ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་མཛུབ་ཁྲིད་དུ་བྱས་ཏེ། ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་གཉིས་འཚམ་མཐུན་ཡོང་པ་བྱ་དགོས། ནུབ་བྱང་དགེ་འོས་སློབ་ཆེན་གྱིས་དགེ་འོས་སློབ་མ་བགྲང་ལས་འདས་པ་བསྐྱངས་པ། གཞིས་རྩེ་གྲོང་ཁྱེར་གྱི་གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་ཚད་སྤྱི་ལེ་ཁྲི་1.7ཟིན་པ། ལོ་རྒྱུས་ཡུན་རིང་ལྡན་པའི་ཞོ་ལེགས་ཀྱི་བོད་ཤོག བོད་ལྗོངས་གཞིས་རྩེས་གླུ་ལེན་གར་འཁྲབ་ཀྱིས་གནམ་ལོ་གསར་པ་བསུ་བ། ལྕགས་ལམ་སྡེ་ཁག་གིས་སྦྲེལ་མཐུད་དྲ་བ་བརྒྱུད་ནས་ཟས་རིགས་མངག་ཉོའི་ཞབས་ཞུ་རིམ་སྤོར་བྱས་ཏེ། མེ་འཁོར་མ་བསྐོར་གོང་གི་ཆུ་ཚོད་གཅིག་གི་སྔོན་དུ་མངག་ཉོ་བྱས་ཆོག་པ། ལྷ་སའི་ཚོགས་འདུ་གཉིས། ལྷ་ས་གྲོང་ཁྱེར་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པར་གྲོས་གཞི་106འབྱོར། ལོ་གསར་གྱི་ཚོང་ར་འཁྲུག་ཆ་དོད་པོར་འགྱུར་བཞིན་ཡོད་པ། ཁྲོན་བོད་ལྕགས་ལམ་ལྷ་ས་ནས་ཉིང་ཁྲི་བར་གྱི་ལམ་བུའི་བསམ་གྲུབ་གླིང་ཕུག་ལམ་ཤར་བགྲོད་ཐུབ་པ། ཧྥ་རན་སེའི་ཙུང་ཐུང་མཱ་ཁེ་ལུང་གིས་དེ་རིང་ནས་བཟུང་རང་རྒྱལ་ལ་རྒྱལ་དོན་འཚམས་འདྲི་བྱེད་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > བོད་ཁུལ་གསར་འགྱུར།

དཀར་མཛེས་ཁུལ་གྱིས2017ལོའི་ཡ་རབས་འཆམ་མཐུན་གྱི་དགོན་པར་མིང་འདོགས་བྱང་བུ་སྤྲད།

སྤེལ་དུས 2018-05-22 ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ། རྩོམ་པ་པོ། སངས་སྐྱབས་ཀྱིས་བསྒྲིགས།
          ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ཆར། སི་ཁྲོན་ཞིང་ཆེན་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་ཏང་ཨུ་དང་ཁུལ་སྲིད་གཞུང་གིས2017ལོའི་ཡ་རབས་འཆམ་མཐུན་གྱི་དགོན་པར་མིང་འདོགས་བྱང་བུ་སྤྲོད་པའི་ཚོགས་འདུ་འཚོགས་པར་མ་ཟད། རྒྱལ་གཅེས་ཁྲིམས་སྲུང་གི་དཔེ་བཟང་གྲྭ་བཙུན་ལ་གཟེངས་བསྟོད་བྱས་པ་རེད། ཁུལ་ཨུའི་ཧྲུའུ་ཅི་ལིའུ་ཁྲེང་མིང་ཚོགས་འདུའི་ནང་ཞུགས་པར་མ་ཟད་གསུང་བཤད་གནང་བ་རེད།
          ལིའུ་ཁྲེང་མིང་གིས་རྒྱ་ཆེ་བའི་གྲྭ་བཙུན་རྣམས་ཀྱིས་ཆབ་སྲིད་ཐད་ཚད་ལོན་པ་དང་རྒྱལ་གཅེས་ཆོས་གཅེས། ཁྲིམས་དང་སྒྲིག་ལམ་བརྩི་སྲུང་། སྡོམ་སྲུང་སྒོམ་སྒྲུབ། མཐུན་སྒྲིལ་ཡར་ཐོན། ཐམས་ཅད་ལ་ཕན་ཐོགས་པ་བཅས་ཀྱི་ཚད་གཞི་དྲུག་ལ་དམིགས་ནས་དཔེ་བཟང་བྱས་ཏེ་རྒྱ་ཆེ་བའི་གྲྭ་བཙུན་དང་དད་ལྡན་མང་ཚོགས་ལ་ཏང་གི་དྲིན་གཟོ་དང་མེས་རྒྱལ་ལ་དགའ་ཞེན། ཁྲིམས་ལུགས་བརྩི་སྲུང་། འབྱོར་འབྲིང་བསྐྲུན་པར་སློབ་གསོ་དང་ཁྲིད་སྟོན་བྱས་ནས་ཆོས་ལུགས་ལས་རིགས་དང་ཁུལ་ཡོངས་ཀྱི་དབུལ་ཐར་འབྱོར་འབྲིང་བསྐྲུན་རྒྱུ་དང་ཡུན་རིང་བདེ་འགོད་ཡོང་བའི་འཕེལ་རིམ་དང་མཐུན་སྦྱོར་ཡོང་བ། སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་དང་འཕྲོད་མཐུན་ཡོང་བར་སྐུལ་འདེད་ཧུར་ཐག་གཏང་དགོས་ཞེས་ཐུགས་རེ་གནང་བ་རེད།
          ལིའུ་ཁྲེང་མིང་གིས་ནན་གསུང་གནང་དོན། ཁུལ་ཡོངས་ཀྱི་ཆོས་ལུགས་ལས་རིགས་དང་ལྷག་པར་དུ་བོད་བརྒྱུད་ནང་བསྟན་ལས་རིགས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཆོས་ལུགས་ལས་དོན་སྐོར་གྱི་རྒྱས་བཤད་གལ་ཆེན་གྱི་དགོངས་དོན་དང་། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཕེན་ཆིང་ཧྭའི་བཅའ་ཁྲིམས་ལྟར་དགོན་པ་དོ་དམ་བྱ་རྒྱུ་སྐོར་གྱི་མཛུབ་སྟོན་གལ་ཆེན་གྱི་སྙིང་དོན་ནན་ཏན་གྱིས་སློབ་སྦྱོང་དང་དྲིལ་བསྒྲགས་བྱས་ཏེ། ཁྱོན་ཡོངས་ནས་བཅའ་ཁྲིམས་དང་ཁྲིམས་སྲོལ་ལྟར་དགོན་པ་དོ་དམ་བྱེད་ཤུགས་ཆེ་རུ་བཏང་སྟེ་ཚད་ལོན་རིམ་སྤར་རིགས་འབྱེད་དོ་དམ་ལས་དོན་བྱེད་པར་གཞོགས་འདེགས་ཧུར་ཐག་བྱ་དགོས། གཅིག་ནས་ཀྲུང་གོའི་གུང་ཁྲན་ཏང་གི་འགོ་ཁྲིད་ལ་བརྩི་བཀུར་བྱས་ནས་ཐོག་མཐའ་བར་གསུམ་དུ་ཆབ་སྲིད་ཚད་ལོན་པའི་དཔེ་བཟང་བྱ་དགོས། གཉིས་ནས་མཐའ་ཚད་ཀྱི་རྩ་དོན་བརྟན་སྲུང་བྱས་ནས་ཐོག་མཐའ་བར་གསུམ་དུ་རྒྱལ་གཅེས་ཆོས་གཅེས་ཀྱི་དཔེ་བཟང་བྱ་དགོས། གསུམ་ནས་བཅའ་ཁྲིམས་ལྟར་བྱ་བ་བསྒྲུབ་རྒྱུ་རྒྱུན་འཁྱོངས་བྱས་ནས་ཐོག་མཐའ་བར་གསུམ་དུ་ཁྲིམས་སྒྲིག་ལམ་སྲུང་མཁན་གྱི་དཔེ་བཟང་བྱ་དགོས། བཞི་ནས་ཀུན་སྤྱོད་བློ་སྦྱོང་ཇེ་དྲག་ཏུ་བཏང་ནས་ཐོག་མཐའ་བར་གསུམ་དུ་སྡོམ་སྲུང་སྒོམ་སྒྲུབ་བྱེད་མཁན་གྱི་དཔེ་བཟང་བྱ་དགོས། ལྔ་ནས་སྤྱི་ཡོངས་ལ་ཧུར་ཐག་ཞུགས་ནས་ཐོག་མཐའ་བར་གསུམ་དུ་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་བཟང་བྱ་དགོས། དྲུག་ནས་མང་ཚོགས་ལ་ཞབས་ཕྱི་སྒྲུབ་གང་ཐུབ་བྱས་ནས་ཐོག་མཐའ་བར་གསུམ་དུ་ཐམས་ཅད་ལ་ཕན་པ་སྒྲུབ་མཁན་གྱི་དཔེ་བཟང་བྱ་དགོས།
          ཚོགས་འདུའི་ཐོག2017ལོའི་ཚད་ལོན་རིམ་སྤར་གྱི་ཡ་རབས་འཆམ་མཐུན་གྱི་དགོན་པའི་མིང་འདོགས་བྱང་བུ་སྤྲད་པར་མ་ཟད། 2017ལོའི་ཁུལ་རིམ་པའི་ཡ་རབས་འཆམ་མཐུན་གྱི་དགོན་པ་དང2017ལོའི་རྒྱལ་གཅེས་ཁྲིམས་སྲུང་གི་དཔེ་བཟང་གྲྭ་བཙུན་ལ་གཟེངས་བསྟོད་བྱས་པ་རེད། བྱ་དགའ་ཐོབ་པའི་སྐུ་ཚབ་ཀྱིས་གྲོས་ཚོགས་ཐོག་ཉམས་མྱོང་སྤེལ་རེས་ཀྱི་གཏམ་བཤད་བྱས་པ་རེད།།