ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་མཛུབ་ཁྲིད་དུ་བྱས་ཏེ། ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་གཉིས་འཚམ་མཐུན་ཡོང་པ་བྱ་དགོས། ནུབ་བྱང་དགེ་འོས་སློབ་ཆེན་གྱིས་དགེ་འོས་སློབ་མ་བགྲང་ལས་འདས་པ་བསྐྱངས་པ། གཞིས་རྩེ་གྲོང་ཁྱེར་གྱི་གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་ཚད་སྤྱི་ལེ་ཁྲི་1.7ཟིན་པ། ལོ་རྒྱུས་ཡུན་རིང་ལྡན་པའི་ཞོ་ལེགས་ཀྱི་བོད་ཤོག བོད་ལྗོངས་གཞིས་རྩེས་གླུ་ལེན་གར་འཁྲབ་ཀྱིས་གནམ་ལོ་གསར་པ་བསུ་བ། ལྕགས་ལམ་སྡེ་ཁག་གིས་སྦྲེལ་མཐུད་དྲ་བ་བརྒྱུད་ནས་ཟས་རིགས་མངག་ཉོའི་ཞབས་ཞུ་རིམ་སྤོར་བྱས་ཏེ། མེ་འཁོར་མ་བསྐོར་གོང་གི་ཆུ་ཚོད་གཅིག་གི་སྔོན་དུ་མངག་ཉོ་བྱས་ཆོག་པ། ལྷ་སའི་ཚོགས་འདུ་གཉིས། ལྷ་ས་གྲོང་ཁྱེར་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པར་གྲོས་གཞི་106འབྱོར། ལོ་གསར་གྱི་ཚོང་ར་འཁྲུག་ཆ་དོད་པོར་འགྱུར་བཞིན་ཡོད་པ། ཁྲོན་བོད་ལྕགས་ལམ་ལྷ་ས་ནས་ཉིང་ཁྲི་བར་གྱི་ལམ་བུའི་བསམ་གྲུབ་གླིང་ཕུག་ལམ་ཤར་བགྲོད་ཐུབ་པ། ཧྥ་རན་སེའི་ཙུང་ཐུང་མཱ་ཁེ་ལུང་གིས་དེ་རིང་ནས་བཟུང་རང་རྒྱལ་ལ་རྒྱལ་དོན་འཚམས་འདྲི་བྱེད་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > བོད་ཁུལ་གསར་འགྱུར།

མཚོ་ལྷོ་ཁུལ་གྱིས་མ་དངུལ་སྒོར་དུང་ཕྱུར31བཏང་ནས་དམངས་ཀྱི་དོན་དུ་བྱ་གཞག་བསྐྲུན་རྒྱུ་རེད།

སྤེལ་དུས 2018-03-19 ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན། རྩོམ་པ་པོ། སྒྲོལ་མས་བསྒྲིགས།
            ད་ལོར། མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱིས་མ་དངུལ་སྒོར་དུང་ཕྱུར31སྡེབ་སྒྲིག་བྱས་ཏེ། སྔར་ལས་ལྷག་པའི་སྒོ་ནས་དམངས་ཚིས་བཟོ་སྐྲུན་ཤུགས་ཚད་ཇེ་ཆེར་གཏོང་བ་དང་། རོང་འབྲོག་ཁུལ་གྱི་ཆུ་གློག་ལམ་གསུམ་སོགས་རྨང་གཞིའི་སྒྲིག་ཆས་མུ་མཐུད་དུ་འཐུས་ཚང་དུ་གཏོང་བ། མང་ཚོགས་ཀྱི་སློབ་ཞུགས་དང་ལས་ཞུགས། ཁང་བའི་ནང་སྡོད་དཀའ་བའི་གནད་དོན་ཐག་གཅོད་བྱེད་པ། དེང་རབས་ཞིང་ཕྱུགས་ལས་འཕེལ་རྒྱས་ལ་སྐུལ་འདེད་དང་སྐྱེ་ཁམས་སྲུང་སྐྱོབ་འཛུགས་སྐྲུན། དབུལ་སྐྱོར་གསར་སྤེལ། ལས་སྐྲུན་ཡོང་འབབ་འཕར་སྣོན་སོགས་ཕྱོགས་ཀྱི་དམངས་ཚིས་བཟོ་སྐྲུན20ལག་བསྟར་བྱེད་རྒྱུ་རེད།
            རྒྱུས་ལོན་བྱུང་བ་ལྟར་ན། མིག་སྔར། མཚོ་ལྷོ་ཁུལ་གྱིས་རྨང་གཞིའི་སྒྲིག་ཆས་འཛུགས་སྐྲུན་བཟོ་སྐྲུན་ཆེན་པོ་སྐོར་ཞིག་ལག་བསྟར་འཆར་འགོད་བྱེད་པར་ཤུགས་སྣོན་བྱེད་བཞིན་ཡོད་ཅིང་། མཐོ་སྒང་གི་མཛེས་པའི་ཞིང་སྡེ་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་གཏོང་བ་དང་འཐུང་ཆུའི་བདེ་འཇགས་སྲ་བརྟན་མཐོར་འདེགས་ལག་བསྟར་བྱེད་པ་གཉིས་འདུ་ལ། མི་གྲངས་ཁྲི1.15ཡི་ཁྱིམ་ཚང་ལ་ཐོན་ལས་རོགས་སྐྱོར་བྱེད་པ་དང་། དབུལ་ཕོངས་ཁྱིམ་ཚང50ཡི་ཡུལ་གཞན་དབུལ་སྐྱོར་གནས་སྤོར་གཙོ་གནད་དུ་བཟུང་ནས་ལག་བསྟར་བྱེད་པ། ཞིང་ལས་ཕྱོགས་བསྡུས་གསར་སྤེལ་དང་། ཞིང་སྡེའི་ཁོར་ཡུག་ཕྱོགས་བསྡུས་བཅོས་སྐྱོང་དང་སྲིད་འཛིན་སྡེ་བ་བརྒྱ་དང་གོ་བརྒྱད་ལ་དྲ་ཆེན་ཤར་གཏོང་ཐུབ་པའི་འཛུགས་སྐྲུན་སོགས་ལས་གཞི་ལག་བསྟར་བྱེད་བཞིན་ཡོད་པ་རེད།
            དེ་ལས་གཞན། འགྲིམ་འགྲུལ་ཕྱིར་བགྲོད་ཆ་རྐྱེན་ལེགས་སྒྱུར་དང་འཚོ་བའི་ཁོར་ཡུག་སྤུས་ཚད་མཐོར་འདེགས། ལས་ཞུགས་ལ་སྐུལ་འདེད་དང་ལས་སྐྲུན་ལ་རྒྱབ་སྐྱོར། སྤྱི་ཚོགས་འགན་སྲུང་ཆུ་ཚད་མཐོར་འདེགས་དང་སྨན་བཅོས་ནུས་པ་ཇེ་ཆེར་གཏོང་བ། སློབ་གསོ་དོ་སྙོམས་འཕེལ་རྒྱས་ལ་སྐུལ་འདེད་དང་དབུལ་སྐྱོར་མཁྲེགས་གཏོར་ཇེ་མགྱོགས་སུ་གཏོང་བ། ཡུལ་སྐོར་རྨང་གཞིའི་སྒྲིག་ཆས་འཛུགས་སྐྲུན་ཇེ་ཆེར་གཏོང་བ་དང་སྡེ་བ་རིམ་པའི་ཕྱོགས་བསྡུས་རིག་གནས་ཞབས་ཞུ་ལྟེ་གནས་འཛུགས་སྐྲུན་བྱེད་པ་སོགས་ཀྱང་ད་ལོའི་མཚོ་ལྷ་ཁུལ་གྱི་དམངས་ཚིས་བཟོ་སྐྲུན་ལག་བསྟར་བྱེད་པའི་བྱ་བ་གཙོ་བོ་ཡིན་པ་རེད།