ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་མཛུབ་ཁྲིད་དུ་བྱས་ཏེ། ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་གཉིས་འཚམ་མཐུན་ཡོང་པ་བྱ་དགོས། ནུབ་བྱང་དགེ་འོས་སློབ་ཆེན་གྱིས་དགེ་འོས་སློབ་མ་བགྲང་ལས་འདས་པ་བསྐྱངས་པ། གཞིས་རྩེ་གྲོང་ཁྱེར་གྱི་གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་ཚད་སྤྱི་ལེ་ཁྲི་1.7ཟིན་པ། ལོ་རྒྱུས་ཡུན་རིང་ལྡན་པའི་ཞོ་ལེགས་ཀྱི་བོད་ཤོག བོད་ལྗོངས་གཞིས་རྩེས་གླུ་ལེན་གར་འཁྲབ་ཀྱིས་གནམ་ལོ་གསར་པ་བསུ་བ། ལྕགས་ལམ་སྡེ་ཁག་གིས་སྦྲེལ་མཐུད་དྲ་བ་བརྒྱུད་ནས་ཟས་རིགས་མངག་ཉོའི་ཞབས་ཞུ་རིམ་སྤོར་བྱས་ཏེ། མེ་འཁོར་མ་བསྐོར་གོང་གི་ཆུ་ཚོད་གཅིག་གི་སྔོན་དུ་མངག་ཉོ་བྱས་ཆོག་པ། ལྷ་སའི་ཚོགས་འདུ་གཉིས། ལྷ་ས་གྲོང་ཁྱེར་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པར་གྲོས་གཞི་106འབྱོར། ལོ་གསར་གྱི་ཚོང་ར་འཁྲུག་ཆ་དོད་པོར་འགྱུར་བཞིན་ཡོད་པ། ཁྲོན་བོད་ལྕགས་ལམ་ལྷ་ས་ནས་ཉིང་ཁྲི་བར་གྱི་ལམ་བུའི་བསམ་གྲུབ་གླིང་ཕུག་ལམ་ཤར་བགྲོད་ཐུབ་པ། ཧྥ་རན་སེའི་ཙུང་ཐུང་མཱ་ཁེ་ལུང་གིས་དེ་རིང་ནས་བཟུང་རང་རྒྱལ་ལ་རྒྱལ་དོན་འཚམས་འདྲི་བྱེད་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > བོད་ཁུལ་གསར་འགྱུར།

རྒྱལ་ཡོངས་སྤྱིའི་བཟོ་ཚོགས་ཀྱི་རྟོག་ཞིབ་ཚན་ཆུང་གིས་མཚོ་སྔོན་ཞིང་ཆེན་བཟོ་ཚོགས་ཀྱི་བྱ་བར་བརྟག་བཤེར་ཞིབ་འཇུག་བྱས།

སྤེལ་དུས 2018-05-22 ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན། རྩོམ་པ་པོ། སངས་སྐྱབས་ཀྱིས་བསྒྲིགས།
            ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ་ལྔ་བའི་ཚེས་བཅུ་བཞི་ཉིན་ནས་ཚེས་བཅུ་བདུན་ཉིན་བར། རྒྱལ་ཡོངས་སྤྱིའི་བཟོ་ཚོགས་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི། ཏང་ཙུའུ་ཡི་ཁོངས་མི། བཟོ་ཚོགས་ཀྱི་བུད་མེད་ལས་བཟོ་བའི་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཧྲི་ཏེ་ཡིས་རྒྱལ་ཡོངས་སྤྱིའི་བཟོ་ཚོགས་ཀྱི་རྟོག་ཞིབ་ཚན་ཆུང་བཅུ་དྲུག་པ་ཁྲིད་དེ་མཚོ་སྔོན་ཞིང་ཆེན་དུ་ཡོང་ནས་བཟོ་ཚོགས་བྱ་བར་བརྟག་བཤེར་ཞིབ་འཇུག་བྱས། མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། ཞིང་ཆེན་སྤྱིའི་བཟོ་ཚོགས་ཀྱི་ཀྲུའུ་ཞི་མཱ་ཅི་ཞའོ་ཡིས་མཉམ་དུ་རྟོག་ཞིབ་བྱས།
            ཧྲི་ཏེ་སོགས་སྔ་གཞུག་ཏུ་ཀྲུང་གོ་ཆུ་གློག་ཅུའུ་བཞི་བ་དང་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་མདོག་ལྔ་བོད་ཀྱི་གཙག་དྲུབས་ཀུང་ཟི་སོགས་ཁེ་ལས་དང་ཉི་འོད་ནུས་པའི་ཐོན་ལས་ར་བ་སོགས་སུ་སོང་ནས། ཁེ་ལས་ཀྱི་ཐོན་སྐྱེད་བདག་གཉེར་དང་ལས་བཟོ་ཁེ་དབང་སྲུང་སྐྱོབ། ཐོན་ལས་བཟོ་བའི་དཔུང་སྡེ་འཛུགས་སྐྲུན་སོགས་གནས་ཚུལ་ལ་རྒྱུས་ལོན་བྱས།
            མཚོ་སྔོན་བཟོ་ཚོགས་ཀྱི་བྱ་བའི་སྙན་ཞུ་ལ་ཉན་རྗེས། ཧྲི་ཏེ་ཡིས་མཚོ་སྔོན་བཟོ་ཚོགས་ཀྱི་བྱ་བར་ཁས་ལེན་གང་ལེགས་བྱས། ཁོ་མོས་བསྟན་དོན། མཚོ་སྔོན་ཞིང་ཆེན་སྤྱིའི་བཟོ་ཚོགས་ཀྱིས་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བྱེད་པ། བཟོ་ཚོགས་ཀྱི་བཅོས་བསྒྱུར་གཏིང་ཟབ་ཏུ་སྤེལ་བ། ཐོན་ལས་བཟོ་བའི་དཔུང་སྡེ་འཛུགས་སྐྲུན་བྱེད་པ། འཆམ་མཐུན་གྱི་ངལ་རྩོལ་འབྲེལ་བ་འཛུགས་པ། ལས་བཟོ་བ་དང་མང་ཚོགས་ལ་ཞབས་འདེགས་ཞུ་བ་སོགས་ཀྱི་ཐད་ནས་བྱ་བ་མང་པོ་བསྒྲུབས་པ་མ་ཟད། གྲུབ་འབྲས་མངོན་གསལ་བླངས་ཟེར།
            ཧྲི་ཏེ་ཡིས་ནན་གྱིས་བསྟན་དོན། ལྔ་གཅིག་དུས་ཆེན་སྔ་ནུབ་ཏུ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་གོའི་ངལ་རྩོལ་འབྲེལ་བའི་སློང་གླིང་གི་ངལ་རྩོལ་དཔེ་ལེགས་ཅན་གྱི་དངོས་གཞི་འཛིན་གྲྭའི་སློབ་མར་བཏང་བའི་འཕྲིན་ལན་ལ་དོན་སྙིང་ཟབ་མོ་ལྡན་ཞིང་གོ་དོན་ཆེན་པོ་ལྡན་པ་དང་། ཏང་ཀྲུང་དབྱང་གིས་ངལ་རྩོལ་དཔེ་ལེགས་ཅན་དང་ལས་བཟོ་བར་བཅངས་པའི་སེམས་ཁུར་དང་། ངལ་རྩོལ་སྙིངས་སྟོབས་དང་དངོས་གཉེར་སྤྱོད་ཚུལ་ཐད་དད་སེམས་མཚོན་པར་བྱས་ཡོད་ལ། བཟོ་ཚོགས་ཀྱི་ལས་བྱེད་པས་སྔར་ལས་བཟང་བའི་སྒོ་ནས་དུས་རབས་གསར་བའི་འགན་འཁྲི་གསར་བ་ཕྲག་ཏུ་ལེན་པའི་ཐད་རེ་བ་ཆེན་པོ་བཅངས་ཡོད། དེ་མ་ཟད་ཕྱོགས་ལྔའི་ཐད་ནས་དུས་རབས་གསར་བར་མཚོ་སྔོན་གྱི་བཟོ་ཚོགས་བྱ་བ་བཟང་བོར་བསྒྲུབ་པའི་ཐད་རེ་བ་ཞིབ་ཕྲ་བཏོན་ཡོད་དེ། གཅིག་ནི་གཞུང་ལུགས་སློབ་སྦྱོང་ལ་སྔར་ལས་ཤུགས་སྣོན་དང་ཆབ་སྲིད་ལངས་གནས་མཐོར་འདེགས་བྱེད་དགོས། གཉིས་ནས་ངལ་རྩོལ་སྙིང་སྟོབས་དང་ལག་བཟོ་བའི་སྙིང་སྟོབས་དར་སྤེལ་གཏོང་དགོས། གསུམ་ནས་ཆབ་སྲིད་རང་བཞིན་དང་སྔོན་ཐོན་རང་བཞིན། མང་ཚོགས་རང་བཞིན་ཇེ་དྲག་ཏུ་གཏོང་བར་དམིགས་ནས་བཟོ་ཚོགས་ཀྱི་བཅོས་བསྒྱུར་གཏིང་ཟབ་ཏུ་གཏོང་དགོས། བཞི་ནས་བརྟན་བརླིང་ངང་ཐོན་ལས་བཟོ་བའི་དཔུང་སྡེ་འཛུགས་སྐྲུན་བཅོས་བསྒྱུར་སྤེལ་དགོས། ལྔ་ནས་རང་སྟེང་གི་འཛུགས་སྐྲུན་ལ་ཤུགས་བསྣན་ནས། ནུས་པ་དང་བྱང་ཚད་མཐོར་འདེགས་བྱེད་དགོས་ཟེར།