྲོད་ཐུབ་པ། ཧྥ་རན་སེའི་ཙུང་ཐུང་མཱ་ཁེ་ལུང་གིས་དེ་རིང་ནས་བཟུང་རང་རྒྱལ་ལ་རྒྱལ་དོན་འཚམས་འདྲི་བྱེད་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > བོད་ཁུལ་གསར་འགྱུར།

མཚོ་སྔོན་འཐུས་ཚབ་ཚོགས་པས་རི་ཆུ་ནགས་གསུམ་དང་ཞིང་ས། མཚེའུ། རྩྭ་ཐང་བཅས་ཀྱི་སྐྱེ་ཁམས་སྲུང་སྐྱོབ་དང་སླར་གསོའི་ཚོད་གནས་ཁྱབ་ཁོངས་སྔར་ལས་ཆེར་བསྐྱེད་གཏོང་རྒྱུའི་གྲོས་གཞི་བཏོན།

སྤེལ་དུས 2018-03-14 ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན། རྩོམ་པ་པོ། སྒྲོལ་མས་བསྒྲིགས།
           རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་དང་པོར་ཞུགས་པའི་མཚོ་སྔོན་འཐུས་ཚབ་ཚོགས་པས། རི་ཆུ་ནགས་གསུམ་དང་ཞིང་ས། མཚེའུ། རྩྭ་ཐང་བཅས་ཀྱི་སྐྱེ་ཁམས་སྲུང་སྐྱོབ་དང་སླར་གསོའི་ཚོད་གནས་ཁྱབ་ཁོངས་སྔར་ལས་ཆེར་བསྐྱེད་གཏོང་རྒྱུའི་གྲོས་གཞི་བཏོན།
           གྲོས་གཞིའི་ཁྲོད་བཤད་རྒྱུར། མཚོ་སྔོན་གྱི་རྨ་འབྲི་རྫ་གསུམ་འབྱུང་ཡུལ་དང་མདོ་ལ་རི་བོའི་ས་ཁུལ། ཚྭ་འདམ་གཞོང་ས། མཚོ་སྔོན་པོའི་བཞུར་རྒྱུན། རྨ་ཆུའི་སྟོད་རྒྱུད་ཀྱི་གཞོང་ས་བཅས་སྐྱེ་ཁམས་དུམ་མཚམས་ཆེན་མོ་ལྔས། རང་རྒྱལ་གྱི་རི་རྒྱུད་མིང་གྲགས་ཅན་དང་གཙང་བོ་གཙོ་བོ། རང་བྱུང་ཐོན་ཁུངས་འཛོམས་པོ། མི་ཆོས་ལོ་རྒྱུས་བཅས་གཅིག་བསྡུས་སྒོས་མཚོན་ཡོད་ཅིང་། དེས་མཚོ་སྔོན་ཞིང་ཆེན་གྱི་རྒྱ་ཁྱོན་ཧྲིལ་བོའི་བརྒྱ་ཆའི་དགུ་བཅུའི་ཡན་ཟིན་ཡོད་ལ། དུམ་མཚམས་སོ་སོའི་བར་དུ་ཕན་ཚུན་མཐུན་སྦྱོར་སྒོས་ཤུགས་རྐྱེན་གཏོང་གི་ཡོད་པ་དང་། དེས་མདོ་དབུས་མཐོ་སྒང་གི་ཐུན་མོང་མ་ཡིན་པའི་རི་ཆུའི་བཀོད་པ་ཁྱད་དུ་མཚར་བ་བསྐྲུན་ཡོད། མིག་སྔར། མཚོ་སྔོན་གྱི་མདོ་ལ་རི་བོའི་ས་ཁུལ་འདི་ཉིད་རྒྱལ་ཁབ་ཀྱི་ཆེས་སྔུན་མ་བྱས་ཏེ་རི་ཆུ་ནགས་གསུམ་དང་མཚེའུ། རྩྭ་ས་བཅས་ཀྱི་སྐྱེ་ཁམས་སྲུང་སྐྱོབ་དང་སླར་གསོ་བྱེད་གནས་ལ་རྒྱབ་སྐྱོར་བྱེད་པའི་ལས་གཞིའི་ཁྱབ་ཁོངས་ཁྲོད་ཚུད་ཡོད་པ་དང་། ཚོད་ལྟའི་གནས་གཞི་འདི་ཉིད་ཀྱིས་ས་ཁོངས་ནང་ཁུལ་གྱི་རང་བྱུང་སྐྱེ་ཁམས་མ་ལག་སྔར་ལས་ཇེ་བརྟན་དུ་འགྲོ་བ་དང་། མིས་བཟོས་སྐྱེ་ཁམས་མ་ལག་སྔར་ལས་བདེ་ཐང་ཅན་དུ་འཕེལ་བ། དཔལ་འབྱོར་དང་སྤྱི་ཚོགས་མ་ལག ལྗང་མདོག་འཕེལ་རྒྱས་བཅས་ཀྱི་དམིགས་ཚད་སྔར་ལས་ཇེ་ལེགས་སུ་འགྲོ་བ་བཅས་ཀྱི་ཐད་དོན་སྙིང་ཆེན་པོ་ལྡན་པར་མ་ཟད། མཚོ་སྔོན་གྱི་སྔར་ཡོད་སྐྱེ་ཁམས་སྲུང་སྐྱོབ་དང་འཛུགས་སྐྲུན་དགོས་ངེས་བཅོས་སྐྱོང་ཆིག་རྐྱང་ཅན་ནས་ཆ་ཚང་ཅན་གྱི་སྐྱེ་ཁམས་མ་ལག་སྲུང་སྐྱོབ་དང་སླར་གསོའི་ཕྱོགས་སུ་འཕེལ་བར་སྐུལ་འདེད་གཏོང་ཐུབ་ཟེར།