ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་མཛུབ་ཁྲིད་དུ་བྱས་ཏེ། ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་གཉིས་འཚམ་མཐུན་ཡོང་པ་བྱ་དགོས། ནུབ་བྱང་དགེ་འོས་སློབ་ཆེན་གྱིས་དགེ་འོས་སློབ་མ་བགྲང་ལས་འདས་པ་བསྐྱངས་པ། གཞིས་རྩེ་གྲོང་ཁྱེར་གྱི་གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་ཚད་སྤྱི་ལེ་ཁྲི་1.7ཟིན་པ། ལོ་རྒྱུས་ཡུན་རིང་ལྡན་པའི་ཞོ་ལེགས་ཀྱི་བོད་ཤོག བོད་ལྗོངས་གཞིས་རྩེས་གླུ་ལེན་གར་འཁྲབ་ཀྱིས་གནམ་ལོ་གསར་པ་བསུ་བ། ལྕགས་ལམ་སྡེ་ཁག་གིས་སྦྲེལ་མཐུད་དྲ་བ་བརྒྱུད་ནས་ཟས་རིགས་མངག་ཉོའི་ཞབས་ཞུ་རིམ་སྤོར་བྱས་ཏེ། མེ་འཁོར་མ་བསྐོར་གོང་གི་ཆུ་ཚོད་གཅིག་གི་སྔོན་དུ་མངག་ཉོ་བྱས་ཆོག་པ། ལྷ་སའི་ཚོགས་འདུ་གཉིས། ལྷ་ས་གྲོང་ཁྱེར་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པར་གྲོས་གཞི་106འབྱོར། ལོ་གསར་གྱི་ཚོང་ར་འཁྲུག་ཆ་དོད་པོར་འགྱུར་བཞིན་ཡོད་པ། ཁྲོན་བོད་ལྕགས་ལམ་ལྷ་ས་ནས་ཉིང་ཁྲི་བར་གྱི་ལམ་བུའི་བསམ་གྲུབ་གླིང་ཕུག་ལམ་ཤར་བགྲོད་ཐུབ་པ། ཧྥ་རན་སེའི་ཙུང་ཐུང་མཱ་ཁེ་ལུང་གིས་དེ་རིང་ནས་བཟུང་རང་རྒྱལ་ལ་རྒྱལ་དོན་འཚམས་འདྲི་བྱེད་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > བོད་ཁུལ་གསར་འགྱུར།

མཚོ་སྔོན་ནས་རི་དྭགས་ལྐོག་རྔོན་གྱི་གྱོད་གཞི་ཞིག་རྩད་ཆོད་བྱུང་།

སྤེལ་དུས 2018-04-16 ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན་དྲ་བ། རྩོམ་པ་པོ། སྒྲོལ་མས་བསྒྲིགས།
           ཟླ་༤པའི་ཚེས་༡༢ཉིན། མཚོ་སྔོན་ཞིང་ཆེན་ན་གོར་མོ་ནགས་ཚལ་སྤྱི་བདེ་ཡིས་བརྡ་ཁྱབ་སྤེལ་ཏེ། ས་གནས་དེ་གའི་ནགས་ཚལ་སྤྱི་བདེ་ཡིས་ཟླ་༣ ཚེས་༨ ཉིན་ན་གོར་མོ་གྲོང་ཁྱེར་ཀུའོ་ལེ་མུའུ་ཏེ་གྲོང་རྡལ་ནས་ཁྲིམས་འགལ་ངང་རྔོན་རྒྱག་པ་དང་། རྒྱུད་ཆད་ལ་ཉེ་བའི་རི་སྐྱེས་སྲོག་ཆགས་རྩ་ཆེན་གྱི་རིགས་བསད་པ། ཁྲིམས་འགལ་གྱིས་རི་སྐྱེས་སྲོག་ཆགས་དང་རི་སྐྱེས་སྲོག་ཆགས་ཀྱིས་བཟོས་པའི་ཐོན་རྫས་ཉོ་སྒྲུབ་དང་སྐྱེལ་འདྲེན་བྱེད་པ། དེ་བཞིན་ཁྲིམས་འགལ་གྱིས་མེ་མདའ་དང་རྫས་མདེལ་ཉར་བའི་གྱོད་གཞི་ཞིག་རྩད་ཆོད་བྱུང་ཡོད་པ་དང་། ས་གནས་དེ་གར་དོགས་ཡོད་ཉེས་ཅན་མི་༣དང་། རྒྱལ་ཁབ་ཀྱི་རིམ་པ་དང་པོའི་རྩ་ཆེའི་སྲུང་སྐྱོང་རི་སྐྱེས་སྲོག་ཆགས་གསའ་གཉིས། རྐྱང་པགས་གཅིག རྒྱལ་ཁབ་ཀྱི་རིམ་པ་གཉིས་པའི་སྲུང་སྐྱོབ་སྲོག་ཆགས་དབྱི་དཀར་གྱི་པགས་པ་དགུ། དྲེད་མོང་གི་མཁྲིས་ཁུ་ཤེལ་དམ་གཉིས་དང་སྲུང་སྐྱོང་སྲོག་ཆགས་སྤྱང་ཀི་གཅིག་བཅས་ཡོད་པ་ཁྱབ་བསྒྲགས་བྱས་ཡོད།
           དེའི་རྗེས་སུ་མི་དམངས་ཉེན་རྟོག་པས་ཁུངས་སྣེ་གཞིར་བཟུང་སྟེ་འཛིན་བཟུང་བྱ་སྤྱོད་སྤེལ་བ་དང་། ད་ལྟའི་བར་དོགས་ཡོད་ཉེས་ཅན་༨ འཛིན་བཟུང་བྱས་ཡོད་ཅིང་། ཚང་མ་ཁྲིམས་བཀོད་གོ་རིམ་ལྟར་བཙན་ཐབས་ཀྱིས་ཉེས་དོན་བཀག་ཉར་བྱས་ཡོད་པ་རེད།

           འདྲི་ཞིབ་བྱས་པ་བརྒྱུད་དོགས་ཡོད་ཉེས་ཅན་མི་༨ཀྱིས་རང་ཉིད་ཀྱི་ཁྲིམས་འགལ་རྔོན་རྒྱག་དང་རྒྱུད་ཆད་ལ་ཉེ་བའི་རི་སྐྱེས་སྲོག་ཆགས་རྩ་ཆེན་གྱི་རིགས་བསད་པ། ཁྲིམས་འགལ་གྱིས་རྩ་ཆེའི་རི་སྐྱེས་སྲོག་ཆགས་དང་རྒྱུད་ཆད་ལ་ཉེ་བའི་རི་སྐྱེས་སྲོག་ཆགས་ཀྱིས་བཟོས་པའི་ཐོན་རྫས་ཉོ་སྒྲུབ་དང་སྐྱེལ་འདྲེན།  ཕྱིར་འཚོང་བྱས་པ། དེ་བཞིན་ཁྲིམས་འགལ་གྱིས་མེ་མདའ་དང་རྫས་མདེལ་ཉར་བ་བཅས་ཀྱི་ཉེས་གསོག་བྱ་སྤྱོད་ངོས་ལེན་བྱས་ཡོད་པ་དང་། ད་ལྟ་དོགས་ཡོད་ཉེས་ཅན་༧ནི་འཛིན་འདོན་དུས་རིམ་སུ་སླེབས་ཡོད་པ་དང་༡ནི་བཙན་ཤེད་བྱ་ཐབས་ཀྱིས་ཉེས་དོན་བཀག་ཉར་བྱས་ཡོད། 
           གྱོད་གཞི་དེ་མུ་མཐུད་དུ་རྩད་ཞིབ་གཏིང་ཟབ་བྱེད་ཀྱི་ཡོད་པ་རེད།