ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་མཛུབ་ཁྲིད་དུ་བྱས་ཏེ། ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་གཉིས་འཚམ་མཐུན་ཡོང་པ་བྱ་དགོས། ནུབ་བྱང་དགེ་འོས་སློབ་ཆེན་གྱིས་དགེ་འོས་སློབ་མ་བགྲང་ལས་འདས་པ་བསྐྱངས་པ། གཞིས་རྩེ་གྲོང་ཁྱེར་གྱི་གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་ཚད་སྤྱི་ལེ་ཁྲི་1.7ཟིན་པ། ལོ་རྒྱུས་ཡུན་རིང་ལྡན་པའི་ཞོ་ལེགས་ཀྱི་བོད་ཤོག བོད་ལྗོངས་གཞིས་རྩེས་གླུ་ལེན་གར་འཁྲབ་ཀྱིས་གནམ་ལོ་གསར་པ་བསུ་བ། ལྕགས་ལམ་སྡེ་ཁག་གིས་སྦྲེལ་མཐུད་དྲ་བ་བརྒྱུད་ནས་ཟས་རིགས་མངག་ཉོའི་ཞབས་ཞུ་རིམ་སྤོར་བྱས་ཏེ། མེ་འཁོར་མ་བསྐོར་གོང་གི་ཆུ་ཚོད་གཅིག་གི་སྔོན་དུ་མངག་ཉོ་བྱས་ཆོག་པ། ལྷ་སའི་ཚོགས་འདུ་གཉིས། ལྷ་ས་གྲོང་ཁྱེར་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པར་གྲོས་གཞི་106འབྱོར། ལོ་གསར་གྱི་ཚོང་ར་འཁྲུག་ཆ་དོད་པོར་འགྱུར་བཞིན་ཡོད་པ། ཁྲོན་བོད་ལྕགས་ལམ་ལྷ་ས་ནས་ཉིང་ཁྲི་བར་གྱི་ལམ་བུའི་བསམ་གྲུབ་གླིང་ཕུག་ལམ་ཤར་བགྲོད་ཐུབ་པ། ཧྥ་རན་སེའི་ཙུང་ཐུང་མཱ་ཁེ་ལུང་གིས་དེ་རིང་ནས་བཟུང་རང་རྒྱལ་ལ་རྒྱལ་དོན་འཚམས་འདྲི་བྱེད་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > བོད་ཁུལ་གསར་འགྱུར།

སྐབས་བཅུ་གསུམ་པའི་ཁྲི་ཀའི་རྨ་ཆུ་རིག་གནས་ཡུལ་སྐོར་དུས་ཆེན་སྤེལ་འགོ་བརྩམས་པ།

སྤེལ་དུས 2018-04-16 ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ། རྩོམ་པ་པོ། སྒྲོལ་མས་བསྒྲིགས།
 






                   
        
          ཟླ4བའི་ཚེས13ཉིན། ཀུན་གྱིས་དོ་སྣང་བྱེད་བཞིན་པའི2018ལོའི་སྐབས་བཅུ་གསུམ་པའི་མཚོ་སྔོན་ཁྲི་ཀའི་རྨ་ཆུ་རིག་གནས་ཡུལ་སྐོར་དུས་ཆེན་མཚོ་ལྷོ་ཁུལ་ཁྲི་ཀ་རྫོང་གི་ཆུ་འཁོར་ཐང་ཆེན་དུ་དངོས་སུ་སྤེལ་འགོ་བརྩམས།















          ཉེ་བའི་ལོ་འགའི་རིང་ལ། ཁྲི་ཀ་རྫོང་གིས་ཐུན་མོང་མ་ཡིན་པའི་སྐྱེ་ཁམས་ཐོན་ཁུངས་ལ་བརྟེན་ནས། དགུན་དུས་རྨ་ཆུར་རྐྱལ་བའི་གདན་ཞུ་འགྲན་བསྡུར་དང་། རྒྱལ་སྤྱིའི་ལྕགས་རྟ་འགྲན་བསྡུར། རིག་གནས་སྒྱུ་རྩལ་འགྲེམ་སྟོན་སོགས་གཞི་ཁྱོན་ལྡན་ཞིང་ཆུ་ཚད་ཡོད་པ། ཤུགས་རྐྱེན་ཆེ་པའི་ལུས་རྩལ་བྱ་འགུལ་རབ་དང་རིམ་པ་སྤེལ་ཏེ། ཕྱི་ཡུལ་གྱིས་ཁྲི་ཀར་རྒྱུས་ལོན་བྱེད་པ་དང་། ཤེས་རྟོགས་བྱེད་པ། ལྟ་སྐོར་བྱེད་པ། དངུལ་གཏོང་བྱེད་པའི་ཐབས་ལམ་རྒྱ་བསྐྱེད་པ་དང་ཆབས་ཅིག ཁྲི་ཀ་རྫོང་གིས་སིལ་སྡོང་མེ་ཏོག་འདི་ལ་བརྟེན་ནས། ས་ཁོངས་ཀྱི་ཁྱད་ཆོས་དང་། མི་རིགས་རིག་གནས་སོགས་གཙོར་བཟུང་སྟེ་དྲིལ་སྒྲོག་རྒྱ་ཆེར་སྤེལ་ཞིང་། མི་དམངས་ཕྱུག་སྒྱུར་བྱེད་པའི་བཟོ་སྐྲུན་འཐབ་ཇུས་ཀྱི་སྤུས་ཚད་མཐོར་འདེགས་དང་། དམངས་སྲོལ་རིག་གནས་ཡུལ་སྐོར་ཚོད་ལྟ་ཁུལ་འཛུགས་སྐྲུན་བྱེད་པ། ཡུལ་སྐོར་ཆ་སྡེབ་ཞབས་ཞུ་འཛུགས་སྐྲུན་འཐུས་ཚང་དུ་གཏོང་བ། དུས་ཆེན་སྐབས་ཀྱི་འགྲན་བསྡུར་བྱ་འགུལ་འཆར་འགོད་བྱེད་པ། ལྗོངས་རྒྱུ་ཁུལ་གྱི་མཛེས་ལྗོངས་ཡུལ་སྐོར་ལམ་ཐིག་ཇེ་ལེགས་སུ་གཏོང་བ་སོགས་ཡུལ་སྐོར་ཐོན་ལས་གོང་དུ་སྤེལ་ཏེ། ཞིང་ཆེན་རིམ་པའི་ཡུལ་སྐོར་ཕྱོགས་བསྡུས་གསར་སྤེལ་ཚོད་ལྟ་ཁུལ་འཛུགས་སྐྲུན་བྱེད་ཚད་ཇེ་མགྱོགས་སུ་གཏོང་བར་ཤུགས་སྣོན་བྱེད་བཞིན་ཡོད།