ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་མཛུབ་ཁྲིད་དུ་བྱས་ཏེ། ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་གཉིས་འཚམ་མཐུན་ཡོང་པ་བྱ་དགོས། ནུབ་བྱང་དགེ་འོས་སློབ་ཆེན་གྱིས་དགེ་འོས་སློབ་མ་བགྲང་ལས་འདས་པ་བསྐྱངས་པ། གཞིས་རྩེ་གྲོང་ཁྱེར་གྱི་གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་ཚད་སྤྱི་ལེ་ཁྲི་1.7ཟིན་པ། ལོ་རྒྱུས་ཡུན་རིང་ལྡན་པའི་ཞོ་ལེགས་ཀྱི་བོད་ཤོག བོད་ལྗོངས་གཞིས་རྩེས་གླུ་ལེན་གར་འཁྲབ་ཀྱིས་གནམ་ལོ་གསར་པ་བསུ་བ། ལྕགས་ལམ་སྡེ་ཁག་གིས་སྦྲེལ་མཐུད་དྲ་བ་བརྒྱུད་ནས་ཟས་རིགས་མངག་ཉོའི་ཞབས་ཞུ་རིམ་སྤོར་བྱས་ཏེ། མེ་འཁོར་མ་བསྐོར་གོང་གི་ཆུ་ཚོད་གཅིག་གི་སྔོན་དུ་མངག་ཉོ་བྱས་ཆོག་པ། ལྷ་སའི་ཚོགས་འདུ་གཉིས། ལྷ་ས་གྲོང་ཁྱེར་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པར་གྲོས་གཞི་106འབྱོར། ལོ་གསར་གྱི་ཚོང་ར་འཁྲུག་ཆ་དོད་པོར་འགྱུར་བཞིན་ཡོད་པ། ཁྲོན་བོད་ལྕགས་ལམ་ལྷ་ས་ནས་ཉིང་ཁྲི་བར་གྱི་ལམ་བུའི་བསམ་གྲུབ་གླིང་ཕུག་ལམ་ཤར་བགྲོད་ཐུབ་པ། ཧྥ་རན་སེའི་ཙུང་ཐུང་མཱ་ཁེ་ལུང་གིས་དེ་རིང་ནས་བཟུང་རང་རྒྱལ་ལ་རྒྱལ་དོན་འཚམས་འདྲི་བྱེད་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > བོད་ཁུལ་གསར་འགྱུར།

མཚོ་སྔོན་གྱི་འཐུས་ཚབ་ཚོགས་པས་མཚོ་སྔོན་གྱི་སྐྱེ་ཁམས་ཁ་གསབ་མ་དངུལ་གཏོང་ཤུགས་དང་སྲིད་ཇུས་ཀྱིས་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་རྒྱུའི་གྲོས་གཞི་བཏོན།

སྤེལ་དུས 2018-03-20 ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན། རྩོམ་པ་པོ། སྒྲོལ་མས་བསྒྲིགས།
           རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་དང་པོར་ཞུགས་པའི་མཚོ་སྔོན་གྱི་འཐུས་ཚབ་ཚོགས་པས། སྔར་ལས་ལྷག་པའི་སྒོ་ནས་མཚོ་སྔོན་གྱི་སྐྱེ་ཁམས་ཁ་གསབ་མ་དངུལ་གཏོང་ཤུགས་དང་སྲིད་ཇུས་ཀྱིས་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་རྒྱུའི་གྲོས་གཞི་བཏོན།
           གྲོས་གཞིའི་ཁྲོད་བསྟན་དོན། 2010ལོ་ནས་བཟུང་། མཚོ་སྔོན་ཞིང་ཆེན་གྱིས་སྐྱེ་ཁམས་བྱེད་ནུས་ཁུལ་གཙོ་བོའི་སྤོ་སྒྱུར་གཏོང་སྤྲོད་མ་དངུལ་བཀོལ་སྤྱོད་བྱས་ཏེ་རྨ་འབྲི་རྫ་གསུམ་འབྱུང་ཡུལ་གྱི་སྐྱེ་ཁམས་ཁ་གསབ་སྲིད་ཇུས་ལག་བསྟར་བྱེད་མགོ་བརྩམས་པ་དང་། མིག་སྔའི་བར་དུ། རིགས་སོ་སོའི་སྐྱེ་ཁམས་ཁ་གསབ་སྲིད་ཇུས་མ་དངུལ་སྒོར་ཐེར་འབུམ་བཞི་དང་དུང་ཕྱུར་དྲུག་བཀོད་སྒྲིག་བྱས་ཟིན་ལ། སྲིད་ཇུས་འདི་དག་ལག་བསྟར་བྱས་པ་དེས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ལ་སྐུལ་འདེད་བྱེད་པའི་དུས་མཉམ་དུ་ནུས་ཡོད་སྒོས་རོང་འབྲོག་མང་ཚོགས་ཀྱི་གཞི་རྩའི་འཚོ་བའི་ཆ་རྐྱེན་ལེགས་སྒྱུར་བྱས་པ་དང་། ས་ཁུལ་སོ་སོའི་སྤྱི་ཐུན་ཞབས་ཞུའི་གཞི་རྩའི་ནུས་པ་མཐོར་འདེགས་བྱས། སྤྱིའི་ཆ་ནས་བལྟས་ན། མཚོ་སྔོན་ཞིང་ཆེན་གྱི་སྐྱེ་ཁམས་སྲུང་སྐྱོབ་ཀྱི་ཁ་གསབ་ཁྱབ་ཁོངས་སྔར་བཞིན་ཆུང་བ་དང་ཚད་གཞི་དམའ་བར་མ་ཟད། སྲུང་སྐྱོབ་པ་དང་ཕན་པ་ཐོབ་མཁན་གྱི་ཕན་ཚུན་སྐུལ་ཁྲིད་བྱེད་པའི་སྒྲིག་སྲོལ་དང་རྐྱེན་སྲོལ་ད་དུང་འཐུས་ཚང་མིན་པ་དེ་སྣ་མང་ཅན་གྱི་ཁ་གསབ་བྱེད་ཐབས་ད་དུང་ཆགས་མེད་པའི་སྟེང་ནས་མངོན་གསལ་འབུར་ཐོན་ཡིན་པ་དང་། ཁ་གསབ་འབྲེལ་བ་དེ་ཀྲུང་དབྱང་ནས་གོང་འོག་ཁ་གསབ་བྱེད་པ་གཙོ་བོ་ཡིན་ལ། མ་དངུལ་ཡོང་ཁུངས་སྣ་གཅིག་ཡིན་པ་དང་། ཁ་གསབ་མ་ལག་ད་དུང་འཐུས་ཚང་མིན་པ། ཁ་གསབ་ཁྱབ་ཁོངས་དང་ཁེབས་ཚད་ཆུང་བ། ཁ་གསབ་ཚད་གཞི་དམའ་བ། རྒྱུན་མཐུད་བརྟན་འཇགས་ཀྱི་གྲོན་དངུལ་ཡོང་ཁུངས་མེད་པ་རེད།
           དེ་བས། མཚོ་སྔོན་གྱི་འཐུས་ཚབ་ཚོགས་པས་མུ་མཐུད་དུ་མཚོ་སྔོན་ཞིང་ཆེན་གྱི་སྐྱེ་ཁམས་བྱེད་ནུས་ཁུལ་གཙོ་བོའི་སྤོ་སྒྱུར་གཏོང་སྤྲོད་ཤུགས་ཚད་ཇེ་ཆེར་བཏང་སྟེ། སྐྱེ་ཁམས་སྤྱི་ཕན་དོ་དམ་སྲུང་སྐྱོབ་ལས་གནས་ལ་ཆེད་སྤྱོད་ཁ་གསབ་རོགས་དངུལ་སྟེར་བ་དང་། ཀྲུང་དབྱང་གི་སྐྱེ་ཁམས་ཁ་གསབ་སྲིད་ཇུས་འཐུས་ཚང་དུ་བཏང་སྟེ། འཚོལ་ཞིབ་དང་ཞིབ་འཇུག་བྱས་ནས་ཁ་གསབ་རྐྱེན་སྲོལ་གསར་བ་ཞིག་འཛུགས་སྐྲུན་བྱེད་རྒྱུའི་གྲོས་གཞི་བཏོན།