ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་མཛུབ་ཁྲིད་དུ་བྱས་ཏེ། ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་གཉིས་འཚམ་མཐུན་ཡོང་པ་བྱ་དགོས། ནུབ་བྱང་དགེ་འོས་སློབ་ཆེན་གྱིས་དགེ་འོས་སློབ་མ་བགྲང་ལས་འདས་པ་བསྐྱངས་པ། གཞིས་རྩེ་གྲོང་ཁྱེར་གྱི་གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་ཚད་སྤྱི་ལེ་ཁྲི་1.7ཟིན་པ། ལོ་རྒྱུས་ཡུན་རིང་ལྡན་པའི་ཞོ་ལེགས་ཀྱི་བོད་ཤོག བོད་ལྗོངས་གཞིས་རྩེས་གླུ་ལེན་གར་འཁྲབ་ཀྱིས་གནམ་ལོ་གསར་པ་བསུ་བ། ལྕགས་ལམ་སྡེ་ཁག་གིས་སྦྲེལ་མཐུད་དྲ་བ་བརྒྱུད་ནས་ཟས་རིགས་མངག་ཉོའི་ཞབས་ཞུ་རིམ་སྤོར་བྱས་ཏེ། མེ་འཁོར་མ་བསྐོར་གོང་གི་ཆུ་ཚོད་གཅིག་གི་སྔོན་དུ་མངག་ཉོ་བྱས་ཆོག་པ། ལྷ་སའི་ཚོགས་འདུ་གཉིས། ལྷ་ས་གྲོང་ཁྱེར་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པར་གྲོས་གཞི་106འབྱོར། ལོ་གསར་གྱི་ཚོང་ར་འཁྲུག་ཆ་དོད་པོར་འགྱུར་བཞིན་ཡོད་པ། ཁྲོན་བོད་ལྕགས་ལམ་ལྷ་ས་ནས་ཉིང་ཁྲི་བར་གྱི་ལམ་བུའི་བསམ་གྲུབ་གླིང་ཕུག་ལམ་ཤར་བགྲོད་ཐུབ་པ། ཧྥ་རན་སེའི་ཙུང་ཐུང་མཱ་ཁེ་ལུང་གིས་དེ་རིང་ནས་བཟུང་རང་རྒྱལ་ལ་རྒྱལ་དོན་འཚམས་འདྲི་བྱེད་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > བོད་ཁུལ་གསར་འགྱུར།

ཐེམ་ཆེན་རྫོང་གིས་སྐབས་གཉིས་པའི་དགོན་སྡེའི་དྲིལ་སྒྲོག་སློབ་གསོའི་ཤེས་བྱའི་འགྲན་སྡུར་སྤེལ་བ།

སྤེལ་དུས 2018-05-17 ཡོང་ཁུངས། མཚོ་སྔོན་པོ་དྲ་བ། རྩོམ་པ་པོ། དོན་གྲུབ་ཚེ་རིང་། བོང་སྟག་རི་ལུ། འབྲུག་ལྷ།

ཚོགས་རའི་ཡུལ་དངོས།

དཔྱད་འདེམ་པ་རྣམ་པ།

བྱ་དགའ་ཐོབ་པའི་འཐུས་ཚབ་པ།

མཉམ་པར།
           ཏང་གི་ཚོགས་ཆེན་བཅུ་དགུ་བའི་དགོངས་དོན་ལག་ལེན་དོན་འཁྱོལ་བྱེད་པ་དང་། གུང་ཁྲན་ཏང་བཟང་བ་དང་། སྤྱི་ཁྱབ་ཧྲུའུ་ཅི་བཟང་བ། ཏང་གི་ཁ་ལ་ཉན་ཏེ།ཏང་གི་རྗེས་སུ་འབྲངས་ཞེས་པའི་དྲིལ་སྒྲོག་སློབ་གསོ་དར་སྤེལ་དང་། དགོན་སྡེའི་གྲྭ་བཙུན་དག་གི་སྣ་འཛོམས་རང་བཞིན་གྱི་ཤེས་བྱ་མཐོར་འདེགས་གཏོང་ཆེད་དུ། ཉེ་ཆར། ཐེམ་ཆེན་རྫོང་ཨུའི་འཐབ་ཕྱོགས་གཅིག་གྱུར་པུའུ་ཡིས་གཙོ་སྒྲུབ་བྱས་པའི་ཐེམ་ཆེན་རྫོང་གི་སྐབས་གཉིས་པའི་བོད་བརྒྱུད་ནང་བསྟན་དགོན་སྡེའི་དྲིལ་སྒྲོག་སློབ་གསོའི་ཤེས་བྱའི་འགྲན་སྡུར་ཐེམ་ཆེན་རྫོང་དུ་སྤེལ།
           ཐེངས་འདིའི་འགྲན་སྡུར་ལ་ཐེམ་ཆེན་རྫོང་གི་འབྲེལ་ཡོད་ལས་ཁུངས་ཀྱི་འགོ་ཁྲིད་དག་གཙོ་བྱས་ཏེ། རྫོང་ཡོངས་ཀྱི་དགོན་པ་དགུ་ཡི་འཐུས་ཚབ་འགྲན་ཞུགས་མི་སྣ་ཉེར་བདུན་དང་། ཟུར་ཞུགས་གྲྭ་བཙུན་དང་མང་ཚོགས་བརྒྱ་ལྷག་ཞུགས་ཡོད་ལ། ཤེས་བྱའི་འགྲན་སྡུར་གྱི་ནང་དོན་ལ་ཆོས་ལུགས་དང་། སྲིད་ཇུས། ཁྲིམས་ལུགས། སློབ་གསོ་སོགས་ཀྱི་ནང་དོན་ཕུན་སུམ་ཚོགས་པ་དང་། མི་སྒེར་གྱིས་དྲི་བར་དྲིས་ལན་འདེབས་པ་དང་། འཕྲོག་ལན་འདེབས་པ་སོགས་ཀྱི་བརྒྱུད་རིམ་བརྒྱུད་ནས་མཐའ་འཇུག་འབྲུག་ཁྱུང་དགོན་པ་ལ་བྱ་དགའ་ཨང་དང་པོ་དང་། བྲ་ཚ་དགོན་པ་ལ་བྱ་དགའ་ཨང་གཉིས་པ། བོང་སྟག་དགོན་པ་ལ་བྱ་དགའ་ཨང་གསུམ་པ། སེང་མོ་དགོན་པ་ལ་རྩ་འཛུགས་བྱ་དགའ་སོགས་ཐོབ།
           དེ་ཡང་རྒྱུས་ལོན་པ་ལྟར་ན། 2017ལོ་ནས་བཟུང་ཐེམ་ཆེན་རྫོང་ཨུའི་འཐབ་ཕྱོགས་གཅིག་གྱུར་པུའུ་ཡིས་དགོན་པའི་གྲྭ་བཙུན་དག་གི་ཕྱོགས་ཡོངས་ཀྱི་ཆུ་ཚད་མཐོར་འདེགས་ཏང་། ཏང་དང་རྒྱལ་ཁབ་ལ་དགའ་བ་དང་། མི་དམངས་མང་ཚོགས་ལ་བློ་དཀར་བ། རང་ཉིད་ཀྱི་ཤེས་བྱའི་ཆུ་ཚད་མཐོར་འདེགས་གཏོང་ཆེད་དུ། བོད་བརྒྱུད་ནང་བསྟན་དགོན་པའི་དྲིལ་སྒྲོག་སློབ་གསོའི་ཤེས་བྱའི་འགྲན་སྡུར་སྤེལ་ཞིང་། འགྲན་སྡུར་འདི་བརྒྱུད་ནས་དགོན་སྡེའི་གྲྭ་བཙུན་དག་གིས་སློབ་སྦྱོང་དང་འགྲན་རྩོད་ཀྱི་གོ་རིམ་བརྒྱུད་ནས་སྲིད་ཇུས་ཀྱི་ཁ་ཕྱོགས་ལ་གོ་བ་ཡང་དག་པར་ལོན་པ་དང་རང་ཉིད་ཀྱི་ཕྱོགས་བསྡུས་ཤེས་བྱ་མཐོར་འདེགས་བཏང་བར་མ་ཟད། དགོན་སྡེ་ཕན་ཚུན་བར་དང་། མི་སྒེར་བར་གྱི་མཐུན་སྒྲིལ་སྔར་ལས་ཇེ་དམ་དུ་བཏང་བས། མི་རིགས་འཆམ་མཐུན་དང་སྤྱི་ཚོགས་བརྟན་བརླིང་ལ་ཁོར་ཡུག་ལེགས་པོ་ཞིག་བསྐྲུན།