ལྷ་སའི་ས་གཙང་སྐྱེས་པའི་ལན་ཆིའུ་སྤོ་ལོ་རུ་ཁག་གིས་ཕྱི་རྒྱལ་གྱི་རུ་ཁག་དང་འགྲན་བསྡུར་ཐེངས་དང་པོ་བྱས་པ།
སྤེལ་དུས 2018-05-22
ཡོང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།
རྩོམ་པ་པོ། སངས་སྐྱབས་ཀྱིས་བསྒྲིགས།
ཟླ་5ཚེས་19ཉིན་2018ལོའི་རྒྱལ་སྤྱིའི་ལན་ཆིའུ་སྤོ་ལོའི་གདན་ཞུའི་འགྲན་བསྡུར(ཟི་ལིང་འགྲན་ཚུགས)མཚོ་སྔོན་ཞིང་ཆེན་ཟི་ལིང་གྲོང་ཁྱེར་མཚོ་སྔོན་ལུས་རྩལ་ལྟེ་གནས་ཀྱི་ཕྱོགས་བསྡུས་ཁང་དུ་འགོ་ཚུགས་པ་རེད། འགྲན་བསྡུར་ནང་ལྷ་ས་ས་གཙང་སྐྱེས་པའི་ལན་ཆིའུ་སྤོ་ལོའི་རུ་ཁག་གིས་ལི་ཐུ་ཝན་སྤྱན་སྦིར་རུ་ཁག་དང་འགྲན་བསྡུར་བྱས་ཡོད། དེ་ནི་ལྷ་ས་ས་གཙང་སྐྱེས་པའི་ལན་ཆིའུ་སྤོ་ལོའི་རུ་ཁག་གིས་ཕྱི་རྒྱལ་གྱི་རུ་ཁག་དང་འགྲན་བསྡུར་བྱེད་ཐེངས་དང་པོ་རེད། ད་རེས་ཀྱི་གདན་ཞུའི་འགྲན་བསྡུར་ནང་ཨ་རིའི་སྤྱན་སྦིར་རུ་ཁག་དང་། ལི་ཐུ་ཝན་སྤྱན་སྦིར་རུ་ཁག CBAཔེ་ཅིང་གྲོང་གསེབ་ཚོང་ལས་དངུལ་ཁང་རུ་ཁག NBLལྷ་ས་ས་གཙང་རུ་ཁག་བཅས་རུ་ཁག་བཞི་ཡོད་པ་དེ་དག་དུས་ཡུན་ཉིན་གཉིས་ཀྱི་འགྲན་བསྡུར་ནང་ཞུགས་རྒྱུ་ཡིན་ཞིང་། འདི་ནི་འགྲན་བསྡུར་བྱེད་པའི་གནས་ཚུལ་ཡིན་པ།